གློག་ཀླད་དང་ཁ་པར་གྱི་འགྱེད་འཕྲོ་ཡིས་ཨོལ་རྨེན་འབྲས་སྐྲན་སློང་སྲིད་དམ།

ཁུངས། ཀློག་གྲངས།

​  གློག་ཀླད་དང་ཁ་པར་ནི་མི་རྣམས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། ལམ་དུ་འགྲོ་

སྐབས་ཀྱང་ཁ་པར་བཀོལ་དགོས་པ་ནི་རྒྱུན་ལྡན་ཞིག་ཡིན། མི་ལ་ལས་དོན་དངོས་སུ་གློག་ཀླད་དང་ཁ་པར་གྱི་འགྱེད་འཕྲོ་ཆེ་མིན་དང་དེས་ཨོལ་རྨེན་འབྲས་སྐྲན་སློང་སྲིད་མིན་སྐོར་འདྲི་བ་རེད། དེ་ལ་ཀྲུང་གོའི་སྐྲན་འགོག་མཐུན་ཚོགས་ཚན་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ནང་སོག་རང་སྐྱོང་ལྗོངས་ཀྲུང་ལུགས་གསོ་རིག་སྨན་ཁང་གི་སྨན་པ་འབུམ་རམས་པ་ཀེང་ཀང་གིས་གློག་ཀླད་དང་ཁ་པར་གྱི་འགྱེད་འཕྲོ་མི་ཆེ་བས་མིག་སྔར་དེས་འབྲས་སྐྲན་སློང་སྲིད་པའི་བདེན་དཔང་ཆ་ཚང་ཞིག་རྙེད་མེད་པར་བསྟན།

གློག་ཀླད་དང་ཁ་པར་གྱི་འགྱེད་འཕྲོ་ནི་གློག་གྱེས་འགྱེད་འཕྲོ་མིན་པས། དེའི་ནུས་ཚད་ཧ་ཅང་དམའ་ལ། Xའོད་སོགས་གློག་གྱེས་འགྱེད་འཕྲོ་དང་བསྡུར་ན་ངོ་བོའི་ཐད་ཁྱད་པར་ཡོད་པས། ཕྲ་ཕུང་དངDNAལ་གཏོར་བརླག་བྱེད་མི་ཐུབ། ད་དུང་བཤེར་འཇལ་དངོས་ལས་མངོན་པ་ལྟར་ན། ཁ་པར་གཏོང་སྐབས་ཀྱི་འགྱེད་འཕྲོའི་གྲངས་ཐང་མཐོ་ཤོས་དང་གློག་ཀླད་ཀྱི་ཁྱབ་འགྱེད་གྲངས་ཐང་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ཚད་གཞི་ལས་དམའ་བ་རེད།

ཀེང་ཀང་གིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་གཙོ་གྲས་གསོ་རིག་ལས་རིགས་ཀྱི་ཐུན་མོང་གི་ངོས་འཛིན་ནི། ཉིན་རྒྱུན་སྤྱོད་བཞིན་པའི་ཁ་པར་དང་གློག་ཀླད་ཀྱིས་མིའི་བདེ་ཐང་ལ་གནོད་འཚེ་བཟོ་བའི་བདེན་དཔང་ཆ་ཚང་ཞིག་རྙེད་མེད་པ་དེ་རེད། དབང་གྲགས་ལས་ཁུངས་ཀྱིས་ཞིབ་འཇུག་གི་འབྲས་བུ་མང་བོ་དག་ལ་མ་ལག་ཅན་གྱི་ཕྱིར་ལྟ་བྱས་རྗེས། རྒྱུན་ལྡན་གྱི་འཕྲོ་ཟློས་གློག་སྡུད་ར་བ་ཕྱིར་མངོན་པ(དཔེར་ན་ཁ་པར་སོགས་སྐུད་མེད་སྒྲིག་ཆས་ལས་བྱུང་བའི་འགྱེད་འཕྲོ་ལྟ་བུ)དང་ཨོལ་རྨེན་འབྲས་སྐྲན་བར་དུ་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་མེད་པར་བསྟན།

ཀེང་ཀང་གིས“དངོས་གནས་དོ་སྣང་བྱ་དགོས་པ་ཞིག་ནི། དུས་ཡུན་རིང་བོར་གློག་རྡུལ་སྒྲིག་ཆས་སྤྱད་ན་མིག་ལ་ངལ་དུབ་དང་། སྐེ་ཚིགས་ན་བ་དང་སྒལ་ཚིགས་མི་བདེ་བ་སོགས་འབྱུང་བར་མ་ཟད། ད་དུང་ཡུན་རིང་ཙོག་པུར་བསྡད་པ་དང་མཚན་ཕུད་བྱས་ནས་གློག་རྡུལ་སྒྲིག་ཆས་སྤྱད་ནའང་བདེ་ཐང་ལ་གནད་དོན་འབྱུང་སྲིད་པ”བསྟན། 

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།