
2022ལོ་ནས་བཟུང་། རྨ་ལྷོ་ཁུལ་ཁྲིམས་འཛིན་ཅུས་ཀྱིས་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་པར་འགྲེམ་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི“ཧྥིན་ཆའོ་རྣམ་པའི”སྐར་རིམ་ཁྲིམས་འཛིན་ཁང་གསར་སྐྲུན་ལག་བསྟར་བྱེད་པའི་བསམ་འཆར》དང་དེའི《དཔྱད་བསྡུར་ཞིབ་སྲོལ》གྱི་བཀོད་སྒྲིག་དང་བླང་བྱ་ལྟར། “ཧྥིན་ཆའོ་རྣམ་པའི”སྐར་རིམ་ཁྲིམས་འཛིན་ཁང་གསར་སྐྲུན་བྱེད་པ་དེ་ཁྲིམས་འཛིན་དང་སྲིད་འཛིན་བྱ་བའི་རྨང་གཞི་བརྟན་པོར་གཏོང་བའི་གཙོ་གནད་དུ་བརྩིས་ཏེ། “2024ལོའི་ལོ་མཇུག་བར་དུ“ཧྥིན་ཆའོ་རྣམ་པའི”སྐར་གསུམ་རིམ་པའི་ཁྲིམས་འཛིན་ཁང90%དང་སྐར་བཞི་རིམ་པའི་ཁྲིམས་འཛིན་ཁང30%། སྐར་ལྔ་རིམ་པའི་ཁྲིམས་འཛིན་ཁང20%”བཅས་ལ་བསླེབས་པའི་དམིགས་འབེན་ལ་རྩེ་གཅིག་ཏུ་དམིགས་ནས། རང་ཉིད་ལ་འགན་འཁྲི་ནན་དཀྲི་དང་དངོས་འབེབས་དམ་འཛིན་བྱེད་པ་དང་། སྐུལ་ཁྲིད་ཇེ་དྲག་ཏུ་བཏང་ནས་འཕེལ་རིམ་ལ་སྐུལ་འདེད་གཏོང་བ། དཔྱད་བསྡུར་ནན་མོར་བརྟེན་ནས་སྤུས་ཚད་སྲུང་བ་བཅས་བྱས་པས། ཁུལ་ཡོངས་ཀྱི་ཁྲིམས་འཛིན་ཁང་གི་འཛུགས་སྐྲུན་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་། 2023ལོའི་ལོ་མཇུག་བར་དུ། ཁུལ་ཡོངས་སུ་གསར་སྐྲུན་དཔྱད་བསྡུར་གྱི“ཧྥིན་ཆའོ་རྣམ་པའི”སྐར་གསུམ་རིམ་པའི་ཁྲིམས་འཛིན་ཁང30དང་། གསར་སྐྲུན་དཔྱད་བསྡུར་གྱི“ཧྥིན་ཆའོ་རྣམ་པའི”སྐར་བཞི་རིམ་པའི་ཁྲིམས་འཛིན་ཁང24། གསར་སྐྲུན་དཔྱད་བསྡུར་གྱི“ཧྥིན་ཆའོ་རྣམ་པའི”སྐར་ལྔ་རིམ་པའི་ཁྲིམས་འཛིན་ཁང13བཅས་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་སྔོན་གྲས་སུ་བསྐྱོད་དེ། “ཧྥིན་ཆའོ་རྣམ་པའི”སྐར་རིམ་ཁྲིམས་འཛིན་ཁང་གི་གསར་སྐྲུན་དམིགས་འབེན་འགན་འཁྲི་ལོ་གཅིག་སྔ་སྣུར་གྱིས་ཡོངས་འགྲུབ་བྱས།
ལམ་སྲོལ་མཐུན་སྦྱོར་ཐད་ཐོད་བརྒལ་བརྩོན་པ་རྒྱུན་འཁྱོངས་བྱས་ཏེ། དཀའ་གནད་དང་དཀའ་ཁག་བསལ་བར་དོ་སྣང་བྱས། གཅིག་ནས་ཆབ་སྲིད་སྣེ་ཁྲིད་རྒྱུན་འཁྱོངས་བྱས། ཆབ་སྲིད་ཀྱི་ལྷག་བསམ་རྣམ་དག་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་པ་དང་། ཆབ་སྲིད་ཀྱི་རེས་སྐོར་སྦྱོང་བརྡར་གཏིང་ཟབ་སྒོས་སྤེལ་བ། ཁུལ་ཡོངས་ཀྱི་ཁྲིམས་འཛིན་ཁང་གི་ལས་བྱེད་པས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་ཐུབ་པ་བཅས་ལ་སློབ་གསོ་དང་སྣེ་ཁྲིད་དེ། ཏང་གི་མགོ་ཁྲིད་ཁྲིམས་འཛིན་ཁང་གི་བྱ་བ་ཡོངས་ཀྱི་གོ་རིམ་སོ་སོར་ཁྱབ་པར་བྱས། གཉིས་ནས་བཅོས་བསྒྱུར་གྱི་ཁ་ཕྱོགས་གནད་དུ་འཁེལ་བར་དམ་འཛིན་བྱས། ཁྲིམས་འཛིན་ཁང་གིས་གཞི་རིམ་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་གཞི་རིམ་དུ་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་མཁོ་སྤྲོད་བྱེད་པ། སྡེ་ཁུལ་ཡོ་བསྲང་ལ་འགན་འཁུར་བ་སོགས་ཀྱི་འགན་ནུས་དེ་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པའི་གཙོ་གནད་དུ་བརྩིས་ཏེ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་མཐོང་ཆེན་དང་རྒྱབ་སྐྱོར་ཧུར་ཐག་གིས་བརྩོན་ལེན་བྱས། རང་འགུལ་གྱིས་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་དང་ཁུལ་སྒྲིག་འཛུགས་གཞུང་ལས་ཁང་སོགས་ལ་ཆེད་དུ་ཁྲིམས་འཛིན་ལས་ཁུངས་འཛུགས་སྐྲུན་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པ་དང་། ཞིང་ཆེན་ཁྲིམས་འཛིན་ཐིན་དང་སྡེ་ཁག6གིས་མཉམ་འབྲེལ་སྒོས་པར་འགྲེམ་བྱས་པའི《ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཁྲིམས་འཛིན་ཁང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་གཞི་རིམ་ཁྲིམས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་བའི་སྐོར་གྱི་བསམ་འཆར》དོན་འཁྱོལ་དངོས་འབེབས་བྱས་ཏེ། གཙོ་བོ་ཁྲིམས་འཛིན་ཁང་གི་དོ་དམ་ལམ་སྲོལ་མཐུན་སྦྱོར་མིན་པ་དང་ལས་བྱེད་དཔུང་སྡེ་བརྟན་བརླིང་མིན་པ། འགན་ནུས་འདོན་སྤེལ་མི་ལེགས་པ། ལས་སྒོར་སྤྱོད་པའི་ཁང་པ་ཆུང་བ་སོགས་ཀྱི་དཀའ་གནད་བསལ་བའི་ཐད་ཐབས་ཇུས་བཏོན། གསུམ་ནས་མཐུན་སྦྱོར་གཅིག་འདོམས་ཀྱིས་འགན་སྲུང་སྟོབས་ལྡན་དུ་བཏང་། རྩ་འཛུགས་མི་དོན་སྡེ་ཁག་དང་མཐུན་སྦྱོར་བྱེད་པ་དང་། ཁྲིམས་འཛིན་ཁང་གི་ཁའོ་རིམ་པ་གཞོན་པའི་ལས་ཁུངས་ལམ་སྲོལ་འཛུགས་པ་དངོས་འབེབས་བྱས་ཏེ། ཁྲིམས་འཛིན་ཁང་གི་མགོ་ཁྲིད་ལེགས་འདེམས་ལེགས་སྒྲིག་བྱས། བསྡུ་ལེན་དང་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་དང་། ནོར་སྲིད་ཀྱིས་གདན་ཞུ་བཀོལ་སྤྱོད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ལས་བྱེད་པའི་དཔུང་སྡེ་སྟོབས་ལྡན་དུ་བཏང་བ་དང་། གསར་སྐྲུན་བྱས་པའི“ཧྥིན་ཆའོ་རྣམ་པའི”སྐར་རིམ་ཁྲིམས་འཛིན་ཁང་ལ་ཉུང་མཐར་ཡང་ལས་བྱེད་པ3ནས5བར་བཀོད་སྒྲིག་བྱས་ཏེ། ཁྲིམས་འཛིན་ཁང་གི་འགན་ནུས་ནུས་པ་མཐོར་འདེགས་གཏོང་བར་གསོན་ཤུགས་གསར་པ་བསྩལ། ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་ལ་གྲོས་མོལ་དང་འབྲེལ་འདྲིས་བྱས་ཏེ། འཛུགས་སྐྲུན་དང་བཅོས་བསྒྱུར། བརྗེས་པ་སོགས་ཀྱི་ཐབས་ལམ་མང་པོ་དང་། དེ་མིན་བེད་མེད་དུ་ལུས་པའི་ཁང་བ་ཞིག་གསོ་དང་སྲང་ལམ་ཁ་གཏད་ཀྱི་ཁང་བ་གླ་བ། བསྐྱར་དུ་ཞིག་གསོ་བྱེད་པ་སོགས་བརྩོན་ལེན་བྱེད་པར་བརྟེན་ནས་ཁུལ་ཡོངས་ཀྱི་ཁྲིམས་འཛིན་ཁང་རིམ་སྤར་བཅོས་བསྒྱུར་བྱས་པས། ཁྲིམས་འཛིན་ཁང་གི་གཞུང་སྒྲུབ་ཁང་སོ་སོའི་གཞི་ཁྱོན་ཆ་སྙོམས་ཀྱིས་སྨི་གྲུ་བཞི་མ100ཡི་ཡན་ལ་སླེབས་པ་དང་། “ཁང་བ་གསུམ་དང་ས་ཚིགས་གཅིག”ལེགས་འགྲུབ་བྱུང་སྟེ་ཆ་འཕྲིན་ཅན་གྱི་སྒྲིག་བཀོད་ཆ་ཚང་བཀོད་སྒྲིག་བྱས་པའི་ཁར། མཚོན་རྟགས་ཚད་ལྡན་དང་གསལ་བོར་བྱས་ཏེ། “ཧྥིན་ཆའོ་རྣམ་པའི”སྐར་རིམ་ཁྲིམས་འཛིན་ཁང་གསར་སྐྲུན་བྱེད་པའི་ཚད་གཞིར་སླེབས་པར་བྱས།
རྨང་གཞི་བརྟན་པོར་གཏོང་བའི་ཐད་དངོས་སྒྲུབ་བརྩོན་པ་རྒྱུན་འཁྱོངས་བྱས་ཏེ། དངོས་འབེབས་ལེགས་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོ་སྣང་བྱས། གཅིག་ནས“ཧྥིན་ཆའོ་རྣམ་པའི”སྐར་རིམ་ཁྲིམས་འཛིན་ཁང་གསར་སྐྲུན་བྱེད་པ་གཙོ་གནད་དུ་བཟུང་ཞིང་། ཁྲིམས་འཛིན་ཁང་གི་ལས་སྒོའི་བྱ་བ་དེ“ཟླ་རེར་དཔྱད་ཞིབ་རེ”ལྟར་བསྒྲུབས་ཏེ། ཁུལ་དང་རྫོང་ཁྲིམས་འཛིན་ཅུས་ཀྱིས་མཛུབ་སྟོན་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱབ་སྐྱོར་དང་རམ་འདེགས་བྱེད་པ། ཁྲིམས་འཛིན་ཁང་གིས་ཞིབ་ཕྲའི་ལག་བསྟར་བྱེད་པ་བཅས་ཀྱི་རིམ་པ་སོ་སོའི་མཉམ་འགུལ་ལམ་སྲོལ་གྲུབ་པར་བྱས་ཐོག གཞི་རིམ་ཁྲིམས་འཛིན་ཁང་གི་ཟླ་རེའི་དཔྱད་བསྡུར་དང་དཔྱད་ཞིབ་མཇུག་འབྲས་དེ་ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་སྲིད་འཛུགས་སྐྲུན་གྱི་དཔྱད་ཞིབ་དམིགས་ཚད་ཁྲོད་བཞག་སྟེ། ནུས་ཤུགས་ཡོད་རྒུས་ཁྲིམས་འཛིན་ཁང་གི་བྱ་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་། གཉིས་ནས་འདུ་ཤེས་གསར་སྐྲུན་གྱིས་སྣེ་ཁྲིད་པ། “ས་གནས་རེ་ལ་གཙོ་གནད་རེ་དང་ཁྲིམས་འཛིན་ཁང་རེ་ལ་ཁྱད་ཆོས་རེ། ཁྲིམས་འཛིན་ཁང་རེ་ལ་ཐབས་ཇུས་རེ”ཡི་བྱེད་ཐབས་ལྟར། “ཧྥིནཆའོ་རྣམ་པའི”སྐར་རིམ་ཁྲིམས་འཛིན་ཁང་གི་ཁྱད་ལྡན་བཟོ་འགོད་ལག་བསྟར་བྱས་ཏེ། “ཧྥིན་ཆའོ་རྣམ་པའི”སྐར་རིམ་ཁྲིམས་འཛིན་ཁང་འཛུགས་སྐྲུན་བྱེད་པར་རིགས་དབྱེ་སྐུལ་འདེད་བྱས། རྫོང་སོ་སོའི་ཁྲིམས་འཛིན་ཅུས་དང་ཁྲིམས་འཛིན་ཁང་གིས་གཞི་རིམ་ཁྲིམས་འཛིན་དང་སྲིད་འཛིན་གྱི་གཙོ་གནད་དང་དཀའ་གནད་ཀྱི་ནང་དོན་ཚ་ཤོས་ལ་དམིགས་ཏེ། བྱ་བའི་ཁྲོད་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཉམས་མྱོང་དང་བྱེད་ཐབས་སྔོག་འདོན་དང་གསོ་སྐྱོང་བྱས། དཔེར་ན་རོང་བོ་ཁྲིམས་འཛིན་ཁང་ལ་མཚོན་ན། ཁྲིམས་སྐྱོང་དྲིལ་སྒྲོག་དང་གྲོང་གསེབ་དར་སྤེལ་ནུས་ལྡན་ངང་མཐུད་སྦྲེལ་བྱེད་པ་མངོན་གསལ་དུ་དོད་པ་དང་། ཁྲིམས་སྐྱོང་རིག་གནས་ཀྱི་གཡུལ་ས་བསྐྲུན་པར་ཤུགས་བསྣན་པ། མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་ལ་རྒྱབ་བརྟེན་པ་བཅས་ཀྱིས་སྡེ་བ་རིམ་པའི་ཁྲིམས་སྐྱོང་རིག་གནས་ཀྱི་གཡུལ་ས་ཤུགས་གང་ཡོད་ཀྱིས་གསར་སྐྲུན་བྱས། ཐོ་གྱ་ཁྲིམས་འཛིན་ཁང་གིས་མང་ཚོགས་ཀྱི་དགོས་མཁོར་ཟུང་འབྲེལ་བྱས་ཏེ། སྡེ་བ་མི་འདྲ་བ་དང་དགོས་མཁོ་མི་འདྲ་བར་གཞིགས་ནས་སྐབས་བསྟུན་སྒོས་གཅིག་བསྡུས་དྲིལ་སྒྲོག་དང་ཁྲིམས་སྐྱོང་འཆད་ཁྲིད། ཁྲིམས་ལུགས་འདྲི་རྩད་ལ་ལན་འདེབས་པ། སྡེ་སྲོལ་དམངས་ཆིངས་བཟོ་བཅོས་བྱེད་པའི་ནང་ཞུགས་པ། འགལ་རྩོད་སེལ་བ་སོགས་ཀྱི་བྱ་འགུལ་སྤེལ་ཏེ། སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་དང་མང་ཚོགས་ཀྱི“བར་ཐག”ཇེ་ཉེར་བཏང་། མདོ་བ་ཁྲིམས་འཛིན་ཁང་དང་རྩེ་ཁོག་དམེ་ཤུལ་ཁྲིམས་འཛིན་ཁང་གིས་མངའ་ཁོངས་བརྒལ་བའི་འགལ་རྩོད་འདུམ་འགྲིག་གི་ནང་རྐྱེན་བཙུགས་པ་དང་། ས་མཚམས་ཀྱི་འགལ་རྩོད1བདེ་བླག་ངང་འདུམ་འགྲིག་བྱས་ནས། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དང་ཁྲིམས་སྐྱོང་རྨང་གཞི་བརྟན་པོར་བཏང་། གཉན་ཐོག་ཁྲིམས་འཛིན་ཁང་གིས་འདུམ་འགྲིག་མ་དཔེ་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། མངའ་ཁུལ་གྱི་ཚོང་རའི་གཙོ་གཞི་ལས་བསླངས་པའི་དཔལ་འབྱོར་རྩོད་གཞི་ཐག་གཅོད་བྱེད་པ་དང་། གཉན་ཐོག་ཚོང་རའི་རྩོད་གཞི་འདུམ་འགྲིག་ཁང་བཙུགས་པ་བཅས་ཀྱིས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས། མགར་རྩེ་ཁྲིམས་འཛིན་ཁང་གིས་འབྲོག་ཁུལ་གྱི་ཁྱད་ཆོས་ལ་ཟུང་འབྲེལ་དང་། འབྲོག་ཁུལ་ལ་ཆེད་དུ“རང་གཤིས་ཁྲིམས་ལུགས་ཞབས་ཞུ”བཟོས་ཏེ། མང་ཚོགས་ལ་ཆེད་ལས་ཀྱི་ཁྲིམས་ལུགས་ཞབས་ཞུ་བསྒྲུབས་ནས། བདེ་འཇགས་ཀྱི་རྨ་ལྷོ་འཕེལ་རྒྱས་གཏོང་བར་ཡར་སྐུལ་བྱས། གསུམ་ནས་ཁྱོན་ཡོངས་ནས་ཁྲིམས་འཛིན་ཁང་གི་རྩ་འཛུགས་ལས་ཁུངས་འཛུགས་སྐྲུན་ལ་ཤུགས་བསྣན། ཁུལ་དང་རྫོང་ཁྲིམས་འཛིན་ཅུས་ཀྱིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག རང་སྟོབས་ནུས་པ་འདོན་སྤེལ་དང་ཕྱོགས་མང་པོ་ནས་ཤུགས་འདོན་པ། ཕྱོགས་སོ་སོས་བྱེད་ཐབས་འདོན་པ་བཅས་བྱས་ཐོག གསར་སྐྲུན་དང་རྒྱས་སྐྲུན། སྙོམས་སྒྲིག་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མི་དམངས་འདུམ་འགྲིག་ཁང་དང་སྡེ་ཁུལ་ཡོ་བསྲང་ལས་སྒྲུབ་ཁང་། ཁྲིམས་ལུགས་རོགས་སྐྱོར་གཞུང་ལས་ཁང་། སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་ས་ཚིགས། ཡིག་ཚགས་དོ་དམ་ཁང་སོགས་ཚད་ལྡན་ངང་སྒྲིག་འཛུགས་བྱས་ཏེ། གཞི་རིམ་ཁྲིམས་འཛིན་དང་སྲིད་འཛིན་གྱི་ཞབས་ཞུ་སྣ་ཚོགས་ཕྱོགས་ཡོངས་ནས་སྤེལ་བར་རྨང་གཞི་བརྟན་པོ་བཏང་།
ཚད་ལྡན་མཐོར་འདེགས་གཏོང་བའི་ཐད་ཐབས་བཀོལ་རྒྱུན་འཁྱོངས་བྱས་ཏེ། ཚད་གཞི་འཛུགས་པ་དང་གསོན་ཤུགས་སློང་བར་དོ་སྣང་བྱས། གཅིག་ནས་ཁྲིམས་འཛིན་ཁང་གི་ཟླ་རེའི་དཔྱད་ཞིབ་བྱ་བ་དེ་ཧུར་ཐག་གིས་གཞི་རིམ་ཁྲིམས་འཛིན་ཁང་གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དུ་བརྩིས་ཏེ། གཞི་རིམ་གྱི་ཏང་ཨུ་དང་སྲིད་གཞུང་ལ་ཞབས་ཞུ་སྒྲུབ་པའི་བྱ་བ་གཙོ་བོ་དང་མི་དམངས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་བྱེད་ཐབས་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཁྲིམས་འཛིན་ཁང་གིས་ཟླ་རེར་དཔྱད་ཞིབ་བྱས་པ་བརྒྱུད། ཁྲིམས་འཛིན་ཁང་གི་འགན་ནུས་སྔར་ལས་ཇེ་གསལ་དང་། ལས་བྱེད་པས་ལས་འགན་འཁུར་བའི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན་སྔར་ལས་ཇེ་མཐོར་སོང་སྟེ། ཁྲིམས་འཛིན་ཁང་གི་ཕྱོགས་གཉིས་ཀྱི་དོ་དམ་ལམ་སྲོལ་སྔར་ལས་ཇེ་ལེགས་སུ་སོང་། གཉིས་ནས་དཔེ་སྟོན་དང་དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པ་དང་། ཟླ་རེའི་དཔྱད་ཞིབ་བྱ་བ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས་ཏེ། རིགས13ཀྱི་དོན་ཚན70ཡི་ནང་དོན་གཙོ་བོ་བརྟན་པོར་བཏང་། 《རྫོང་ཁྲིམས་འཛིན་ཅུས་ཀྱི་ཚན་ཁག་སོ་སོས་ཡུལ་ཚོ་དང་གྲོང་རྡལ་གྱི་ཁྲིམས་འཛིན་ཁང་ལ་འབྲེལ་གཏུག་དང་མཛུབ་སྟོན་བྱེད་པའི་བྱ་བའི་ལམ་ལུགས》སོགས་ཀྱི་ཡིག་ཆ་སྒྲིག་བཟོ་པར་འགྲེམ་བྱས་པ་དང་། ཆེད་དོན་གཞུང་ལས་ཁང་བཙུགས་པ། རྫོང་ཁྲིམས་འཛིན་ཅུས་ཀྱི་ཚན་ཁག་སོ་སོའི་འགན་འཁུར་པས་ཁྲིམས་འཛིན་ཁང1ནས2ལ་འབྲེལ་གཏུག་བྱས་ཏེ། ཁྲིམས་འཛིན་ཁང་གི་ཟླ་རེའི་དཔྱད་ཞིབ་བྱ་བར་རྗེས་འདེད་སྐུལ་ཁྲིད་བྱེད་པ་དང་། དྲ་ལམ་དང་ཡུལ་དངོས་ཀྱི་མ་དཔེ་གཉིས་འཚོལ་ཞིབ་དང་གསར་གཏོད་བྱེད་པ། ཟླ་རེའི་དཔྱད་ཞིབ་སྐར་འབྲས་ཀྱི་མཇུག་ཏུ་ཡོད་པའི་ཁྲིམས་འཛིན་ཁང་གི་མགོ་གཙོས་ལས་འགན་སྒྲུབ་ཚུལ་ཡར་ཞུ་བྱེད་པའི་ལམ་སྲོལ་ལག་བསྟར་བཅས་བྱས་ཏེ། རྒྱུ་རྐྱེན་དབྱེ་ཞིབ་དང་གནད་དོན་ལྟ་ཞིབ། བསླབ་བྱ་དང་ལེན་བཅས་བྱས་ནས་མི་འདང་ས་ཁ་སྐོང་བ་དང་། དག་ཐེར་དངོས་འབེབས་དང་གྲུབ་འབྲས་ལ་སྐུལ་འདེད་བཏང་སྟེ། གཞི་རིམ་གྱི་ཁྲིམས་འཛིན་དང་སྲིད་འཛིན་བྱ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་བྱས། གསུམ་ནས་ཁྲིམས་འཛིན་ཁང་གི་ཟླ་རེའི་དཔྱད་ཞིབ་བྱ་བ་ཁྱབ་གདལ་དུ་བཏང་བ་བརྒྱུད། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་བར་གྱི་འབྲེལ་འདྲིས་དང་མཐུན་སྦྱོར་ཇེ་མང་དུ་སོང་བ་དང་། རང་ཁུལ་གྱི་གཞི་རིམ་ཁྲིམས་འཛིན་དང་སྲིད་འཛིན་ལས་དོན་འཕེལ་རྒྱས་ལེགས་པོ་འབྱུང་བར་སྐུལ་འདེད་བྱས། བཞི་ནས་གཞི་རིམ་ཁྲིམས་འཛིན་ཁང་གི་ཟླ་རེའི་དཔྱད་ཞིབ་བྱ་བ་རྩ་འཛུགས་དང་ལག་བསྟར་བྱེད་པའི་ཁྲོད། རང་ཁུལ་གྱིས་འབེན་དམིགས་ཇུས་བསྟར་དང་ཕྱོགས་ཡོངས་སྐུལ་འདེད་ལ་དོ་སྣང་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཁྲིམས་འཛིན་ཁང་གི་འགན་ནུས་དཔྱད་ཞིབ་དང་ལས་བྱེད་པའི་ལས་སྒོའི་ནུས་པར་དཔྱད་ཞིབ་བྱས་པ་བརྒྱུད། གཞི་རིམ་ཁྲིམས་འཛིན་ཁང་གི་བྱ་བ་སྣ་ཚོགས་ཚད་ལྡན་ངང་འཁོར་སྐྱོད་ཐུབ་པར་སྐུལ་འདེད་བྱས། ཁྲིམས་འཛིན་ཁང་སོ་སོས་དུས་ཚོད་དང་ནུས་ཤུགས་ཡོད་ཚད་མང་ཚོགས་ཀྱི་ཁྲིམས་སྐྱོང་དགོས་མཁོ་ཞིབ་གཅོད་དང་ཡིད་ཚིམ་པའི་ཐད་བཀོལ་བ་དང་། གཙོ་གནད་འགན་འཁྲི་སྣ་ཚོགས་དངོས་འབེབས་བྱེད་པའི་སྟེང་བཀོལ་བར་འགན་སྲུང་བྱས་ཤིང་། ཁྲིམས་འཛིན་ཁང་གི་བྱེད་སྟངས་ལེགས་པོ་དང་གོ་གནས་བརྩོན་ལེན། སྣང་བརྙན་བཞེངས་པའི་དམིགས་འབེན་སྟེང་སླེབས་པར་བྱས་ཏེ། ཁྲིམས་འཛིན་ཁང་གི་ལས་བྱེད་པས་བྱ་བའི་སྤྱོད་ཚུལ་བསྒྱུར་བ་དང་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ལས་སྒོའི་ནུས་པ་མཐོར་འདེགས་གཏོང་བ་བཅས་ཀྱི་ཕྱོགས་ནས་ཕན་འབྲས་མངོན་གསལ་བྱུང་ཡོད།
འགན་ནུས་འདོན་སྤེལ་ཐད་ནས་ཐབས་ཤེས་དངོས་བཀོལ་བ་རྒྱུན་འཁྱོངས་བྱས་ཏེ། དངོས་འབྲས་འཕར་བ་དང་གསར་གཏོད་ལ་སྐུལ་འདེད་བྱེད་པར་དོ་སྣང་བྱས། གཅིག་ནས་ལམ་ལུགས་འགན་སྲུང་མངོན་གསལ་དུ་དོད་པ། རྫོང་སོ་སོའི་ཁྲིམས་འཛིན་ཅུས་ཀྱིས་རང་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཁྲིམས་འཛིན་ཁང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་གྱི་དཔྱད་ཞིབ་བྱེད་ཐབས་དང་ཕྱོགས་གཉིས་ཀྱི་དོ་དམ་ལམ་སྲོལ་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། ཁྲིམས་འཛིན་ཁང་འཁོར་སྐྱོད་བྱེད་པའི་གོ་རིམ་ཁྲོད་འབྱུང་སྲིད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས། གཉིས་ནས་ཁྲིམས་འཛིན་ཁང་གཟབ་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་བྱས། ཐོག་མཐའ་བར་གསུམ་དུ་བྱེད་ཕྱོགས་གཙོ་བོ་ནན་འཛིན་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ཀྱི་ཤུགས་ཚད་རྒྱུན་མཐུད་སྒོས་ཇེ་མཐོར་གཏོང་བ། བྱ་བའི་སྤྱོད་ཚུལ་མཐའ་གཅིག་ཏུ་དག་ཐེར་བྱེད་པ་བཅས་ཀྱིས། ཁྲིམས་འཛིན་ཁང་གི་ལས་བྱེད་པའི་བྱེད་སྟངས་མི་ལེགས་པ་སོགས་ཀྱི་གནད་དོན་རྒྱུན་མཐུད་སྒོས་བཅོས་སྐྱོང་བྱས། གསུམ་ནས“ལས་འགན་གཙོ་བོ་དང་ལས་སྒོ་གཙོ་བོ”ཇེ་ཞིབ་ཏུ་བཏང་སྟེ། སྲིད་འཛིན་ཇུས་ཆོད་གལ་ཆེན་ཁྲིམས་མཐུན་སྒོས་ཞིབ་བཤེར་དང་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཁྲིམས་མཐུན་རང་བཞིན་གྱིས་ཞིབ་དཔྱད་བྱེད་པ། སྲིད་འཛིན་ཁྲིམས་འཛིན་གྱི་ཐག་གཅོད་གལ་ཆེན་ལ་ཁྲིམས་ལུགས་ཀྱིས་ཞིབ་དཔྱད་བྱེད་པ་བཅས་བྱས་ནས། ཡུལ་ཚོ་དང་གྲོང་རྡལ་གྱིས་ཁྲིམས་ལྟར་སྲིད་འཛིན་པ་དང་ཁྲིམས་ལྟར་ཇུས་ཐག་གཅོད་པ། ཉེན་ཁ་སྔོན་འགོག་བཅས་བྱེད་པར་འགན་སྲུང་བྱས། 2023ལོར། ཁུལ་ཡོངས་ཀྱི་ཁྲིམས་འཛིན་ཁང་གིས་གཞི་རིམ་གྱི་སྲིད་གཞུང་ལ་ཁྲིམས་ལུགས་བསམ་འཆར་དང་བསམ་ཚུལ16མཁོ་སྤྲོད་བྱས་པ་དང་། སྡེ་སྲོལ་དམངས་ཆིངས22སྒྲིག་བཟོ་བྱེད་པར་མཛུབ་སྟོན་བྱས། ཉེ་བའི་ལོ་གཉིས་ཀྱི་རིང་ལ་ཁྲིམས་སྐྱོང་དྲིལ་སྒྲོག་ཐེངས1000ལྷག་སྤེལ་བ་དང་། དེའི་ནང་ཞུགས་པའི་མི་གྲངས་འབུམ་གཅིག་དང་ཁྲི་ལྔ་ལྷག་ཏུ་བསླེབས། བོད་རྒྱ་ཡིག་རིགས་གཉིས་ཀྱི་དཔེ་དེབ་ཁྲི5ལྷག་དང་དྲིལ་སྒྲོག་དངོས་པོ་ཁྲི2ལྷག་བྱིན་པ་དང་། ཁྲིམས་ལུགས་འདྲི་རྩད་ཀྱི་མི་ཐེངས་ཁྲི་གཅིག་དང་སྟོང་ལྔ་ལ་ལན་བཏབ། རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་གི་དཔེ་སྟོན་སྡེ་བ2དང་ཞིང་ཆེན་རིམ་པའི་དམངས་གཙོ་ཁྲིམས་སྐྱོང་གི་དཔེ་སྟོན་སྡེ་བ3། “ཁྲིམས་བཀུར་དང་ཁྲིམས་སློབ། ཁྲིམས་བརྩི། ཁྲིམས་བཀོལ་གྱི་དཔེ་སྟོན་དགོན་པ 2བཅས་གསར་སྐྲུན་བྱས་པ་དང་། ཁྲིམས་སྐྱོང་རིག་གནས་བརྗོད་དོན་ཡིན་པའི་ཐང་ཆེན27དང་ཁྲིམས་སྐྱོང་རིག་གནས་སྲང་ལམ6། སྡེ་བའི་ཁྲིམས་སྐྱོང་དྲིལ་སྒྲོག་བྱེད་ས148། སློབ་རའི་ཁྲིམས་སྐྱོང་རིག་གནས་རྟེན་གཞི4བཅས་བསྐྲུན་ཡོད། “ཁྲིམས་ལུགས་ཤེས་མཁན”གྱི་གསོ་སྐྱོང་བཟོ་འགོད་གསར་གཏོད་དང་ལག་བསྟར་བྱས་པ་དང་། “ཁྲིམས་ལུགས་ཤེས་མཁན”གྱི་གསོ་སྦྱོང་སྐབས60དང་མི3060ལ་གསོ་སྦྱོང་བྱས་ཏེ། ཁུལ་ཡོངས་ཀྱི་སྡེ་བ292ལ་ཁེབས་པའི་དམིགས་འབེན་མངོན་འགྱུར་བྱས། དུས་རབས་གསར་པའི“ཧྥིན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། མི་དམངས་འདུམ་འགྲིག་རྩ་འཛུགས་དང་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་འདུམ་འགྲིག་རྩ་འཛུགས་འཛུགས་པ། མངའ་ཁོངས་ཀྱི་ཆ་འཕྲིན་གནས་ཚུལ་འཚོལ་སྡུད་དང་གྲལ་བཤེར། དག་སྒྲིག་བྱེད་པ་བཅས་ལ་ཤུགས་སྣོན་པ། གཞི་རིམ་གྱི་གཉེན་སྒྲིག་ཁྱིམ་ཚང་དང་ཁྱིམ་མཚེས། གཞི་ས། གནོད་སྐྱོན་སྐྱིན་ཚབ་སོགས་ཀྱི་འགལ་བ་སྔ་མོ་ནས་འཛིན་པ་དང་འདུམ་འགྲིག་ཅི་ཐུབ་བྱེད་པ་རྒྱུན་འཁྱོངས་བཅས་བྱས་ཏེ། དུས་ཐོག་ཏུ་འགལ་བ་གཞི་རིམ་ནས་ཐག་གཅོད་པ་དང་འགལ་བ་མ་བྱུང་གོང་ལ་ཐག་གཅོད་པ་མངོན་འགྱུར་བྱས། 2023ལོར། འགལ་བ་དང་རྩོད་གཞི1005གྲལ་བཤེར་དང་འདུམ་འགྲིག་བྱས་པ་དང་། འདུམ་འགྲིག་ལེགས་འགྲུབ་བྱུང་ཚད100%ལ་སླེབས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་སྣང་བཅས་ཤུགས་ཆེན་པོས་ཇེ་མཐོར་བཏང་། མང་ཚོགས་ཀྱིས་ཐག་ཉེ་ས་ནས་སྤུས་ལེགས་དང་སྟབས་བདེའི་ཁྲིམས་ལུགས་ཞབས་ཞུ་ལོངས་སུ་སྤྱོད་ཆེད། ཡུལ་ཚོ་དང་གྲོང་རྡལ་གྱི་ཁྲིམས་འཛིན་ཁང་ལ་བརྟེན་ནས་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་ས་ཚིགས33བཙུགས་པ་དང་། སྡེ་བའི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ལ་བརྟེན་ནས་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་ཁང287བཙུགས་ལ། “སྡེ་བ་རེར་ཁྲིམས་ལུགས་བློ་འདྲི་བ་རེ”ཡོད་པའི་ལམ་ལུགས་གཟབ་ནན་གྱིས་དངོས་འབེབས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ལ་ཁྲིམས་ལུགས་འདྲི་རྩད་དང་ཁྲིམས་སྐྱོང་དྲིལ་སྒྲོག རྩོད་གཞི་འདུམ་འགྲིག ཁྲིམས་ལུགས་རོགས་སྐྱོར་སོགས་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། ཁྲིམས་ལུགས་རོགས་སྐྱོར་གྱི་གྱོད་གཞི415བདག་སྤྲོད་བྱས་པར་མ་ཟད། ཁྲིམས་ལུགས་ཡིག་རིགས1018ཚབ་འབྲི་བྱས་ལ། ཁྲིམས་སྐྱོང་འཆད་ཁྲིད་ཐེངས36དང་ཁྲིམས་ལུགས་འདྲི་རྩད་མི་ཐེངས3600བྱས་པ་དང་ཆབས་ཅིག ཁྲིམས་ལུགས་ཞབས་ཞུའི“ཆེད་ལས་ཅན”མངོན་འགྱུར་བྱས་ཏེ། ཁྲིམས་ལུགས་ཞབས་ཞུའི“མཇུག་མཐའི་སྤྱི་ལེ་གཅིག”ཤར་གཏོང་བྱས། གཙོ་གནད་མི་ཚོགས་ཀྱི་དོ་དམ་ཚོད་འཛིན་བྱེད་སྟངས་འཐུས་ཚང་དུ་བཏང་། སྡེ་ཁུལ་ཡོ་བསྲང་གི“གཅིག་ཅན་བཅུ་གཉིས”ཀྱི་ཆེད་དོན་སློབ་གསོ་སློབ་སྦྱོང་བྱ་འགུལ་དང་གཙོ་གནད་མི་ཚོགས་ཀྱི“གཙང་སེལ”ཆེད་དམིགས་བྱ་འགུལ་སོགས་རྩ་འཛུགས་བྱས་ཏེ་མགོ་བརྩམས་པ་དང་། དམིགས་བསལ་མི་ཚོགས་ཀྱི་དོ་དམ་དང་སློབ་གསོ། རོགས་སྐྱོར་བཅས་གཏིང་ཟབ་ཏུ་སྤེལ་ཏེ། སྤྱི་ཚོགས་ཡོངས་བརྟན་བརླིང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས། མི་ཤུགས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་དང་མཉམ་འབྲེལ་སྒོས《རྨ་ལྷོ་ཁུལ་གྱི་མི་སྣ“རིགས་གཉིས”ངལ་རྩོལ་ལས་ཞུགས་དང་རྩལ་ནུས་གསོ་སྦྱོང་བྱ་བའི་གྲོས་གཞི》པར་འགྲེམ་བྱས་ཏེ། ཁུལ་ཡོངས་ཀྱི་ལས་ཞུགས་དང་གསོ་སྦྱོང་མཁོ་བའི་སྡེ་ཁུལ་ཡོ་བསྲང་དང་བདེ་འགོད་རོགས་སློབ་ཀྱི་མི་སྣ“རིགས་གཉིས”རྩལ་ནུས་གསོ་སྦྱོང་གི་འཆར་གཞིའི་ཁྲོད་བཞག 2023ལོར། ཁུལ་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་དང་བདེ་འགོད་རོགས་སློབ་མི་སྣ55ལ་འཚེམ་བཟོ་རྩལ་ནུས་སོགས་ངལ་རྩོལ་རྩལ་ནུས་གསོ་སྦྱོང་བྱས། གསོ་སྦྱོང་དཔྱད་ཞིབ་མཇུག་རྫོགས་རྗེས། མི་ཤུགས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་གསོ་སྦྱོང་དུ་ཞུགས་པའི་མི་སྣ་དྲ་སྦྲེལ་གཞི་གྲངས་སྟེགས་བུའི་ལས་ཞུགས་ཁྱབ་ཁོངས་སུ་བཞག་པ་དང་། མི་སྒེར་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་འོས་འཚམ་གྱི་ལས་རྐང་འོས་སྦྱོར་བྱས་ཏེ། ཚད་ངེས་ཅན་ཞིག་གི་སྟེང་ནས་ལས་ཞུགས་བྱེད་པར་རོགས་རམ་བྱས། གཞི་རིམ་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་བྱས། ཁྲིམས་འཛིན་ཁང་ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་སྲིད་བྱ་བའི་གྲོས་ཚོགས་ལ་ཟུར་ཞུགས་བྱེད་པའི་ལམ་ལུགས་དངོས་འབེབས་བྱས་པ་དང་ཆེད་ལས་དགེ་མཚན་འདོན་སྤེལ་བྱས་པ་སོགས་ཀྱིས་ཁྲིམས་ལྟར་ཇུས་ཐག་གཅོད་པ་དང་ཁྲིམས་ལྟར་སྲིད་འཛིན་པར་སྐུལ་འདེད་བྱས། གཞི་རིམ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་པར་ཧུར་ཐག་གིས་སྐུལ་འདེད་དང་། ཡུལ་ཚོ་དང་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཁྲིམས་ལྟར་ཇུས་ཐག་གཅོད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཐག་གཅོད་པར་ཁྲིམས་ལུགས་ཀྱི་བསམ་འཆར་དང་བསམ་ཚུལ100ལྷག་འདོན་སྤྲོད་བྱས་ཤིང་། ཚད་ལྡན་གྱི་ཡིག་ཆ་དང་སྡེ་སྲོལ་དམངས་ཆིངས། སྡེ་ཁུལ་སྤྱི་ཆིངས་བཅས60གཏན་འབེབས་བྱས་ཏེ། གཞི་རིམ་གྱི་སྤྱི་ཚོགས་བརྟན་བརླིང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགན་སྲུང་བྱེད་པའི་སྲིད་ཁྲིམས་སྟོབས་ཤུགས་གལ་ཆེན་དུ་གྱུར་ཏེ། གཞི་རིམ་ཁྲིམས་སྐྱོང་གི་འཛུགས་སྐྲུན་ཆུ་ཚད་ནུས་ལྡན་སྒོས་ཇེ་མཐོར་བཏང་།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།