
དབྱར་ཁར་ཕྱི་རོལ་ཏུ་སོང་ན་སྦྲུལ་གྱིས་སོ་འདེབས་པར་ཇི་ལྟར་གཡོལ་དགོས་པའི་སྐོར་ནས་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་བྱས་ན་འདི་ལྟ་སྟེ།
དང་པོ། འགྲོ་སྐབས་ཀྱི་དོ་སྣང་བྱ་ཡུལ།
ལྷམ་ཡུ་རིང་དང་རྐང་སྣམ་མཐུག་པོ་གྱོན་དགོས་པ་ལས་འདྲུད་ལྷམ་དང་རྐང་ཐུང་གྱོན་ཏེ་རི་མགོར་མི་འགྲོ་བ།
དབྱུག་པ་སོགས་ཀྱིས་རྩྭ་སྤྲུགས་ནས་སྦྲུལ་བདའ་དགོས་ཤིང་། སྦྲུལ་ལ་རྡོག་པས་མ་བརྫིས་ན་སྤྱིར་བཏང་དུ་རང་འགུལ་ངང་མི་ལ་རྒོལ་བར་མི་བྱེད།
མཚན་མོར་ཕྱི་རོལ་ཏུ་འགྲོ་མི་རུང་སྟེ། སྦྲུལ་མང་བོ་མཚན་མོར་འགུལ་སྐྱོད་བྱེད་པ་ཡིན།
གཉིས་པ། སྒར་བཏབ་ནས་སྡོད་སྐབས་ཀྱི་དོ་སྣང་བྱ་ཡུལ།
རས་གུར་གྱི་འཐེན་སྒྲོག་དམ་པོར་བརྒྱག་དགོས་པ་དང་། མ་ཉལ་བའི་གོང་དུ་ཉལ་ཐུལ་དང་ལྷམ་ལ་ཞིབ་བཤེར་བྱ་དགོས།
ཟས་རིགས་ཀྱི་སྣོད་ཁ་དམ་པར་སྦྱར་ཏེ་ཉར་ཚགས་བྱས་ནས་ཙི་གུ་འཛུལ་བར་གཡོལ་དགོས།
གསུམ་པ། སྦྲུལ་དང་ཕྲད་ཚེ་ཇི་ལྟར་བྱ་དགོས་སམ།
སྦྲུལ་གྱིས་ཕར་རྒོལ་བར་བྱེད་པའི་ཁྱབ་ཁོངས་ལ་ཚད་ཡོད་པས། སྨི1ཡན་གྱི་བར་ཐག་བཟུང་ན་ལེགས་ཤིང་། དལ་མོར་ཕྱིར་སྣུར་བྱེད་པ་ལས། གློ་བུར་འགུལ་བ་དང་ཁ་གཙེ་མི་རུང་།
བཞི་བ། སྦྲུལ་གྱིས་སོ་བཏབ་པའི་རྨས་སྐྱོན་མང་བོ་ཞིག་སྦྲུལ་གསོད་པའི་གོ་རིམ་ཁྲོད་བྱུང་བ་ཡིན་པས། གཏན་ནས་སྒྲུབ་མི་རུང་བ་ལྔ་སྟེ།
གཅིག ཁ་ཡིས་རྨ་ཁའི་དུག་འཇིབ་མི་རུང་།
གཉིས། རྨ་ཁ་གཤགས་ནས་ཁྲག་ཕྱིར་འདོན་མི་རུང་།
གསུམ། ཁྲག་གཅོད་ཐ་གུས་དམ་པོར་སྡོམ་མི་རུང་།
བཞི། རྨ་ཁར་ཆབ་རོམ་གླན་པའམ་མེར་སྲེག་མི་རུང་།
ལྔ། ཆང་འཐུང་བའམ་རྩྭ་སྨན་གང་འདོད་དུ་སྤྱོད་མི་རུང་།
མདོར་བསྡུས་ན་འདི་དག་ལ་དོ་སྣང་བྱ་དགོས་ཏེ།
གཅིག ལྷོད་ལ་འབབ་པ་དང་མི་འགུལ་བར་བྱས་ནས་དུག་ཆུ་གཏོར་བར་གཡོལ་དགོས།
གཉིས། རྒྱན་ཆ་བླངས་ནས་རྨས་པའི་རྐང་ལག་ལེགས་པོར་སྲུང་བ་དགོས་ཏེ་སྐྲངས་རྗེས་ཁྲག་དཀོན་པའི་སྣང་ཚུལ་འབྱུང་བར་སྔོན་འགོག་བྱ་དགོས།
གསུམ། ཆུ་གཙང་མས་བཀྲུས་ཏེ་མྱུར་དུ་སྨན་ཁང་དུ་སྐྱེལ་དགོས།
བཞི། རྨ་ཁ་གཤགས་པ་དང་འཇུབ་པ། རྩྭ་སྨན་སྦྱར་བ་བཅས་བྱེད་མི་རུང་སྟེ། ནོར་འཁྲུལ་གྱི་བཅོས་ཐབས་ནི་དུག་སྦྲུལ་ལས་ཀྱང་ཉེན་ཁ་ཆེ་བ་ཡིན་པས་དོ་སྣང་བྱེད་དགོས།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།