སེང་གེ་གཞོང་མ་མགོ་སྡེ་བར་དར་སྲོལ་གསར་བ་ཞིག་ཆགས་འདུག
ཁུངས། ཀློག་གྲངས།

ཀུ་ཤུ་རྟགས་ཅན་གྱི་ལག་ཁྱེར་ཁ་པར་དང་ལེན་ཞང་རྟགས་ཅན་གྱི་གློག་ཀླད། པའོ་མX6རྟགས་ཅན། ཨོ་ཏུའེQ5རྟགས་ཅན། དྲ་ཐོག་ནས་ཉོ་ཚོང་བྱེད་པ་སོགས་གྲོང་ཁྱེར་དུ་དར་སྲོལ་ཆེ་བ་འདི་དག་ཐུན་རིན་རྫོང་རོང་བོ་གྲོང་རྡལ་སེང་གེ་གཞོང་མ་མགོ་སྡེ་བ་རུ་དར་ཁྱབ་ཏུ་སོང་ཡོད།

གཅིག གསེར་གྱི་ལྡེ་མིག

དབྱར་ཟླ་བརྒྱད་པའི་ཉིན་ཞིག་ལ། གསར་འགོད་པ་ཆེད་དུ་ཐུན་རིན་རྫོང་རོང་བོ་གྲོང་རྡལ་གྱི་སེང་གེ་གཞོང་མ་མགོ་སྡེ་བ་རུ་སོང་བ་ན། ལྷིང་འཇགས་སུ་གནས་པའི་བོད་ལུགས་ར་སྐོར་ཞིག་གི་ནང་དུ། བོད་ཀྱི་ན་གཞོན་ཐང་ག་འབྲི་བཞེངས་མཁན་དགེ་འདུན་གྱིས་ཕྱོགས་གཅིག་ནས་གློག་ཀླད་སྟེང་དུ་སྐུ་མགྲོན་ལ་ཁ་བརྡ་བྱེད་པ་དང་། ཕྱོགས་གཅིག་ནས་ཀུ་ཤུ་རྟགས་ཅན་གྱི་ལག་ཁྱེར་ཁ་པར་གྱི་སྐད་འཕྲིན་སྟེང་ནས་སྐུ་མགྲོན་ལ་བསམ་བློ་བརྗེ་རེས་བྱེད་ཀྱིན་ཡོད་པ་མཐོང་།

དེ་རིང་དྲ་བ་སྤྱད་དེ་ངས་ཡང་བསྐྱར་ཨ་མེ་རི་ཁའི་ཀུ་ལུམ་པུའུ་སློབ་ཆེན་དང་ཚོང་ཟོག་མངག་ཐོ་ཞིག་བཞག ན་ནིང་གི་ཟླ12པར«འཇམ་པའི་དབྱངས»ཀྱི་ཐང་ག་ཞིག་ཨ་མེ་རི་ཁའི་ཁོ་ལོམ་པི་ཡ་སློབ་ཆེན་གྱིས་ཉར་ཚགས་བྱས་ཟིན། ཨ་མེ་རི་ཁ་དང་འཇར་མན། ཧྥ་རན་སེ། སུའེ་ཙེར་སོགས་རྒྱལ་ཁབ་ཀྱི་གནས་སྐོར་པ་དང་ཆེད་མཁས་པ་རྣམས་བོད་ཀྱི་ཐང་གར་ཧ་ཅང་དགའ། ལོ་འདི་འགར་