སྐྲ་དཀར་པོ་སྐྱེས་པ་ནི་རྒྱུ་རྐྱེན་འདི་རིགས་ལ་རག་ལས།

ཁུངས། ཀློག་གྲངས།

      སྐྲ་དཀར་པོ་སྐྱེས་པ་ནི་ལོ་ན་རྒས་པའི་རྐྱེན་ཁོ་ན་ཙམ་མ་ཡིན་པར། འཚོ་བཅུད་མི་འདང་བའང་རྒྱུ་རྐྱེན་གཙོ་བོ་ཞིག་སྟེ། འཚོ་བཅུད་འདང་ངེས་མེད་པ་ལ་རག་ལས་པ་ཡིན། གལ་ཏེ་ལུས་པོར་འཚོ་

བཅུད་འདང་ངེས་མེད་ན། མགོའི་སྐྲ་ལོར་འཚོ་བཅུད་འདང་ངེས་མཁོ་སྤྲོད་བྱེད་མི་ཐུབ་པས། སྐྲ་

དཀར་པོ་སྐྱེ་སླ་བ་ཡིན།

དང་པོ། སྤྱིར་སྐྲ་དཀར་པོ་སྐྱེས་པ་ནི་འཚོ་བཅུད་རིགས་འདི་གསུམ་མ་འདང་བས་ཡིན།

གཅིག སྤྲི་དཀར་རྫས། སྐྲ་སྤུས་ཞན་འགྱུར་དང་རྩུབ་པོར་འགྱུར་བ། སེར་པོར་འགྱུར་བ་ཚང་མ་ནི་དུས་རྒྱུན་སྤྲི་དཀར་རྫས་འདང་ངེས་སྡུད་ལེན་མ་བྱས་པས་ཡིན།

གཉིས། ཟངས་དང་ཏི་ཚ་སོགས་ཕྲན་ཚད་གཞི་རྒྱུའི་མ་འདང་བ། གལ་ཏེ་ཟངས་དང་ཏི་ཚ་སོགས་ཕྲན་ཚད་གཞི་རྒྱུ་འདང་ངེས་ཤིག་མཁོ་སྤྲོད་བྱེད་མ་ཐུབ་ན། ལའོ་ཨན་སྐྱུར་རྩབས་ཀྱི་གསོན་ཤུགས་ཇེ་ཞན་དུ་སོང་སྟེ། མདོག་རྒྱུ་ནག་པོ་གྲུབ་པར་གནོད་ངེས།

གསུམ། འཚོ་རྒྱུBརིགས། གལ་ཏེ་རྒྱུ་རྐྱེན་མང་བོའི་དབང་གིས་འཚོ་རྒྱུBརིགས་དཀོན་པོར་ཆགས་ན། སྐྲ་བྱི་བ་དང་སྐྲ་དཀར་པོར་འགྱུར་བ། སྐྲ་རྩུབ་ཅིང་སྐམ་པོ་ཡིན་པ་སོགས་ཀྱི་གནད་དོན་འབྱུང་།

གོང་གི་འཚོ་བཅུད་རིགས་གསུམ་པོ་མ་འདང་བའི་རྒྱུ་རྐྱེན་ཕུད། ད་དུང་སེམས་ཁམས་ཀྱི་གནོན་ཤུགས་དང་རིགས་རྒྱུད། གཟུགས་པོའི་ནད་གཞི་སོགས་ཀྱི་རྐྱེན་ལས་ཀྱང་མགོ་སྐྲ་དཀར་པོར་འགྱུར་སྲིད།

ལོ་ཆུང་ཚོའི་སྐྲ་དཀར་པོར་འགྱུར་བའི་རྒྱུ་རྐྱེན་ལ། རིགས་རྒྱུད་དང་ཕོ་བའི་ནད། སྙིང་རྩའི་ནད། སེམས་ཁམས་ཀྱི་གནོན་ཤུགས། གཉིད་མི་འདང་བ། ལུས་རྩལ་ལ་མི་དགའ་བ་སོགས་ཡོད།

དེ་མིན་བཤད་སྲོལ་ཞིག་ལ། སྐྲ་དཀར་བལ་ན་ཇེ་མང་དུ་འགྲོ་ཟེར་བ་བདེན་པ་མིན་ཞིང་། སྐྲ་དཀར་པོ་སྐྱེས་པི་ནི་འབལ་མིན་དང་འབྲེལ་བ་མེད།

གཉིས་པ། སྐྲ་དཀར་ཇི་ལྟར་ཇེ་ཉུང་དུ་གཏོང་དགོས་སམ་ཞེ་ན།

ཁྱོད་ཀྱི་གནག་ཅིང་སྣུམ་པའི་སྐྲ་ལོ་ཡུན་རིང་ལ་གནས་བསམས་ན། འཚོ་བའི་གོམས་གཤིས་ཡག་པོ་འདི་དག་ཆགས་དགོས་པ་སྟེ།

གཅིག བཟའ་བཏུང་ཐད་རིགས་སྣ་ཕུན་སུམ་ཚོགས་པ་དང་འཚོ་བཅུད་སྙོམས་པོ་ཡོད་པ།  སྐྲ་སྐྱེ་བར་མཁོ་བའི་འཚོ་བཅུད་གསབ་པ། དུས་རྒྱུན་སྲོག་ཆགས་ཀྱི་མཆིན་པ་དང་ཤ་མོའི་རིགས། ཤིང་ཏོག་གི་ནང་སྙིང་། ཁམ་བུ། ཡུག་པོ་སོགས་ཟངས་རྒྱུ་ཕུན་སུམ་ཚོགས་པའི་ཟས་རིགས་མང་ཙམ་བཟའ་དགོས།

གཉིས། རྒྱུན་དུ་གཉིད་ཆག་པའི་ལས་ཀ་མི་སྒྲུབ་པར། ཆོས་ཉིད་ལྡན་པའི་ངང་ལས་ཀ་དང་ངལ་གསོ་བྱ་དགོས།

གསུམ། སྐྲ་ལ་ཉི་འོད་སོགས་ཚད་ལས་བརྒལ་བའི་སྨུག་ཕྱིའི་འོད་ཀྱི་གནོད་པ་ཐེབས་པར་སྔོན་འགོག་བྱ་དགོས།

བཞི། གནོན་ཤུགས་སེལ་ཐབས་བྱས་ནས། དུས་ཐོག་ཏུ་སེམས་ཁམས་སྙོམ་སྒྲིག་གང་ལེགས་བྱ་དགོས།

རྩོམ་སྒྲིག་པ།  གཡང་མོ་སྒྲོལ་མ།