
ཁ་ནང་བདེ་ཐང་དང་ལུས་པོའི་བདེ་ཐང་བར་འབྲེལ་བ་ཟབ་མོ་ཡོད་པས། ཚད་ལྡན་གྱི་སོ་འཁྲུད་སྟངས་རྒྱུན་འཁྱོངས་བྱས་ན་སོ་རུལ་བ་དང་སོ་མཐའི་ནད་འབྱུང་བར་སྔོན་འགོག་བྱེད་ཐུབ་པར་མ་ཟད། ཁ་ནང་གཉན་ཚད་ཀྱིས་བསླངས་པའི་སྙིང་ཁམས་ཁྲག་རྩའི་གནད་དོན་ཡང་ཇེ་ཉུང་དུ་གཏོང་ཐུབ། འོན་ཀྱང་མི་མང་ཆེ་བའི་དུས་རྒྱུན་གྱི་སོ་འཁྲུད་སྟངས་ལ་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད།
སོ་ནད་ཚན་ཁག་གི་དབང་གྲགས་ཚན་སྤེལ་ཚད་གཞི་ལས་བསྟན་པ་ལྟར་ན། རྒྱུན་པར་ནངས་དགོང་ལ་སོ་བཀྲུ་དགོས་པ་དང་། ཟས་ཐུན་གསུམ་ཟོས་རྗེས། སྔོན་ལ་ཆུ་གཙང་མས་ཁ་བཤལ་བ་དང་དེ་ནས་སྐར་མ30འགོར་རྗེས་སོ་བཀྲུ་དགོས། ཟས་རིགས་ཁྲོད་ཀྱི་སྐྱུར་གཤིས་དངོས་པོས་སོ་རྩི་མཉེན་པོར་བཟོ་སྲིད་པས། ཟ་མ་ཟོས་རྗེས་མྱུར་དུ་སོ་བཀྲུས་ན་སོ་ལ་བརྡར་ཟད་ཐེབས་སླ་བ་དང་། སོ་འཁྲུད་ཐེངས་གཅིག་གི་དུས་ཡུན་སྐར་མ་གཉིས་ལས་ཉུང་མི་རུང་ལ། ཆ་རྐྱེན་ཡོད་ན་དྲོས་ཇ་འཐུངས་རྗེས་ཡང་བསྐྱར་ཐེངས་གཅིག་བཀྲུ་དགོས།
སོ་སྲུང་སྐབས་སྔོན་ལ་ཚད་གཞིར་མཐུན་པའི་ཧྥུལ་འདུས་སོ་སྨན་གདམ་དགོས། ཁ་ནང་གི་དགོས་མཁོར་གཞིགས་ནས་ཕན་ནུས་ལྡན་པའི་སོ་སྨན་བརྗེ་རེས་བྱས་ནས་བཀོལ་བ་དང་། བྱིས་པས་ཧྥུལ་འདུས་སོ་སྨན་སྤྱོད་ཚད་ལ་ཚོད་འཛིན་ནན་མོ་བྱས་ཏེ་ཐད་ཀར་མིད་མི་རུང་། སོ་འཁྲུད་སྐབས་ཅི་ཐུབ་ཀྱིས་ཆུ་དྲོན་མོ་བཀོལ་བ་ལས། གྲང་དྲགས་པའམ་ཚ་དྲགས་པའི་ཆུ་ཡིས་སོ་རྙིལ་ལ་གནོད་པ་བཟོས་ནས། ཁྲག་ཐོན་པ་དང་སོ་མི་བདེ་བ་སོགས་སློང་སྲིད་པ་དང་། ཡུན་རིང་གི་དྲོད་ཁྱད་ཀྱི་གནོད་པས་སོའི་རྒྱུན་ལྡན་གྱི་རྙིང་ཚབ་གསར་བྱེད་ལ་ཤུགས་རྐྱེན་ཐེབས་སྲིད།
དོ་སྣང་བྱེད་དགོས་པ་ཞིག་ནི་སོ་བཀྲུས་རྗེས་སོ་བཀྲུ་གཙང་མར་བཀྲུས་ནས་བསྐམ་དགོས་ཏེ། སོ་བཀྲུའི་མགོ་རླུང་རྒྱུ་སའི་སྐམ་སར་འཇོག་དགོས་པ་དང་སྤྱིར་བཏང་གི་སོ་བཀྲུ་ཟླ་གསུམ་རེར་ཐེངས་གཅིག་བརྗེ་དགོས།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།