གཞུང་ལུགས་དྲིལ་སྒྲོག་མཁན་ལེགས་པོ་ཞིག་བྱས་ནས་དམངས་ལ་འབྲེལ་ཟམ་འཛུགས་དགོས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

གཞི་རིམ་གྱི་གཞུང་ལུགས་སྒྲོག་འགྲེལ་ནི། གཞི་རིམ་གྱི་དྲིལ་སྒྲོག་བསམ་བློ་བྱ་བར་ཤུགས་སྣོན་པ་དང་། གཞི་རིམ་གྱི་བསམ་བློའི་དྲག་ཆས་ཇེ་དྲག་ཏུ་གཏོང་བའི་གནད་འགག་གི་དུས་རིམ་དང་ནུས་ལྡན་འདྲེན་བྱེད་ཡིན། ཏང་གི་ཚོགས་ཆེན་ བཅོ་བརྒྱད་པའི་ཚུན་དུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་གསར་གཏོད་ཀྱི་འདུ་ཤེས་དང་གསར་གཏོད་ཀྱི་ལམ་བུ། གསར་གཏོད་ཀྱི་ཐེག་བྱེད་ལ་བརྟེན་ནས། མང་ཚོགས་ཀྱི་སྒྲོག་འགྲེལ་གུར་འཁོར་སྟེགས་བུ་བཀོལ་སྤྱོད་བྱས་པ་དང་། དྲང་འཛིན་གསར་གཏོད་བྱས་ནས་ཏང་གི་གསར་གཏོད་གཞུང་ལུགས་གཞི་རིམ་དུ་བསྐྱོད་པར་སྐུལ་འདེད་བཏང་ལ། སེམས་ཤུགས་གཅིག་ཏུ་བསྡུས་ནས་རིགས་སོ་སོའི་མང་ཚོགས་དུས་རབས་གསར་བར་ཧུར་ཐག་གིས་བསྐྱོད་པར་སྣེ་ཁྲིད་བྱེད་པའི་དམིགས་འབེན་འདིར་དམིགས་ཏེ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཁྱད་ཆོས་མངོན་གསལ་ཡིན་པ། མང་ཚོགས་དང་ཐག་ཉེ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མི་རིགས་ས་ཁུལ་གྱི་གཞི་རིམ་དྲིལ་སྒྲོག་བསམ་བློ་བྱ་བ་གསར་གཏོད་བྱེད་པའི་ལམ་བུ་བཏོད་པ་དང་། མཚོ་ནུབ་ཁུལ་གྱིས་གཞི་རིམ་དྲིལ་སྒྲོག་བསམ་བློ་བྱ་བར་ཤུགས་སྣོན་པའི་གསེར་གྱི་སྒོ་བྱང་བསྐྲུན།

མང་ཚོགས་ཀྱི་སྐད་ཆ་སྤྱད་དེ་ཏང་གི་བཀའ་རྒྱ་ཁྱབ་བསྒྲགས་བྱས།

མང་ཚོགས་ཀྱི་སྒྲོག་འགྲེལ་གུར་འཁོར་དུ་ད་ལྟ་ཁོངས་མི་བཅུ་དྲུག་ཡོད་པ་དང་། ཚང་མ་ཁྱད་འཇོན་ངེས་ཅན་ལྡན་པའི་རོང་འབྲོག་མང་ཚོགས་ཡིན། ཉན་མཁན་གྱི་ཐད་ནས་གཙོ་བོར་མཚོ་ནུབ་ཁུལ་གྱི་ས་ཁུལ་སོ་སོའི་གཞི་རིམ་གྱི་རིགས་སོ་སོའི་མང་ཚོགས་ལ་ཁ་ཕྱོགས་པ་དང་། གཞུང་ལུགས་དང་རིག་རྩལ། དྲ་རྒྱ་བཅས་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་ཅིང་།  བཤད་ལེན་འཆད་འཁྲབ་མཉམ་འདྲེས་བྱས་ནས། གཞུང་ལུགས་ཡོད་པ་དང་འཚོ་བ་ཡོད་པ། བྲོ་བ་ལྡན་པའི་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་ཀྱི་བརྩམས་ཆོས་ཕྱིར་བཏོན་པ་དང་། དེ་ས་དེའི་རོང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གཙོ་བོར་གྱུར་ཡོད།

མཚོ་ནུབ་ཁུལ་ཏུའུ་ལན་རྫོང་ཤིང་སྡེ་གྲོང་རྡལ་གྱི་གཞི་རིམ་བུད་མེད་ཀྱི་རིག་རྩལ་རྐང་འཛིན་པ་ཞིག་ཡིན་པའི་ཆ་ནས། གནམ་མཚོ་སྔ་གཞུག་ཏུ་བཀྲ་ཤིས་ཀྱི་བདེ་སྐྱིད་འཚོ་བ་དང་མཚོ་སྔོན་གྱི་རི་གཞས་ཏེ་ཏང་གི་བཀའ་དྲིན་བརྗེད་མི་སྲིད་སོགས་ཏང་ལ་དགའ་ཞེན་དང་ཏང་ལ་བསྔགས་བརྗོད་བྱེད་པ་དང་། བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་བྱེད་པའི་ཕུལ་བྱུང་སྒྲོག་འགྲེལ་གྱི་རིག་རྩལ་འཁྲབ་སྟོན་ཁྲོད་ཞུགས་ལ། མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད།

གུར་འཁོར་གྱིས་མང་ཚོགས་ཀྱིས་རྩོམ་སྒྲིག་དང་འཁྲབ་སྟོན་བྱེད་པ་དང་མང་ཚོགས་ཀྱིས་བལྟ་བའི་མ་དཔེ་གསར་གཏོད་བྱས་ནས། ཉེ་འགྲམ་གྱི་མིས་ཉེ་འགྲམ་གྱི་དོན་དག་བཤད་དུ་བཅུག་པས། གནམ་མཚོ་ལྟ་བུའི་མི་མང་པོ་ཞིག་མིང་དུ་གྲགས་པ་དང་། གུར་འཁོར་གྱི་མང་ཚོགས་ཁྲོད་ཀྱི་འགུག་ཤུགས་དང་རྒྱུད་སྒྲོག་ནུས་པ་ཇེ་མཐོར་སོང་།

མཚོ་ནུབ་ཁུལ་གྱིས་སྟོབས་ཤུགས་བཏོན་ནས་ཞིང་བའི་སྒྲིག་ཁྲིད་པ་སྔོག་འདོན་དང་གཞི་རིམ་གྱི་ཡོན་ཏན་པའི་འཇོན་ནུས་འདོན་སྤེལ་བྱས་པ་དང་། མ་ལག་གཞུང་ལུགས་ཀྱི་གསོ་སྦྱོང་དང་སྣེ་ཁྲིད་ལ་ཤུགས་སྣོན་པ་བརྒྱུད་དེ། མི་སེར་སྒྲོག་འགྲེལ་པ་གཙོ་གཞི་རུ་བྱས་པའི་མང་ཚོགས་སྒྲོག་འགྲེལ་དཔུང་སྡེ་བཙུགས་པ་དང་། སེམས་ཞིབ་མོས་མང་ཚོགས་ཀྱི་སྒྲོག་འགྲེལ་གུར་འཁོར་གྱི་སྒྲོག་འགྲེལ་ཚོང་རྟགས་གསར་སྐྲུན་བྱས། དུས་རིམ་མི་འདྲ་བ་སོ་སོ་རུ། གུར་འཁོར་གྱིས་འཁོར་སྐྱོད་འཆད་སྟེགས་ཀྱི་བྱེད་ཐབས་དང་། དུས་སྐབས་མི་འདྲ་བ་དང་ནང་དོན་མི་འདྲ་བའི་སྒྲོག་འགྲེལ་བརྗོད་དོན་གཙོར་བཟུང་སྟེ། ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་དང་བཟོ་གཏེར་ཁེ་ལས་སུ་སོང་ནས་ཏང་གི་གསར་གཏོད་གཞུང་ལུགས་དང་མང་ཚོགས་ཀྱི་བལྟ་འདོད་ཉན་སྤྲོ་གཉིས་མཉམ་བསྲེས་བྱས་པ་དང་། བྱ་བ་སྣ་ཚོགས་ཀྱི་བཀོད་སྒྲིག་དང་མང་ཚོགས་ཀྱི་རེ་འདོད་མཉམ་འདྲེས་བྱས་ལ། མི་རིགས་དམངས་སྲོལ་གྱི་རིག་རྩལ་འཁྲབ་སྟོན་གྱི་རྣམ་པ་སྤྱད་དེ་མངོན་པར་བྱས་ཏེ། མང་ཚོགས་ཀྱི་སྒྲོག་འགྲེལ་གུར་འཁོར་དེ་ལག་ལེན་ཁྲོད་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་བཏང་བ་དང་། མང་ཚོགས་དང་ཉེ་བར་བྱེད་པའི་ཁྲོད་འཚོ་བཅུད་དང་ཐོན་ཁུངས་སྡུད་ལེན་བྱས།

དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་ཆེད་སྣེ་ཁྲིད་བྱས།

མི་འགྱངས་པའི་སྔོན་དུ། མང་ཚོགས་ཀྱི་སྒྲོག་འགྲེལ་གུར་འཁོར་ཟླ་ཕྱེད་ཙམ་གྱི་དུས་ཚོད་ནང་། མཚོ་ནུབ་ཁུལ་གྱི་ས་ཁུལ་སོ་སོར་སོང་ནས་སྐོར་སྐྱོད་སྒྲོག་འགྲེལ་བྱས།

ན་གོར་མོ་གྲོང་ཁྱེར་དང་མང་ངེ་གྲོང་ཁྱེར་དུ། མང་ཚོགས་ཀྱི་སྒྲོག་འགྲེལ་གུར་འཁོར་གྱི་མང་ཚོགས་སྒྲོག་འགྲེལ་མི་སྣས་སྲོལ་རྒྱུན་གྱི་གཞས་མ་གཏམ་དང་གཞུང་ལུགས་སྒྲོག་འགྲེལ་སོགས་ཀྱི་རྣམ་པ་སྤྱད་པ་དང་། རི་གཞས་མཉམ་ལེན་དང་མཚོ་སྔོན་གྱི་གཞས་ཆུང་སོགས་ཕུན་སུམ་ཚོགས་པའི་ལེ་ཚན་བརྒྱུད་དེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཉེ་འགྲམ་གྱི་བྱ་བ་ཉེ་འགྲམ་ནས་བསྒྲུབ་དགོས་པ་བཤད་པ་དང་། གོ་སླ་བའི་སྐད་ཆ་སྤྱད་དེ་སྒྲོག་འགྲེལ་བྱས་པ་དང་གནས་ལུགས་ཆེན་པོ་བཤད་ལ། ཤན་ཤུགས་ཆེན་པོའི་འོག་ཏང་གི་གསར་གཏོད་གཞུང་ལུགས་དེ་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས།

མང་ཚོགས་ཀྱི་སྒྲོག་འགྲེལ་གུར་འཁོར་གྱིས་སྒྲོག་འགྲེལ་ཁྲོད་ས་ཁུལ་སོ་སོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ལ་དམ་དུ་དམིགས་པ་དང་། དུས་ཚོད་དང་ས་བབ་དང་བསྟུན་ནས། དུས་ཐོག་རྗེས་འདེད་ཀྱིས་ཤུགས་སྣོན་སྐུལ་སློང་གི་སྒྲོག་འགྲེལ་གཞས་མིང་སྒྲིག་ཁྲིད་བྱས་པ་དང་། མཚོ་ནུབ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་གནད་འགག་དུས་རིམ་དང་གནད་འགག་དུས་སྐབས་སུ་སྣང་ཚུལ་བཟང་བོ་བསྐྲུན་པ་དང་། ངར་སེམས་ཆེར་སྐྱེད་པ་དང་དཀའ་ཁག་ཁྱད་སེལ་བྱེད་པའི་ཐད་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས།

ལོ་མགོར་གཏན་ཁེལ་བྱས་པའི་བྱ་བའི་གཙོ་གནད་དབྱེ་ཕྲལ་བྱས་རྗེས་གཏམ་རྒྱུད་ཅན་དང་སྣང་ཡུལ་ཅན། བྱུང་རིམ་ཅན་དུ་བསྒྱུར་ནས་འགྲེམ་སྟོན་བྱས་པ་དང་། སྟེགས་བུ་བརྒྱུད་དེ་ས་ཁུལ་སོ་སོ་དང་ལས་རིགས་སོ་སོ། གྲོང་སྡེ་སོ་སོས་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་དམིགས་ནས་ངར་སྐྱེད་མདུན་སྐྱོད་དང་དཀའ་སྤྱད་འབད་འཐབ་བྱེད་པའི་བསམ་པའི་རྣམ་པ་འགྲེམ་སྟོན་བྱས་པ་དང་། ཡུལ་དངོས་ཀྱི་ཉན་མཁན་དང་ལྟ་མཁན་ཚོར་སྐུལ་སློང་ཆེན་པོ་ཐེབས། སྒྲོག་འགྲེལ་ཁྲོད། མི་སེམས་གཅིག་བསྡུ་དང་སྟོབས་ཤུགས་གཅིག་བསྡུ་བྱས་པ་དང་། གུར་འཁོར་གང་ལ་ཐོན་ན། དེ་རུ་དགོད་སྒྲའི་ཁེངས་ཤིང་འཆམ་མཐུན་གྱི་རྣམ་པ་མངོན་ལ། མཚོ་ནུབ་ཀྱི་འཕེལ་རྒྱས་ཐད་གསོན་ཤུགས་ཆེན་པོ་བསྣན།

སྒྲ་གཟུགས་གཉིས་ལྡན་དང་རྩེད་སློབ་ཟུང་འབྲེལ་ཁྲོད། མཚོ་ནུབ་ཁུལ་གྱིས་སྐྱེ་ཁམས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོ་འགྲེམ་སྟོན་བྱས་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་གོམ་པ་བརྟན་པོ་སྤོས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་བྱེད་པའི་གཙོ་གནད་གཉིས་འབུར་དུ་ཐོན་པར་བྱས་པ་དང་། ན་གོར་མོའི་ཚྭ་མཚོའི་ལྗང་མདོག་ཐོན་ལས་ར་བ་དང་གཏེར་ལེན་ཁའི་དག་གཙང་ནུས་ཁུངས་དང་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་ར་བ་འཛུགས་སྐྲུན་བྱེད་པའི་ཚད་གཞི་གཉིས་བཙུགས། ཚྭ་འདམ་གཞོང་གི་ཁོངས་ཡོངས་སྐྱེ་ལྡན་འཕང་འབྲས་འདེབས་གསོ་རྟེན་གཞི་དང་འཁྱག་མཚོའི་ལྗང་མདོག་རྩིས་ནུས་ཀྱི་ཁྱད་ལྡན་གྲོང་རྡལ་གསར་སྐྲུན་བྱེད་པའི་ཁྱད་ཆོས་གཉིས་མངོན་པར་བྱས་ལ། ལྕགས་རིགས་བཙོ་སྦྱང་དང་སྣུམ་རླངས་རྫས་འགྱུར་བཟོ་ལས་སོགས་སྲོལ་རྒྱུན་དགེ་མཚན་ཐོན་ལས་གཞི་གྲངས་ཅན་ཚུལ་སྒྱུར་རིམ་སྤོར་བྱས་པ་དང་། ལྗང་མདོག་རྩིས་ནུས་འཕེལ་རྒྱས་སུ་གཏོང་རྒྱུ་སྣེ་ཁྲིད་དུ་བྱས་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་གོམ་སྟབས་ཉིན་རེ་བཞིན་ཇེ་མགྱོགས་སུ་སོང་།

མཚོ་ནུབ་ཁུལ་འཕེལ་རྒྱས་སུ་གཏོང་བའི་གར་སྟེགས་སྟེང་། གུར་འཁོར་གྱིས་བབ་བསྟུན་མདུན་སྐྱོད་དང་གོམ་སྤོས་རྗེས་འདེད་བྱས་པ་དང་། མདུན་སྟེགས་སུ་བསྐྱོད་པ་དང་སྣེ་ཁྲིད་དངོས་སྒྲུབ་ཀྱི་ནུས་པ་འདོན་བཞིན་ཡོད།

གསར་གཏོད་བྱས་ནས་སྒྲོག་འགྲེལ་ལ་སྔར་ལས་གསོན་ཤུགས་ལྡན་པར་བྱས།

འབད་འཐབ་ལྷོད་མེད་དང་འཚོལ་སྙེག་གསར་གཏོད་བརྒྱུད་དེ། མང་ཚོགས་ཀྱི་སྒྲོག་འགྲེལ་གུར་འཁོར་གྱིས་སྒྲོག་འགྲེལ་ཁྲོད་མཚོ་ནུབ་ཀྱི་ཁྱད་ཆོས་ལྡན་པའི་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་གྱི་ལམ་བུ་བཏོད་པ་དང་། དྲིལ་སྒྲོག་པ་དང་འབྲེལ་ཟམ་གྱི་སྣང་བརྙན་བཟོ་སྐྲུན་བྱས་ལ། མཚོ་ནུབ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་རྫོགས་མཐའ་མེད་པ་དང་འཛད་མཐའ་མེད་པའི་བསམ་པའི་ཐོན་ཁུངས་དང་ཕན་ནུས་བསྩལ།

མཚོ་ནུབ་ཁུལ་གྱིས་བབ་བསྟུན་ལེགས་འདྲེན་དང་བབ་བསྟུན་ལས་སྒྲུབ་བྱས་པ་དང་། སྒྲོག་འགྲེལ་གུར་འཁོར་རྐང་འཛུགས་ས་རུ་བྱས་ཏེ། སྔ་རྗེས་སུ་ཁུལ་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་དང་རོང་འབྲོག་དམངས་ཀྱི་སྒྲོག་འགྲེལ་རུ་ཁག བཟོ་བའི་སྒྲོག་འགྲེལ་རུ་ཁག སོག་བོད་སྐད་ཀྱི་སྒྲོག་འགྲེལ་རུ་ཁག དམངས་དམག་སྐད་གཉིས་སྒྲོག་འགྲེལ་རིག་གནས་རུ་ཆུང་སོགས་སྒྲོག་འགྲེལ་དཔུང་སྡེ་བཙུགས་པ་མ་ཟད། སེམས་ཞིབ་མོས་དང་བླངས་ཞབས་ཞུའི་སྒྲོག་འགྲེལ་ཚོགས་པ་སོགས་མང་ཚོགས་སྒྲོག་འགྲེལ་ཁྱད་ལྡན་ཚོང་རྟགས་བཅུ་གསར་སྐྲུན་བྱས་པ་དང་། མང་ཚོགས་སྒྲོག་འགྲེལ་མི་སྣའི་དཔུང་སྡེ་ཡང་མགྱོགས་མྱུར་སྒོས་རྒྱ་བསྐྱེད། མིག་སྔར། གཞི་རིམ་གྱི་སྒྲོག་འགྲེལ་པ་བརྒྱ་དང་དྲུག་ཅུ་ཡོད་པ་དང་། ཁུལ་ཡོངས་ཀྱི་དྲ་ཐོག་གི་སྐོར་ཁག་དང་པོའི་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་པ་སོ་བཞི་གཏན་འཁེལ་བྱས།

གཞུང་ལུགས་སྒྲོག་འགྲེལ་གྱི་མ་དཔེ་སྟེང་ནས། མཚོ་ནུབ་ཁུལ་གྱིས་ཏང་གི་གསར་གཏོད་གཞུང་ལུགས་དང་གཞི་རིམ་བྱ་བའི་འདྲེས་གནས་ཡང་དག་དང་མང་ཚོགས་ཀྱི་བསམ་བློའི་ཟུང་འབྲེལ་གནས། གནས་ཚུལ་དངོས་ཐག་གཅོད་པའི་རྐང་འཛུགས་ས་ཡང་དག་བཙལ་བ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཆེས་ཐད་ཀར་དང་ཆེས་གཏིང་ཟབ་པའི་སྒོ་ནས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་བརྒྱུད་སྒྲོག་བྱས། མང་ཚོགས་ཀྱི་སྒྲོག་འགྲེལ་གུར་འཁོར་དང་ཐེམ་ཆེན་རྫོང་གི་ལྷ་མཚོའི་མགོ་ཁུངས་ཀྱི་དང་བླངས་ཞབས་ཞུའི་སྒྲོག་འགྲེལ་ཚོགས་པ་སོགས་གཞི་རིམ་གྲོང་སྡེ་དང་བཟོ་གཏེར་ཁེ་ལས། ལས་ཁུངས་དང་སློབ་གྲྭ་རུ་སོང་ནས་སྒྲོག་འགྲེལ་བྱས་པ་དང་། རྟ་ཐོག་སྒྲོག་འགྲེལ་དང་སྦྲ་གུར་སྒྲོག་འགྲེལ་སོགས་སྐོར་སྐྱོད་སྒྲོག་འགྲེལ་ཆུང་བས་ཏང་གི་གསར་གཏོད་གཞུང་ལུགས་ཞིང་ཁ་དང་འཁོར་ཁང་། རི་སྡེ་སོགས་སུ་སྒྲོག་འགྲེལ་བྱས་ནས། གཞུང་ལུགས་སྒྲོག་འགྲེལ་བྱ་བས་ཡོངས་སུ་ཁེབས་པར་བྱས།

མཚོ་ནུབ་ཁུལ་གྱིས་མང་ཚོགས་ཀྱི་སྒྲོག་འགྲེལ་གུར་འཁོར་གྱི་གསར་གཏོད་བྱེད་ཐབས་གཙོ་གནད་དུ་བཟུང་བ་དང་།  ཏང་འཛུགས་གཞུང་ལུགས་དང་དམངས་ཕན་སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ། སྲོལ་རྙིང་བསྒྱུར་འདོར་སོགས་ འདུ་བའི་སྒྲོག་འགྲེལ་གསལ་ཕྲར་དབྱེ་ཞིབ་ཡང་དག་བྱས་ལ། གཅིག་ཁ་གཅིག་གཏད་ཀྱིས་དགོས་མཁོ་སྡུད་རུབ་བྱེད་པའི་སྒྲོག་འགྲེལ་མ་དཔེ་ཁྱབ་གདལ་དུ་བཏང་བ་དང་། མང་ཚོགས་ཀྱིས་རེ་བ་འདོན་པ་དང་སྒྲོག་འགྲེལ་རུ་ཁག་གིས་དང་ལེན་བྱེད་པ། ཉན་མཁན་ཚོས་གདེང་འཇོག་བྱེད་པའི་ཕྲེང་འབྲེལ་ཧྲིལ་བོའི་མ་ལག་བཙུགས་ནས། སྒྲོག་འགྲེལ་གཞི་རིམ་དང་ཐག་ཉེ་བ་དང་འཚོ་བ་དང་ཐག་ཉེ་བ། སྔར་ལས་དྲང་ཕྱོགས་ཀྱི་ནུས་ཚད་ལྡན་པར་བྱས་པ་དང་། ལག་ལེན་གྱི་ཁྲོད་ནས་བརྒྱུད་སྒྲོག་གི་ས་ཁམས་སྟེང་གི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་གནད་དོན་ཐག་བཅད་པར་མ་ཟད། རྒྱ་ཆེའི་མང་ཚོགས་ཀྱི་སེམས་ཁོང་གི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གཞི་རིམ་དྲིལ་སྒྲོག་ལག་ལེན་གྱི་ལམ་བུ་བཏོད།

རིན་ཆེན་མཚོས་བསྒྱུར།