
ཡང་དག་པའི་སྒོ་ནས་ཆུ་འཐུང་བ་ནི་བལྟས་ཚོད་ཀྱིས་ལས་སླ་མོ་ཞིག་ཡིན་མོད། དོན་དངོས་སུ་དེར་
ཤེས་བྱ་མི་ཉུང་བ་ཞིག་ཡོད། འཚོ་བའི་ཁྲོད་མི་མང་བོར་ཆུ་འཐུང་བའི་གོམས་གཤིས་མི་ལེགས་པ་ཡོད་པས་དེ་དག་དུས་ཐོག་ཏུ་བསྒྱུར་དགོས། དེ་ལས་གཞན་གལ་ཏེ་ཆུ་འཐུང་བའི་དུས་ཚོད་དམ་འཛིན་ཡག་
པོ་བྱས་ན། ཆུ་ཁ་གསབ་ཀྱི་ཕན་འབྲས་ཀྱང་སྔར་བས་ལེགས་སྲིད།
དང་པོ། ཆུ་འཐུང་བའི་ནོར་འཁྲུལ་འདི་གསུམ་ལས་གཡོལ་དགོས།
གཅིག ཆུ་ཧབ་འཐུང་བྱེད་པ།
འཐུང་ཐེངས་གཅིག་གིས་ཆུ་མང་བོ་འཐུངས་ན་ལུས་པོའི་ཁུར་བོ་ཇེ་ལྕི་རུ་འགྲོ་སྲིད། ཐེངས་རེར་ཧའོ་ཧྲེང150-200འཐུང་དགོས་པ་དང་། ཆུ་ཚོད1ནས2ཀྱི་མཚམས་རེར་ཆུ་འཐུངས་ན་རབ་ཡིན།
གཉིས། ཆུ་འཁྱགས་དང་ཆུ་གྲང་མོ་འཐུང་བར་དགའ་བ།
ཆུ་གྲང་མོས་ཕོ་རྒྱུར་མི་བདེ་བ་བཟོ་སླ་ཞིང་། ཕོ་བ་ན་བ་དང་བཤལ་བ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད་པས།རྒྱུན་པར་དྲོད་ཚད35℃-40℃ཡིན་པའི་ཆུ་དྲོན་མོ་བདམས་ན་ལུས་པོར་ཤིན་ཏུ་འཚམ།
གསུམ། སྐོམ་རྗེས་ད་གཟོད་ཆུ་འཐུང་བ།
སྐོམ་པའི་ཚོར་བ་འབྱུང་སྐབས། ལུས་པོར་ཆུ་ཅུང་དཀོན་པའི་རྣམ་པར་གནས་ཡོད། དུས་རྒྱུན་རང་འགུལ་ངང་དུས་བཅད་ལྟར་ཆུ་འཐུང་བའི་གོམས་གཤིས་ཆགས་དགོས་པ་ལས། སྐོམ་རྗེས་ད་གཟོད་ཆུ་འཐུང་བ་ནི་ཚན་རིག་དང་མཐུན་པ་ཞིག་མིན།
གཉིས་པ། ཆུ་འཐུང་བའི་དུས་ཚོད་ཡག་ཤོས་གསུམ།
གཅིག ཞོགས་པར་ལྟོ་སྟོང་དུ་ཆུ་དྲོན་མོ་ཕོར་བ་གང་འཐུང་བ།
ཞག་གང་བོར་གཉིད་ལོག་པས་ལུས་པོའི་ཆུ་མི་ཉུང་བ་ཞིག་ཤོར་ཡོད། ཞོགས་པར་ཡར་ལངས་ཏེ་ཆུ་དྲོན་མོ་ཕོར་བ་གང་འཐུངས་ན། ཆུ་ཁ་གསབ་དང་རྒྱུ་ལམ་གཙང་མ་བྱེད་ཐུབ།
གཉིས། སྔ་དྲོའི་ཆུ་ཚོད10དང་ཕྱི་དྲོའི་ཆུ་ཚོད3ཡས་མས་ལ་ཆུ་འཐུང་བ།
ལས་ཀའི་ཁོམ་ལོང་དང་འཚོ་བའི་བར་གསེང་ནས། དུས་ཐོག་ཏུ་ཆུ་ཆ་ཁ་གསབ་བྱས་ན་ལུས་སྟེང་གི་ཆུ་དོ་མཉམ་ཡོང་བར་རོགས་རམ་བྱེད་ཐུབ།
གསུམ། མ་ཉལ་གོང་གི་ཆུ་ཚོད་གཅིག་གི་སྔོན་ལ་ཆུ་དྲོན་མོ་ཕོར་བ་ཕྱེད་ཀ་འཐུང་བ།
འདིས་མཚན་མོར་མཁོ་བའི་ཆུ་ཁ་གསབ་བྱེད་ཐུབ་མོད། འོན་ཀྱང་ཆུ་མང་པོ་འཐུང་ན་མི་ལེགས་པས། དེ་ལ་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེའོ།།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།