

མཚོ་ངོས་སུ་གཤོལ་རྩལ་ངོམ་པའི་ཆུ་སྐྱར།

ནགས་གསེབ་ཏུ་རྒྱུ་བའི་བྱ་ཝང་སྔོན་པོ།

རྩྭ་ཐང་ན་བག་ཕེབས་སུ་རྒྱུ་བའི་དགོ་བ།

ཕར་འཛིང་ཚུར་འཛིང་བྱེད་ཀྱིན་པའི་ཐང་དཀར།

རྩྭ་ཐང་ན་གཟན་འཚོལ་བའི་གླག

རི་སྒང་གི་གནའ་བ།

གཙང་གསུམ་འབྱུང་ཡུལ་དུ་བང་རྩལ་རྩེན་པའི་རྐྱང་།
གཙང་གསུམ་འབྱུང་ཡུལ་ཞེས་ངོ་མཚར་ཆེ་ཞིང་ལྐོག་གྱུར་དུ་སྣང་ལ་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་དེའི་སྟེང་དུ། མིའི་རིགས་ཀྱིས་མི་རབས་རྒྱུད་འཇགས་སུ་འཚོ་གནས་བྱེད་ཀྱིན་ཡོད་པར་མ་ཟད། མཐོང་རྒྱ་ལས་འགོངས་པའི་རྒྱང་རིང་དུ། ས་ཁམས་དང་གནམ་གཤིས་གང་ཡིན་ཡང་རྙོག་འཛིང་དང་འགྱུར་ལྡོག་ཧ་ཅང་ཆེ། ཁོར་ཡུག་དེ་ལྟ་བུའི་འོག་ཏུ། རི་སྐྱེས་སྲོག་ཆགས་ལ་རང་ཉིད་ཁོ་ནར་དབང་བའི་ཁྱིམ་གཞིས་ཤིག་ཡོད་དེ། དེ་ནི་རི་ཆུའི་མགོ་ཁུངས་ཡིན་ལ། སྲོག་ཆགས་ཀྱི་རྒྱལ་ཁམས་ཤིག་ཀྱང་ཡིན།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བར། མི་དང་སྲོག་ཆགས་ཐུན་མོང་ལ་དབང་བའི་ཁྱིམ་གཞིས་སྲུང་སྐྱོང་བྱ་རྒྱུ་ནི་ནམ་ཡང་ཡུལ་དེའི་འགྱུར་བ་མེད་པའི་བརྗོད་གཞི་ཞིག་རེད། ཆ་སྙོམས་མཚོ་འཕང་སྨི4700ཡན་དང་འཛམ་གླིང་དུ་མཚོ་འཕང་མཐོ་ཤོས་ཡིན་པའི་རྒྱལ་ཁབ་སྤྱི་གླིང་དེར་མཐོ་གྲང་ན་སྤང་དང་། མཐོ་གྲང་རྩྭ་ཐང་། མཐོ་གྲང་ཐང་རྒོད། རི་མཐོའི་བཞུར་རྡོའི་གྲམ་ཐང་། བརླན་ས་ན་འདམ་སོགས་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཁོར་ཡུག་ཡོད་ལ། དེ་གར་ཐུན་མོང་མ་ཡིན་པའི་སྐྱེ་དངོས་སྣ་མང་རང་བཞིན་ཡང་བསྐྲུན་ཡོད་པས། “གྲང་མཐོའི་སྐྱེ་དངོས་རིགས་ཀྱི་ཐོན་ཁུངས་བང་མཛོད”ཅེས་འབོད་ཀྱིན་ཡོད།
མཚོ་སྔོན་དུ་རབ་མཛེས་ཡུལ་ལྗོངས་ཕུད། ས་གཞི་དེར་ད་དུང་དེ་བས་མི་སེམས་འགུལ་བའི་འགུག་ཤུགས་ཡོད། “གངས་རིའི་རྒྱལ་པོ”རུ་འབོད་པའི་གཅན་གཟན་གསའ་ཡང་དང་བསྐྱར་དུ་མངོན་པ་དང་། ཚེ་སྲོག་བཀག་སྡོམ་ཁུལ་ཨ་ཆེན་གངས་རྒྱབ་ཀྱི་གཙོད་ལ་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད་དེ། སྐྱེ་ཁམས་པར་ལེན་མཁན་མང་པོ་ཞིག་གིས་རང་རང་གི་བརྙན་མིག་དེ་མཚོ་སྔོན་དང་རྒྱལ་ཁབ་སྤྱི་གླིང་ལ་གཏད་ཡོད། དེ་དག་གི་བརྙན་མིག་ཏུ་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་མཚོན་ཐུབ་པའི“བརྙན་པར་ཆེན་པོ”ཞིག་ཡོད་པ་ཙམ་མ་ཡིན་པར། གཅིག་བྱས་ན་འཛམ་གླིང་གི་གར་སྟེགས་སུ་བསྐྱོད་པའི་ལམ་ཡིག་ཅིག་ཀྱང་ཡིན་སྲིད། སྐྱེ་ཁམས་བདག་སྐྱོང་པས་པར་ཆས་ལག་ཏུ་ཐོགས་ནས་ལོ་གཅིག་གི་དུས་བཞིའི་འགྱུར་ལྡོག་ཁྲོད་པར་དུ་བླངས་ཚེ། ང་ཚོའི་མིག་མདུན་དུ་མངོན་པ་ནི་དེ་བས་ཕུན་སུམ་ཚོགས་ལ་སྤྲོ་བས་ཕྱུག་པའི་སྲོག་ཆགས་ཀྱི་རྒྱལ་ཁམས་ཤིག་རེད།
སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་དགུ་བདུན་བརྒྱ་ཡོད་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ཟོལ་མེད་གཅེས་ཉམས་མངོན་པའི་འཕྱི་བ་དང་། ངོ་གདོང་སྒོར་ལ་ཕྲུག་ཉམས་དོད་པའི་སྦྲེ། ཁྱུ་ཚོགས་སྒྲིག་པའི་གནའ་བ་དང་བདེ་རྩལ་འཁྱུག་པའི་དགོ་སྐྱ་སོགས་སྣང་འཇོག་མེད་པའི་སྐབས་དང་སྐབས་སུ་མཐོང་ལམ་དུ་མངོན་ཡོང་། དེ་དག་གི་རྫི་གསང་དོད་པའམ་ཚོར་བ་རྟུལ་བའི་རྣམ་འགྱུར་གྱིས་རྟག་པར་མི་རྣམས་ཧ་ལས་པར་བྱེད་ལ། དེ་ཚོས་མཆོང་ལྡིང་ངམ་ཡང་ན་སོས་དལ་བག་ཕེབས་ཀྱི་ཉམས་འགྱུར་གྱིས་དེ་མ་ཐག་པར་དུ་བཀོད་ནས་ཉར་ཚགས་བྱེད་འདོད་སྐྱེ་བར་བྱེད། ང་ཚོས་ལག་པ་གཡུག་བཞིན་སྲོག་ཆགས་དེ་ཚོ་དང་ཁ་འབྲལ་སྐབས། ད་གཟོད་གློ་བུར་དུ་སྲོག་ཆགས་རྣམས་ནི་ང་ཚོ་དང་བར་ཐག་ཇི་འདྲ་ཉེ་བ་དང་། ང་ཚོ་དང་གཡོལ་མེད་པ་ཚོར་བྱུང་། ལྟོས་དང་། ང་ཚོས་འགྲུལ་བཞུད་པ་ཞིག་གི་ཟོལ་གྱིས་དེ་དག་དང་ཉེ་བར་བཅར་ན། ཁྱོད་དང་ང་ཡི་བྱ་སྤྱོད་དེས་མི་དང་སྲོག་ཆགས་འཆམ་མཐུན་མཉམ་གནས་ཀྱི་གཏམ་རྒྱུད་འབྲི་བཞིན་ཡོད་དོ། །
ལྷ་མོ་འཚོས་རྩོམ་སྒྲིག་བྱས།