སྐྱ་གྲིབ་གཤགས་བཅོས་བྱས་རྗེས་མིག་སྐམ་པ་ནི་རྒྱུན་ལྡན་ཡིན་ནམ།

ཁུངས། ཀློག་གྲངས།

​མིག་སྐམ་པ་ནི་རྒྱུན་མཐོང་གི་མིག་ནད་ཅིག་ཡིན། སྐྱ་གྲིབ་གཤགས་བཅོས་བྱས་རྗེས་མིག་སྐམ་པའི་ནད་འབྱུང་སྲིད། སྤྱིར་བཏང་དུ་གཤགས་བཅོས་རྗེས་ཀྱི་གཟའ་འཁོར་གཅིག་ནས་ཟླ་གཅིག་གི་རིང་མིག་སྐམ་པའི་ནད་རྟགས་འབྱུང་སྲིད་ཅིང་། དེ་ནི་མིག་སྐམ་པ་དང་དུབ་པ། ཟ་འཕྲུག་ལངས་པ། མིག་དམར་པོར་འགྱུར་བ། མིག་ཆུ་བཞུར་བ་སོགས་ལས་མངོན་སྲིད།

སྐྱ་གྲིབ་གཤགས་བཅོས་བྱས་རྗེས་ཅིའི་ཕྱིར་མིག་སྐམ་པོར་འགྱུར་སྲིད་དམ་ཞེ་ན། རྒྱུན་མཐོང་གི་རྒྱུ་རྐྱེན་ལ་གཤམ་གྱི་གནད་འགའ་ཡོད་དེ།

གཅིག  ནད་པ་རང་ཉིད་ལ་མ་གཞི་ནས་ཚད་ངེས་ཅན་གྱི་མིག་སྐམ་པའི་ནད་རྟགས་ཡོད་པ་དང་། སྐྱ་གྲིབ་གཤགས་བཅོས་བྱས་རྗེས་ནད་རྟགས་སྔར་བས་ཚབས་ཆེན་དུ་འགྱུར་བ་རེད། གཉིས།  གཤགས་བཅོས་དང་འབྲེལ་བ་ཡོད་དེ། དཔེར་ན་གཤགས་བཅོས་ཁྲོད་ཀྱི་དུག་སེལ་དང་སྦྲིད་སྨན་གྱི་བཀོལ་སྤྱོད་དང་གཤགས་བཅོས་ཀྱི་རྨ་ཁའི་ཆེ་ཆུང་དང་གནས་བབ་སོགས་མིག་སྐམ་པོར་འགྱུར་བ་དང་འབྲེལ་བ་དམ་ཟབ་ཡོད། གཞན་ཡང་། ནད་པས་གཤགས་བཅོས་རྗེས་སུ་ཚ་འགོག་རིགས་ཀྱི་མིག་སྨན་བེད་སྤྱོད་བྱས་ནའང་མིག་སྐམ་པའི་ནད་འབྱུང་སྲིད།

མིག་སྐམ་པའི་ནད་ཀྱི་ནད་རྟགས་འདིའི་རིགས་བྱུང་ཚེ་སེམས་ཁུར་བྱེད་མི་དགོས། ནད་རྟགས་ཅུང་ཡང་བའི་རིགས་ཀྱིས་ཚ་འགོག་མིག་སྨན་དང་རིམས་འགོག་ཚོད་འཛིན་མིག་སྨན་སོགས་བསྟེན་རུང་། ནད་རྟགས་ཅུང་ལྕི་བའི་རིགས་ཀྱིས་གོང་གི་མིག་སྨན་དག་བཀོལ་བ་ལས་གཞན་ད་དུང་དུས་བཅད་ལྟར་སྨན་པར་བསྟེན་ནས་སྨན་བཅོས་བྱེད་དགོས་སོ།། 

རྩོམ་སྒྲིག་པ།  གཡང་མོ་སྒྲོལ་མ།