ཁྲག་གར་པོ་ཇི་ལྟར་ཆགས་པའི་རྒྱུ་རྐྱེན།

ཁུངས། ཀློག་གྲངས།

གཞུང་ལམ་སྟེང་དུ་རླངས་འཁོར་དང་མི་ཚོགས་མང་ན་འགྲོ་སྐྱོད་ཁག་ཅིང་ལམ་ཁ་འགག་སྲིད་པ་ལྟར། མིའི་ལུས་པོའི་ཁྲག་གར་པོ་ཡིན་ན་ཁྲག་རྒྱུན་གྱི་མྱུར་ཚད་ཇེ་དལ་དུ་འགྲོ་བས། ལུས་ཕུང་གི་ཆ་ཤས་གང་རུང་དང་དོན་སྣོད་གཙོ་བོར་ཁྲག་འཁོར་རྒྱུག་མི་ཐུབ་པར་ཁྲག་དང་གསོ་རླུང་དཀོན་པའི་གནད་དོན་འབྱུང་སྲིད།

ཆེད་མཁས་པས་ཁྲག་གར་པོ་ཆགས་ཚུལ་དེ་ཆུ་ཡི་གཤེར་ཁུར་དཔེ་བཞག་ནས་འགྲེལ་བཤད་བྱས་ཡོད་དེ། དངོས་རིགས་མང་པོ་བཞུར་བའི་ཆུ་ཕོར་བ་གང་ལ་མཚོན་ན། དེའི་ཁྲོད་ཀྱི་བཞུར་དངོས་གཅིག་ཇེ་མང་དུ་འགྲོ་བའམ་ཡང་ན་ཆུ་ཇེ་ཉུང་དུ་སོང་ན། ཕོར་བའི་ནང་གི་གཤེར་ཁུའི་གར་ཚད་ཆེ་རུ་འགྲོ་བ་ཡིན།

རྒྱུ་མཚན་དེ་དང་འདྲ་བར། ཁྲག་རྒྱུན་ལ་མཚོན་ན་ཕྲ་ཕུང་དམར་པོ་དབྱིབས་འགྱུར་དང་ཁྲག་ལེབ་ཆུང་ངུའི་ཁ་གྲངས་ཇེ་མང་དུ་འགྲོ་བ། ཁྲག་ཚིལ་ཇེ་མཐོར་འགྲོ་བ། དེ་བཞིན་ལུས་པོའི་ནང་གི་ཆུའི་གྲུབ་ཆ་མི་འདང་བ་སོགས་ཀྱིས་ཁྲག་རྒྱུན་གར་པོ་ཆགས་ཀྱིན་ཡོད། ཁྲག་གར་པོ་ཆགས་ན་ཁྲག་རྩའི་ཁྲ་ལེབ་དང་ཁྲག་རེང་། ཐ་ན་སྙིང་དང་ཀླད་པའི་ཁྲག་རྩ་འགག་པ་སོགས་སྲོག་ལ་ཐུག་པའི་ནད་འགྱུར་རབ་དང་རིམ་པ་ཐོན་སྲིད།

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།