
ཉེ་ཆར།2027ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དངུལ་སྤྲོད་བྱེད་འགོ་བརྩམས། གཅིག་བསྡུས་ཀྱིས་སྨན་བཅོས་འགན་བཅོལ་གྱི་དངུལ་སྤྲོད་པའི་དུས་ཡུན་ནི།2026ལོའི་ཟླ10པའི་ཚེས16ཉིན་ནས2027ལོའི་ཟླ1པའི་ཚེས31ཉིན་བར་ཡིན། 2026ལོའི་ཟླ10པའི་ཚེས16ཉིན་ནས་ཟླ12པའི་ཚེས31ཉིན་བར་དངུལ་སྤྲད་ཟིན་པའི་གྲོང་མིས2027ལོའི་ཟླ1པོའི་ཚེས1ཉིན་ནས་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་བྱ་ཐུབ།
2027ལོའི་ཟླ1པོའི་ཚེས1ཉིན་ནས་ཟླ1པོའི་ཚེས31ཉིན་བར་དངུལ་སྤྲད་པའི་གྲོང་མིས་ཉིན་དེ་ནས་བཟུང་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་བྱ་ཐུབ།
2027ལོའི་ཟླ2པའི་ཚེས1ཉིན་ནས་ཟླ6པའི་ཚེས30ཉིན་བར་དངུལ་སྤྲད་པའི་གྲོང་མིས་ཉིན་དེ་ནས་བཟུང་ཟླ་གསུམ་གྱི་རྗེས་སུ་ད་བཟོད་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་བྱ་ཐུབ། 2027ལོའི་ཟླ7པའི་ཚེས1ཉིན་གྱི་རྗེས་སུ་དངུལ་སྤྲད་ན། ནོར་སྲིད་ཀྱི་ཁ་གསབ་སྒོར724དང་རང་ཉིད་ཀྱིས་སྤྲོད་དགོས་པའི་སྒོར400ཚང་མ་རང་ཉིད་ཀྱིས་འགན་འཁུར་དགོས། དེ་མིན་གྲོན་དངུལ་སྤྲད་པའི་ཉིན་ནས་ཟླ་གསུམ་འགོར་རྗེས་ད་གཟོད་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་བྱ་ཐུབ། སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་དུས་ཐོག་ཏུ་ལོངས་སྤྱོད་བྱེད་པ་ཁག་ཐེག་བྱ་ཆེད། སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གྲོང་མིས2026ལོའི་ཟླ12པའི་ཚེས31ཉིན་གྱི་སྔོན་ལ་སྨན་བཅོས་འགན་བཅོལ་གྱི་དངུལ་སྤྲོད་དགོས།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།