
སྔུར་བ་འཐེན་པ་ནི་མི་ཚོགས་ཁྲོད་ཡོངས་ཁྱབ་ཆེ་བའི་སྣང་ཚུལ་ཞིག་ཡིན་ལ། ཧ་ལམ་མི་ཚང་མས་སྔུར་བ་འཐེན་མྱོང་ཡོད་སྲིད། མི་མང་པོ་ཞིག་གིས་ སྔུར་བ་འཐེན་པ་ནི་གཉིད་སྐྱིད་པོ་ཁུག་ཡོད་པར་བརྩིས་ནས། དུས་ཡུན་རིང་པོར་སྔུར་བ་འཐེན་ཡང་དོ་སྣང་ཆེན་པོ་བྱེད་ཀྱིན་མེད།
ཡིན་ནའང་རྟག་ཏུའམ་ཡང་ན་སྔུར་བ་འཐེན་པ་ཚབས་ཆེ་བའི་མི་ཚོགས་ཁྲོད་དུ། བདེ་ཐང་གི་མངོན་མེད་རྐྱེན་ངན་གནས་ཡོད་སྲིད་ཅིང་། མི་ལ་ལས་ཐ་ན་བསྡོངས་ནད་ཐོན་ཡང་གནད་དོན་གྱི་ཚབས་ཆེན་རང་བཞིན་ཤེས་རྟོགས་བྱུང་མེད། མི་ཚོགས་དེ་རིགས་ལ་མཚོན་ན་སྔུར་བ་འཐེན་པ་ལས་ནད་རིགས་ཤིག་སློང་སྲིད་པར་དོ་སྣང་བྱེད་དགོས་པ་སྟེ། དེ་ནི་འགག་པའི་རང་བཞིན་གྱི་གཉིད་ཉལ་དབུགས་རྒྱུན་མཚམས་ཆདOSAཡིན། ནད་ཡམས་རིག་པའི་བརྟག་དཔྱད་བྱས་པ་གཞིར་བཟུང་ན། རང་རྒྱལ་དུ་ཧ་ལམ་གཉིད་ཉལ་དབུགས་རྒྱུན་མཚམས་ཆདOSAཕོག་པའི་ནད་པ་དུང་ཕྱུར1.76ཙམ་ཡོད།
གཅིག སྔུར་བ་ཅི་ལྟར་བྱུང་བ་ཡིན་ནམ།
སྤྱིར་སྔུར་བ་འཐེན་པའི་འབྱུང་རྐྱེན་ལ་རྒྱུ་མཚན་མང་པོ་ཡོད། དབུགས་ལམ་གོང་མའི་འགོག་ཤུགས་ཇེ་ཆེར་སོང་ཚེ། གྲེ་བའི་གནས་ཀྱི་ལྕེ་རྩ་དང་རྐན་ཕུག་སོགས་མཉེན་ཕུང་གྲུབ་ལྷོད་གཡེང་བའི་རྣམ་པར་གནས་སྐབས། འོག་ཕྱོགས་སུ་རྡིབ་པ་དང་དབུགས་འབྱིན་རྔུབ་བྱེད་སྐབས་དབུགས་རྒྱུན་ནི་དབུགས་ལམ་གྱི་དོག་ས་བརྒྱུད་ནས་འགྲོ་བའི་གོ་རིམ་ཁྲོད། ཕུང་གྲུབ་འདར་འགུལ་བྱུང་སྟེ་སྒྲ་ཐོན་པ་དང་། དེ་ལ་སྔུར་བ་འཐེན་པ་ཞེས་བརྗོད་ཀྱིན་ཡོད། དབུགས་ལམ་ཅི་ལྟར་དོག་ན་དབུགས་རྒྱུན་དེ་ལྟར་དྲག་པོ་ཡོད་ཅིང་། ཕུང་གྲུབ་ཀྱི་འདར་འགུལ་ཡང་སྔར་བས་མངོན་གསལ་ཡིན་ལ། སྔུར་སྒྲ་ཡང་ཇེ་ཆེ་ནས་ཇེ་ཆེར་འགྲོ་བ་ཡིན།
ཡིན་ནའང་སྔུར་བ་ཡོད་ཚད་ཀྱིས་ལུས་ཕུང་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་ངེས་པ་མེད། མི་སྐོར་ཞིག་གིས་སྔུར་སྒྲ་ཡོད་ནའང་གཉིད་ཉལ་གྲུབ་ཚུལ་ལེགས་པོ་ཡོད་ཅིང་། དབྱང་དབུགས་མི་འདང་པའི་གནས་ཚུལ་མེད། སྐབས་དེར་ལུས་ཕུང་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཀྱིན་མེད།
གཉིས། དབུགས་ལམ་གོང་མའི་འགོག་ཤུགས་ཆེ་དྲགས་པའི་སྐབས།
དབུགས་རྔུབ་པའི་སྐབས་སུ་དབུགས་ལམ་སྔར་བས་ཇེ་དོག་ཏུ་འགྲོ་ཞིང་། ཐ་ན་ཡོངས་སུ་འགག་སྟེ་དབུགས་རྒྱུན་དབུགས་ལམ་དུ་བདེ་བླག་ངང་རྒྱུ་མི་ཐུབ། དཔེར་ན་ཆུ་སྦུག་འགག་པའི་སྐབས་སུ་ཆུ་རྒྱུན་ཇེ་ཆུང་དུ་འགྱུར་བ་དང་ཐ་ན་ཆུ་རྒྱུན་ཡོངས་སུ་ཆད་པ་དང་འདྲ། དེ་ལྟར་ཁྲག་རྒྱུན་ཁྲོད་ཀྱི་དབྱང་རླུང་འདུས་ཚད་ཇེ་དམའ་རུ་འགྲོ་བ་དང་། གློ་བུར་ཏུ་གཉིད་ལས་དཀྲོགས་ཤིང་། དབུགས་ལམ་ཡང་བསྐྱར་ཕྱེ་ནས་དབུགས་འབྱིན་རྔུབ་བྱེད་དུ་འཇུག་པ་ཡིན། གཉིད་ལས་དཀྲོགས་པའི་དུས་ཚོད་དེ་རིགས་རྒྱུན་ལྡན་དུ་ཤིན་ཏུ་ཐུང་བ་དང་ལ་ལ་ཞིག་ང་ཚོས་བརྗེད་འགྲོ་བ་ཡིན། རྣམ་པ་དེ་རིགས་ཐེངས་མང་པོར་རྒྱུན་མཐུད་མ་ཡིན་པའི་པའི་ངང་ཐོན་པ་དང་ཐ་ན་མཚན་གང་བོར་རྒྱུན་མཐུད་བྱེད་པ་ཡིན། རྣམ་པ་དེ་རིགས་ལ་འགག་པའི་རང་བཞིན་གྱི་གཉིད་ཉལ་དབུགས་རྒྱུན་མཚམས་ཆདOSAཅེས་བརྗོད་པ་ཡིན།
རྒྱུན་དུ་སྔུར་བ་འཐེན་པའི་མི་ལ་གལ་ཏེOSAབྱུང་ཚེ། ཐད་ཀར་རམ་གཞན་རྒྱུད་ཀྱིས་ཚབས་ཆེ་ཞིང་མ་ལག་མང་བའི་བདེ་ཐང་གནད་དོན་བསླངས་བ་ཡིན།
གསུམ། ནད་རྟགས་གང་དག་ཡོད་པ།
ཉིན་དཀར་ངལ་དུབ་ཆེ་བ་ཡིན། སྣང་ཚུལ་འདིའི་རིགས་རྒྱུན་དུ་ཡོད་ནའང་ཧ་ཅང་སྣང་མེད་དུ་འཇོག་སླ་བའི་ནད་རྟགས་ཡིན། རྒྱུན་དུ་དཔེ་ཀློག་དང་ཚོགས་འདུ་འཚོགས་པ། རླངས་འཁོར་སྐོར་བ་སོགས་ཀྱི་གནས་ཚུལ་འོག་ངལ་དུབ་དང་ཉོབ་པ། རིག་པ་སྒྲིམ་མི་ཐུབ་པ་སོགས་ཀྱི་གནས་ཚུལ་ཐོན་པ་དང་། ད་དུང་ཁོང་ཁྲོ་དང་རླུང་ལངས་པའི་གནས་ཚུལ་ཡང་ཐོན་པ་ཡིན། སྐབས་ལ་ལར་མི་རང་ཉིད་ཀྱིས་ཤེས་ཚོར་མ་ཐུབ་པར་ཁྱིམ་མིས་ཤེས་རྟོགས་བྱུང་ནས་ད་གཟོད་སྨན་པར་བསྟེན་པ་ཡིན། དེ་ལྟར་བྱས་ན་མངོན་མེད་རྐྱེན་ངན་གྱི་གནས་ཚུལ་འབྱུང་སླ་བས་དོ་སྣང་བྱས་ན་ཧ་ཅང་ལེགས།
སྔུར་བ་འཐེན་པའི་གོ་རིམ་ཁྲོད་དུ་གློ་བུར་དུ་དབུགས་ལེན་མི་ཐུབ་པའི་སྣང་ཚུལ་འབྱུང་ཞིང་ཐ་ན་དབུགས་རྒྱུན་ཆད་པ་ཡིན། ཡིན་ནའང་སྔུར་སྒྲ་ཇེ་ཆེར་འགྲོ་བ་དང་བསྟུན་ནས་དབུགས་རྒྱུན་སླར་གསོ་བྱུང་བ་དང་། སྐབས་ལ་ལར་མི་རང་ཉིད་ཀྱང་དབུགས་འགག་ནས་གཉིད་ལས་སད་སྲིད།
དེ་ལས་གཞན་གཉིད་ཉལ་དབུགས་རྒྱུན་མཚམས་ཆད་ནད་ཕོག་པའི་ནད་པ་བརྒྱ་ཆའི་བཅུ་ནས་བརྒྱ་ཆའི་སུམ་ཅུ་ལ་ཞོགས་པ་མལ་ལས་ལངས་རྗེས་དུས་ཚོད་ཁ་ཤས་ནང་མགོ་ན་བའི་ནད་རྟགས་ཐོན་གྱིན་ཡོད། ཚང་མས་མཐོང་ཆེན་བྱེད་རྒྱུ་ཤིན་ཏུ་གལ་ཆེའོ།།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།