
འཚོ་རྒྱུCཡི་འདུས་ཚད་ཚ་ལུ་མ་ལས་ལྡབ་བཅུ་ཕྲག་གིས་མཐོ་བའི་སིལ་ཏོག་ཅིག་ཐོས་མྱོང་ངམ། དེ་ནི་ཕྱི་དབྱིབས་ཆུང་ཞིང་བྲོ་བ་སྐྱུར་ལ་མངར་བའི་སིལ་ཏོག་ལི་ཚེར་མ(刺梨)རེད། དེ་ནི་མཐོ་
སྒང་དུ་དམིགས་བསལ་དུ་ཡོད་
པའི་རི་སྐྱེས་སིལ་ཏོག་ཅིག་ཡིན་ལ། “འཚོ་རྒྱུCཡི་རྒྱལ་པོ”ཞེས་བརྗོད་ཀྱིན་ཡོད། སིལ་ཏོག་གཞན་པའི་འཚོ་རྒྱུCཡི་འདུས་ཚད་ནི་ལི་ཚེར་མ་དང་རྩ་བ་ནས་བསྡུར་ཐབས་མེད་དེ། སྤྲེལ་ཁམ་དང་ཙོ་རིལ། ཚ་ལུ་མ། ཤིང་ཏོག་ལེ་མོན་བཅས་དང་བསྡུར་ན། ལི་ཚེར་མའི་འཚོ་རྒྱུCཡི་འདུས་ཚད་ལྡབ་བཅུ་ཕྲག་གིས་མཐོ་བ་སྟེ། ཚ་ལུ་མའི་ལྡབ་དོན་བརྒྱད་ཙམ་ཡིན།
དེའི་ཕྱིར། གལ་ཏེ་འཚོ་རྒྱུCམང་བོ་སྡུད་ལེན་བྱས་ཏེ། དབྱང་འགྱུར་འགོག་པ་དང་གཉན་ཚད་འགོག་པ། རིམས་འགོག་མ་ལག་གི་རྒྱུན་ལྡན་བྱ་བར་ཁག་ཐེག་བྱེད་པ་སོགས་ཐད་ཀྱི་ཕན་འབྲས་ཐོབ་འདོད་ན། ལི་ཚེར་མ་ནི་མི་རྣམས་ཀྱི་འདེམ་གསེས་ལེགས་ཤོས་ཤིག་ཡིན།
འོན་ཀྱང་ཚང་མར་དྲན་སྐུལ་བྱ་རྒྱུ་ཞིག་ནི། འཚོ་བཅུད་སྣ་གཅིག་ཁ་གསབ་བྱེད་པ་དང་བསྡུར་ན། གལ་ཆེ་བ་ནི་བདེ་ཐང་གི་འཚོ་བ་རོལ་སྟངས་ཤིག་ཆགས་པར་བྱ་རྒྱུ་དེ་ཡིན་པས། འཚོ་རྒྱུCཁ་གསབ་བྱེད་པ་ཁོ་ནར་བརྟེན་ནས་ནད་རིགས་ཐམས་ཅད་སྔོན་འགོག་བྱ་རྒྱུའི་རེ་བ་འཆང་མི་རུང་།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།