ཆུ་མང་དུ་འཐུངས་ན་དུག་འདོན་པ་དང་ངོ་མདངས་གསོ་ཐུབ་བམ།

ཁུངས། ཀློག་གྲངས།

གློ་བུར་དུ་ན་གཞོན་ཚོས“ཆུ་མང་འཐུང”བྱེད་མགོ་བརྩམས་ཏེ། འོ་ཇ་དང་། ཁོ་ཧྥེ། “མངར་ཆུ”བཅས་མི་འཐུང་བར་ཆུ་འཐུང་བའི་སྲོལ་ཞིག་ཆགས་བཞིན་ཡོད། འདི་ལྟ་བུའི་ཆུ་མང་འཐུང་བྱེད་པ་ཡིས་དངོས་གནས་དུག་འདོན་ལུས་གསོ་བྱེད་ཐུབ་བམ།

ཆུ་མང་བོ་ཞེས་པ་ནི་ཧྲེང1.5ཡན་གྱི་ཐུམ་སྒྲིལ་ཆེན་པོའི་གཏེར་ཆུ་དང་ལྷད་མེད་ཆུ། ཆུ་ཁོལ་བཅས་ལ་ཟེར། བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གསོ་རིག་ལྟེ་གནས་དང་པོའི་གསང་རྒྱུད་ཟགས་གཤེར་ཚན་ཁག་གི་སྨན་པ་འབུམ་རམས་པ་གཞོན་པ་ལི་པིང་གིས་བཤད་རྒྱུར། འོ་ཇ་དང་ཁོ་ཧྥེ། མངར་འདུས་སྐོམ་ཆུ་བཅས་ཀྱི་ཚབ་ཏུ་ཆུ་འཐུང་བ་དེ་ནི་ཧ་ཅང་ལེགས་པ་ཞིག་ཡིན་མོད། འོན་ཀྱང“ཆུ་དམ་བེ་ཆེན་པོ་ཧུབ་ཀྱིས་འཐུང་བའི”འཐུང་སྟངས་དེ་ཚན་རིག་དང་མཐུན་པ་ཞིག་མིན་ལ།  དུག་འདོན་པ་དང་ངོ་མདངས་གསོ་བ་དེ་བས་ཀྱང་དཀའ།

ཆུ་མང་བོ་འཐུངས་ན་བཟང་མོད་འཐུང་ཚད་རང་གིས་ཚོད་འཛིན་བྱ་དགོས། “ཆུ་ནི་རང་འགུལ་དང་ཆོས་ཉིད་ལྡན་པ། ཚད་ཉུང་བ། ཐེངས་མང་བ་བཅས་ཀྱི་སྒོ་ནས་བཏུང་དགོས། གལ་ཏེ་ཐེངས་གཅིག་ལ་འཐུངས་དྲགས་ན་གློ་བུར་དུ་ཆུ་དུག་ཕོག་སླ་བ་དང་། ཐ་ན་ཚེ་སྲོག་ལའང་ཉེན་ཁ་འབྱུང་སྲིད།” ལི་པིང་གིས་འགྲེལ་བཤད་བྱས་པ་ལྟར་ན། མིའི་ལུས་པོས་མཁལ་མ་ལ་བརྟེན་ནས་ཆུ་བརྗེ་ཚབ་བྱེད་པ་དང་དུས་ཡུན་ཐུང་ངུའི་ནང་ཆུ་འབོར་ཆེན་འཐུངས་ན་མཁལ་མའི་ཁུར་བོ་ལྕི་རུ་འགྲོ་བ་དང་། ལུས་པོའི་གློག་འབྱེད་རྫས་སླ་པོར་བཟོ་སྲིད་པས། ནཱ་དམའ་བའི་ཁྲག་ནད་འབྱུང་སྲིད། དེར་སྤྱིར་བཏང་དུ“ཆུ་དུག་ཕོག་པ”ཞེས་བརྗོད་ལ། ཚབས་ཆུང་ན་མགོ་ན་བ་དང་སྐྱུག་མེར་ལངས་པ་དང་། ཚབས་ཆེ་ན་ཐད་ཀར་འདུ་ཤེས་བར་གེགས་འབྱུང་སྲིད།

ལྷག་པར་དུ་ལྡོག་རྒྱུག་རང་བཞིན་གྱི་མིད་པའི་གཉན་ཚད་དམ་ཕོ་རྒྱུའི་ནད་གཞན་པའི་རྐྱེན་གྱིས་འཇུ་ནུས་ཞན་པའི་མི་དང་རྒན་པ། བྱིས་པ། མཁལ་མའམ་སྙིང་གི་ནུས་པ་རྒྱུན་ལྡན་མིན་པའི་མི། འགུལ་སྐྱོད་དྲག་པོ་བྱས་རྗེས་ཀྱི་མི་བཅས་ཀྱིས་ཐེངས་གཅིག་ལ་ཆུ་མང་འཐུང་བྱེད་མི་རུང་ངོ་། །

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།