དཀར་ཟས་བསྟེན་ན་མཆིན་པ་ཚིལ་འགྱུར་ནད་སྔོན་འགོག་དང་བཅོས་ཐུབ་བམ།

ཁུངས། ཀློག་གྲངས།

​  སྤྱིར་སྔོ་ཚལ་དང་སིལ་ཏོག་མང་ཙམ་ཟས་ན་མཆིན་པ་ཚིལ་འགྱུར་གྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། འོན་ཀྱང་དཀར་ཟས་ཁོ་ནར་བསྟེན་ན་མཆིན་པ་ཚིལ་འགྱུར་སྔོན་འགོག་དང་སྨན་བཅོས་བྱེད་མི་ཐུབ་པས། འདི་ནི་རྒྱུན་མཐོང་གི་ནོར་འཁྲུལ་ཞིག་རེད། མི་ཚོགས་ཉིས་འབུམ་དྲུག་ཁྲི་ལྷག་ལ་ཁྱབ་པའི་མ་ལག་ཕྱོགས་བསྡུས་དང་མཉམ་འདུས་དབྱེ་ཞིབ་བྱས་པ་ལས་ཤེས་རྟོགས་

བྱུང་བར་གཞིགས་ན། ཤིང་ཏོག་དང་སྔོ་ཚལ་ཟ་ཚད་དེ་ཆང་བཅུད་རང་བཞིན་མིན་པའི་མཆིན་པ་ཚིལ་འགྱུར(NAFLD)གྱི་ཉེན་ཁ་དང་འབྲེལ་བ་མངོན་གསལ་དོད་པོ་ཡོད་དེ། ཉིན་རེར་སྔོ་ཚལ་དང་ཤིང་ཏོག་ཁེ100མང་ཙམ་ཟས་ཚེ་མཆིན་པ་ཚིལ་འགྱུར་བྱུང་བའི་ཉེན་ཁ་སོ་སོར12%དང8%ཡས་མས་ཀྱིས་ཇེ་ཆུང་དུ་འགྲོ་བཞིན་ཡོད་པ་རེད།

འོན་ཀྱང་ཞིབ་འཇུག་གིས་དུས་མཚུངས་སུ་བསྟན་དོན། སྲུང་སྐྱོབ་ནུས་པ་དེ་རིགས་བཟའ་བཏུང་གི་གྲུབ་ཆ་ཧྲིལ་པོར་བརྟེན་པ་ལས་དཀར་ཟས་རྐྱང་པ་ཞིག་མིན། གལ་ཏེ་བཟའ་བཏུང་ཁྲོད་ཐཱན་ཆུའི་ཟས་རིགས(དཔེར་ན་འབྲས་དཀར་དང་གྲོ་ཕྱེ་ལྟ་བུ)དང་། ཤིང་ཏོག་མངར་ཆའི་བཏུང་བྱ། སྣུམ་བཙོས་དཀར་ཟས་སོགས་ལ་བརྟེན་དྲགས་པ་སྟེ། ཤ་རྩ་བ་ནས་མ་ཟས་ནའང་མཆིན་པ་ཚིལ་འགྱུར་འབྱུང་བའམ་ཡང་ན་ཇེ་ལྗིད་དུ་འགྲོ་སྲིད།

མཆིན་པ་ཚིལ་འགྱུར་གྱི་གནད་འགག་ནི་ཚ་ཚད་ལྷག་མ་དང་རྙིང་ཚབ་གསར་བརྗེའི་ནུས་པ་འཁྲུག་པ་ལས་བྱུང་བ་ཞིག་ཡིན་པ་ལས། ཤ་རིགས་ཁོ་ན་ཟས་པ་ཙམ་གྱིས་བྱུང་བ་ཞིག་མིན། མངར་ཆ་མཐོ་བ་དང་སྣུམ་ཆེ་བ། ཡུན་རིང་སྡོད་པ། ཚོ་དྲགས་པ།  གཤེར་མའི་ཕུང་རྩི་འགོག་པ་སོགས་ནི་རྩ་བའི་རྒྱུ་རྐྱེན་ཡིན།

ཞིབ་འཇུག་ལས་མངོན་པ་ལྟར་ན། དུས་ཡུན་རིང་བོར་དཀར་ཟས་ལ་བསྟེན་མཁན་གྱིས་སྤྲི་དཀར་རྫས་བསྡུ་ལེན་བྱས་པ་མ་འདང་ན། ཤ་གནད་ཇེ་ཉུང་དང་རྨང་གཞིའི་བརྗེ་ཚབ་ཀྱི་ཚད་ཇེ་དམའ་རུ་སོང་ནས་ལྡོག་ཕྱོགས་ཀྱི་མཆིན་པའི་ཚིལ་སྤུངས་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།

“དཀར་ཟས་ལ་བསྟེན་ན་མཆིན་པ་ཚིལ་འགྱུར་འགོག་ཐུབ”ཅེས་པའི་བཤད་ཚུལ་ནི་སྟབས་བདེ་བའི་བཤད་ཚུལ་ཞིག་ཡིན་པ་ལས། དེའི་གནད་འགག་ནི་དཀར་ཟས་དང་དམར་ཟས་ལ་བསྟེན་པ་ལས་ཐག་གཅོད་ཐུབ་པ་ཞིག་མིན་པར།  སྤྱི་ཡོངས་ཀྱི་འཚོ་བཅུད་བསྡུར་ཚད་དང་རྙིང་ཚབ་གསར་བརྗེ་དོ་མཉམ་ཡོང་བར་ཐུག་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་ཚ་ཚད་ཚོད་འཛིན་དང་། མངར་ཆ་དང་སྣུམ་བསྡུ་ལེན་བྱེད་ཚད་ཇེ་ཉུང་དུ་གཏོང་བ། བཟའ་བཅའི་ཚི་སྣ་དང་འགུལ་སྐྱོད་ཇེ་མང་དུ་གཏོང་བ་བཅས་ནི་ད་གཟོད་ཡང་དག་པའི་ཐབས་ལམ་རེད། 

རྩོམ་སྒྲིག་པ།  གཡང་མོ་སྒྲོལ་མ།