ངོས་འཛིན་ཟབ་སྤེལ་ཁྲོད་ཡར་བརྩོན་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ལ།  དངོས་སྒྲུབ་འགན་ལེན་ཁྲོད་སྤྱོད་ཚུལ་བཅོས་བསྒྱུར་ཏན་ཏིག་བྱེད་དགོས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

----ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས།

ཉེ་ལམ།  ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་རྒྱུན་ལས་ཨུ་ཡོན་གྱི་རྒྱས་འཛོམས་གྲོས་ཚོགས་བསྡུ་བའི་རྣམ་པ་ལ་བརྟེན་ནས།  ཆེད་དུ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། དུས་རབས་གསར་བའི་ནང་སྤྱོད་ཚུལ་ལེགས་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་ནན་བཤད་བྱས་པ་དང་།  ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱེད་པ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བཟུང་ནས། ངོས་འཛིན་ཟབ་སྤེལ་ཁྲོད་ཡར་བརྩོན་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ལ། དངོས་སྒྲུབ་འགན་ལེན་ཁྲོད་སྤྱོད་ལམ་བཅོས་བསྒྱུར་ཏན་ཏིག་བྱེད་དགོས།  སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཁྲོད་ལས་སྒྲུབ་ངར་ཤུགས་ཆེར་སྐྱེད་བྱེད་དགོས།

ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཀྱི་བླང་བྱ་བཏོན་ཏེ།  སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཁྲོད་ངོས་འཛིན་ཟབ་སྤེལ་བྱེད་དགོས་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ཡིད་ལ་དམ་པོར་བཟུང་ནས།  ཏང་ཀྲུང་དབྱང་གི་ཐག་གཅོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དང་། ཟི་ལིང་གི་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་དམིགས་འབེན་དུ་བཟུང་སྟེ།  སྤྱོད་ཚུལ་ལེགས་སྐྱོང་གི་གལ་ཆེན་རང་བཞིན་དང་།  དགོས་ངེས་རང་བཞིན།  བྲེལ་མྱུར་རང་བཞིན་བཅས་ཀྱི་ངོས་འཛིན་ཟབ་སྤེལ་བྱེད་དགོས་པ་དང་།  སྤྱོད་ཚུལ་ལེགས་སྐྱོང་དམ་འཛིན་བྱེད་པའི་རྣམ་འགྱུར་བརྟན་པོ་ཡིན་པ།  བསམ་བློ་དང་ལག་ལེན་གནད་ལ་འཁེལ་བར་འགན་ལེན་བྱས་ཏེ།  ཟི་ལིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།  ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས་རང་འགུལ་འདུ་ཤེས་ཆེར་སྐྱེད་བྱེད་དགོས་པ་དང་།  སྤྱོད་ཚུལ་ལེགས་སྐྱོང་གི་རིག་ལམ་དང་འཕེལ་ཕྱོགས་ལ་རྟོགས་ཞིབ་གསལ་བོ་བྱེད་དགོས་པར་མ་ཟད།  ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལ་རྐང་བཙུགས་ནས་ཁྱོན་ཡོངས་སྐུལ་འདེད་བྱེད་པ་དང་།  ས་ཁུལ་གྱི་ཁྱད་ཆོས་ལ་རྐང་བཙུགས་ནས་ཡང་དག་པའི་ཐབས་ཇུས་འདོན་པ།  ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་རྐང་བཙུགས་ནས་མུ་མཐུད་དུ་སྟོབས་ཤུགས་འབུལ་དགོས།  ལག་ལེན་དོན་འཁྱོལ་བྱེད་པའི་གོ་རིམ་ཁྲོད་གྲུབ་འབྲས་ཆེར་སྐྱེད་བྱེད་དགོས་ལ།  གོང་དང་འོག་གི་འབྲེལ་བ།  རྩ་བ་དང་ཡན་ལག་གི་འབྲེལ་བ།  ཕྱི་དང་ནང་གི་འབྲེལ་བ་སོགས་ཐག་གཅོད་ཡང་དག་བྱེད་དགོས་པ་དང་།  ཟི་ལིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ལས་བྱེད་རུ་དཔུང་གི་བསམ་བློ་དང་སྤྱོད་ཚུལ་དངོས་ལ་དམ་པོར་འབྲེལ་ནས།  བྱ་བའི་འགན་འཁྲི་ཏན་ཏིག་གིས་ཁུར་ཏེ།  དཔལ་འབྱོར་འཁོར་བསྐྱོད་དང་འཆར་འགོད་སྒྲིག་བཟོ།  བདེ་འཇགས་འཛུགས་སྐྲུན་སོགས་ལས་འགན་ལ་གཅིག་གྱུར་དམ་འཛིན་བྱས་ཏེ།  འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་དེ་སྤྱོད་ཚུལ་ལེགས་སྐྱོང་གི་གྲུབ་འབྲས་ཁྲོད་མངོན་པར་བྱེད་དགོས།

མཚོ་ཤར་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཀྱི་བླང་བྱ་བཏོན་ཏེ།  དུས་རབས་གསར་བའི་སྤྱོད་ཚུལ་ལེགས་སྐྱོང་གི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཟབ་སྤེལ་བྱེད་དགོས་པ་དང་།  ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དང་སློབ་སྦྱོང་བྱེད་པ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བཟུང་སྟེ།  ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བྱེད་དགོས་པ་དང་།  ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་ངོ་བོ་དང་ནང་དོན་ལ་གོ་བ་ལེན་པའི་ཁྲོད་དཀའ་གནད་ཀྱི་ངོས་ཟིན་ཇེ་གསལ་དུ་གཏོང་དགོས།  ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་གི་བླང་བྱ་ལྟར་སྤྱོད་ཚུལ་ལེགས་སྐྱོང་ལ་ཤུགས་སྣོན་བྱེད་དགོས་པ་དང་།  སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཁྲོད་མདུན་བསྐྱོད་ཀྱི་ཁ་ཕྱོགས་གཏན་ཁེལ་དང་།  ལས་སྒྲུབ་ངར་ཤུགས་ཆེར་སྐྱེད་བྱས་ཏེ།  དོན་དངོས་ཐོག་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་བསྟར་བྱེད་དགོས།  ནན་ཏན་སྒོས་དུས་རབས་གསར་བའི་སྤྱོད་ཚུལ་ལེགས་སྐྱོང་གི་ལག་ལེན་བླང་བྱ་དོན་འཁྱོལ་བྱས་ཏེ།  གྲུབ་འབྲས་དངོས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས་ལ།  ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བྱ་བའི་ལས་འགན་དམིགས་འབེན་དུ་བྱས་ཏེ།  སྤུས་ཚད་མཐོ་བའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་དགོས་པ་དང་།  བརྟན་བརླིང་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ལ།  སེམས་ཤུགས་གཅིག་སྒྲིལ་སྒོས་དམངས་ཚིས་བདེ་སྐྱིད་ལ་འགན་སྲུང་བྱེད་དགོས།  ཐབས་མང་མཉམ་སྤྱོད་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་སྟེ།  ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས་དང་།  ནུས་ཤུགས་ཡོད་རྒུས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་མཚོ་ཤར་གྲོང་ཁྱེར་དུ་དོན་འཁྱོལ་བྱེད་དགོས།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལས་ནན་གྱིས་བསྟན་དོན།  སྤྱོད་ལམ་ལ་བརྟེན་ནས་ཆབ་སྲིད་སྟོབས་ལྡན་དུ་གཏོང་དགོས་ལ།  ཀྲུང་དབྱང་གི་གཏན་ཕབ་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ།  དོན་དངོས་ཐོག་སྤྱོད་ཚུལ་ལེགས་སྒྱུར་དང་ཆབ་སྲིད་སྟོབས་ལྡན་དུ་གཏོང་དགོས།  སྤྱོད་ཚུལ་ལེགས་པོས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས་ལ།  སྐྱེ་ཁམས་ཀྱི་རིན་ཐང་ཤུགས་འདོན་ས་རུ་བྱས་ཏེ།  དག་གཙང་གི་ནམ་མཁའ་དང་།  ཆུ་བོ།  ཁོར་ཡུག་བཅས་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་།  ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་གི་གྲུབ་འབྲས་རྒྱ་བསྐྱེད་དང་ཟབ་སྤེལ་བྱེད་དགོས་པར་མ་ཟད།  ཆུ་ཚད་མཐོ་བའི་ངང་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།  སྤྱོད་ཚུལ་ལེགས་སྐྱོང་ལ་བརྟེན་ནས་གཙོ་གནད་བཟོ་ལས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་པ་དང་།  རྒྱུན་མཐུད་ངང་ལས་གཞིའི་དངུལ་གཏོང་དམ་འཛིན་བྱས་ཏེ།  ཤུགས་ཆེན་པོས་ཞིང་ཕྱུགས་ལས་རིགས་ཀྱི་མི་འདང་ས་ཁ་སྐོང་བྱེད་དགོས་ལ།  ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་སྟེ།  ཁྱོན་ཡོངས་ནས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་དགོས།  སྤྱོད་ཚུལ་ལེགས་སྐྱོང་ལ་བརྟེན་ནས་མི་དམངས་ལ་ཕན་བདེ་བསྐྲུན་དགོས།   ཐབས་མང་མཉམ་སྤྱོད་སྒོས་ལས་ཞུགས་བརྟན་སྲུང་དང་ཡོང་འབབ་འཕར་སྣོན་བྱས་ཏེ།  རིག་གནས་ཡུལ་སྐོར་སོགས་དམངས་ཕན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་།  མགྱོགས་མྱུར་ངང་གཞི་རྩའི་སྤྱི་བའི་ཞབས་ཞུ་འཐུས་ཚང་དུ་གཏོང་དགོས།  སྤྱོད་ཚུལ་ལེགས་བསྒྱུར་ལ་བརྟེན་ནས་ཏང་འཛུགས་བྱ་བ་དམ་འཛིན་བྱེད་དགོས་པ་དང་།  རྒྱུན་མཐུད་ངང་སྐྱེ་ཁམས་གཉིས་སླར་གསོ་དང་།  སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱ་བསྐྱེད་དང་ཟབ་སྤེལ་བྱས་ཏེ།  ཕྱོགས་ཡོངས་ནས་ཆབ་སྲིད་བརྗོད་པ་དང་སྒྲིག་ལམ་སྲུང་བ།  གོ་རིམ་ལྡན་པ་བཅས་ཀྱི་རྣམ་པ་བཟང་བོ་བསྐྲུན་དགོས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན།  གྲོས་ཚོགས་ལས་བསྟན་པའི་ཐབས་ཇུས་དམིགས་འབེན་དང་ལས་འགན་གལ་ཆེན་གཞིར་བཟུང་ནས།  མཚོ་ལྷོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དངོས་དང་དམ་པོར་འབྲེལ་ཏེ།  གྲོས་ཚོགས་ཀྱི་དགོངས་དོན་དེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཇུས་འགོད་བྱེད་པ་དང་བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་སུ་བསྒྱུར་དགོས།  ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཁོར་བསྐྱོད་ཀྱི་བཀོད་སྒྲིག་དམ་འཛིན་བྱས་ཏེ།  འཕེལ་རྒྱས་དང་ལས་ཞུགས།  ཁྲོམ་ར་བཅས་བརྟན་བརླིང་ཡོང་བར་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད།  ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས།  རང་རྟོགས་ཀྱིས་མཚོ་ལྷོའི་འཕེལ་རྒྱས་དེ་རྒྱལ་ཁབ་དང་ས་ཁུལ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཚད་ལེན་བྱེད་དགོས་ལ།  སྤུས་ཚད་མཐོ་བའི་ངང་ཁུལ་ཡོངས་ཀྱི་ལོ་ལྔའི་འཆར་འགོད་ཐེངས་བཅོ་ལྔ་བ་བཟོས་ནས།  འཆར་འགོད་ཀྱི་ནང་དོན་ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཚད་གཞིར་འཛིན་དགོས།  བདེ་འཇགས་མཚོ་ལྷོ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་།  ནུས་ལྡན་ངང་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་དག་སེལ་བྱེད་དགོས།  དུས་དང་རྣམ་པ་ཀུན་དུ་བདེ་འཇགས་གཙིགས་སུ་བཟུང་ནས།  ཞོད་འགོག་དང་ཉེན་སྐྱོབ་དང་།  ཐོན་སྐྱེད་བདེ་འཇགས་སོགས་ཀྱི་བྱ་བ་དམ་འཛིན་བྱེད་དགོས།  རྒྱུན་མཐུད་ངང་ཀྲུང་དབྱང་སྐོར་ཞིབ་ཚོགས་པས་ཕྱིར་ལྡོག་བྱས་པའི་བསམ་འཆར་ལེགས་བཅོས་བྱེད་པ་དང་སློབ་སྦྱོང་སློབ་གསོའི་བྱ་བ་དམ་འཛིན་བྱས་ཏེ།  དོན་དག་ཆེ་མ་ཆུང་གསུམ་གང་ཡིན་ཡང་ཐག་གཅོད་ཐུབ་པར་བྱེད་དགོས།  ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ལས་འགན་ལེགས་པར་སྒྲུབ་སྟེ།  བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱ་བ་འཕེལ་རྒྱས་གཏིང་ཟབ་གཏོང་བར་སྐུལ་འདེད་དང་།  རྒྱུན་མཐུད་ངང་ཁུལ་ཡོངས་ལ་དག་གཙང་རྣམ་དག་གི་ཆབ་སྲིད་ཀྱི་སྐྱེ་ཁམས་ཤིག་བསྐྲུན་དགོས།

མཚོ་བྱང་བོད་རིགས་རང་སྐྱོབ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ལས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དྲིན་གཟོ་ཤེས་པ་དང་བརྩེ་བ་ཡོད་པ། དངོས་གཉེར་གཙོར་འཛིན་བཅས་ཀྱི་ཁྲིད་ཕྱོགས་གསལ་བོར་གོ་བ་ཟབ་མོ་ལེན་པ་དང་། ཟུར་སྣེ་བཞིའི་གནས་བབ་བརྡར་གཅོད་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་ཅིང་། ཕྱོགས་བཞིའི་ངོས་འཛིན་གནད་དོན་ཐག་གཅོད་ནན་མོ་བྱེད་པ། འབྲེལ་བ་བཞིའི་ནང་གནས་གཏན་ཚིགས་གསལ་བོར་རྟོགས་པ་དང་། ལས་འགན་ལྔའི་ལག་ལེན་ཐབས་ལམ་དམ་འཛིན་ཡང་དག་བཅས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་མཚོ་བྱང་དུ་ལག་བསྟར་གཏིང་ཟབ་བྱས་ནས་ཕན་འབྲས་མཐོང་ཐུབ་པར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཏང་རྩ་འཛུསག་ཀྱིས་འགན་འཁྲི་གཙོ་བོ་ལག་བསྟར་ནན་མོ་བྱེད་པ་དང་།  བསམ་བློ་དང་བྱ་སྤྱོད་གཉིས་ཞིང་ཆེན་ཏང་ཨུའི་བླང་བྱ་གལ་ཆེན་སྟེང་གཅིག་གྱུར་བྱས་ནས། བྱ་བའི་དམིགས་འབེན་དེ་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་སྡུད་བྱེད་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སྔ་ཙམ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། 1+10གི་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་རྐྱེན་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དུས་ལྟར་གཞི་རིམ་གྱི་ལས་ཡུལ་དང་པོར་བརྒྱུད་སྒྲོག་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ལས་བསྟན་པའི་ཟུར་སྣེ་བཞིར་བརྟེན་ནས་འཕེལ་རྒྱས་ལ་ལྟ་བ་དང་སྤྱོད་ཚུལ་ལ་ལྟ་བའི་བླང་བྱ་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་།  སྤྱོད་ཚུལ་གྱི་འགྱུར་ལྡོག་ཆེན་མོར་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། དམངས་ཚིས་བདེ་སྐྱིད་སོགས་ཀྱི་ཐད་ཕན་འབྲས་གསར་བ་ལེན་པ་དང་སྐས་རིམ་གསར་བར་སྤོས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་མཚོ་བྱང་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ནས་འབྲས་བུ་སྨིན་པར་སྔར་ལས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ལས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མགྱོགས་མྱུར་ངང་བསམ་བློ་དང་བྱ་སྤྱོད་གཉིས་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་།  དམ་པོ་དང་ཞིབ་མོ། ནན་མོ་བཅས་ཀྱི་བྱ་བའི་རྣམ་འགྱུར་ལ་བརྟེན་ནས། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོར་བསྐྲུན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བ་བཅས་ཀྱི་ཐད་ནས་ཕན་འབྲས་གསར་པ་བླངས་ཏེ། ནུས་ཤུགས་ཡོད་རྒུས་ཡུས་ཧྲུའུ་ཡི་བྱ་གཞག་སྣ་ཚོགས་སྐས་རིམ་གསར་པར་སླེབས་པ་དང་བཀྲགས་མདངས་འཚེར་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། གྲོས་ཚོགས་ལས།  ཁུལ་ཡོངས་ཀྱི་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ནས། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩི་དགོས་ལ། དངོས་ཡོད་དང་ཟུང་འབྲེལ་བྱས་ཏེ་རྩ་འཛུགས་ལེགས་པོ་དང་། སྐུལ་འདེད་བཟང་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། གོ་རིམ་བཞིན་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱེད་པ་དང་། གཅིག་བསྡུས་བརྒྱུད་སྒྲོག་སློབ་སྦྱོང་གི་རྨང་གཞིའི་སྟེང་། ཞིང་ཆེན་དང་ཁུལ་གྱི་ཏང་གི་སློབ་གྲྭའི་དགེ་རྒན་གདན་ཞུ་བྱས་ནས་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་སྤེལ་ཏེ། ངོས་འཛིན་ཇེ་ཟབ་ཏུ་གཏོང་དགོས། ཁུལ་དང་རྫོང་གི་རྩ་འཛུགས་སྡེ་ཁག་དང་ཏང་གི་སློབ་གྲྭས་ལས་བྱེད་པའི་སློབ་གསོའི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལས་བྱེད་མི་སྣའི་སློབ་གསོ་གསབ་སྦྱོང་གི་ནང་དོན་གཙོ་བོར་བཞག་ནས། ནང་དོན་འདེམ་པ་དང་སློབ་ཁྲིད་ལ་གྲ་སྒྲིག་ལེགས་པོ་བྱེད་ཅིང་། སློབ་ཁྲིད་ཀྱི་དུས་ཚོད་ངེས་ཅན་ཡོད་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ལས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་པར་བརྟེན། ཁུལ་ཡོངས་ཀྱིས་དྲིན་གཟོ་ཤེས་པ་དང་བརྩེ་བ་ཡོད་པ། དངོས་གཉེར་གཙོར་འཛིན་བཅས་ཀྱི་འབོད་སྐུལ་དང་ལེན་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བླང་བྱ་ཡང་དག་དམ་འཛིན་བྱེད་ཅིང་། མཉམ་ཤུགས་གཅིག་སྡུད་བྱེད་པ་དང་། སྤྱོད་ཚུལ་ལེགས་པོར་བརྟེན་ནས་སྐྱོད་ལམ་གསར་བར་འབད་པས་བསྐྱོད་དགོས་པར་བསྟན། གྲོས་ཚོགས་ལས། ཏང་གཤིས་བླ་སྲོག་ཏུ་འཛིན་པ་དང་། མི་དམངས་རྩ་བར་འཛིན་པ། དངོས་གཉེར་གཙོ་བོར་འཛིན་པ་བཅས་བྱས་ཏེ། དངོས་གཉེར་གཙོར་འཛིན་གྱི་ཆབ་སྲིད་ཁག་ཁུར་ཕྲག་ཏུ་ལེན་པ་དང་། ཡིད་ཆེས་ཇེ་བརྟན་དང་དངོས་སྒྲུབ་སྔོན་བརྩོན་བྱས་ནས། མགོ་ལོག་གི་ལས་བྱེད་མི་སྣའི་དུས་རབས་ཀྱི་སྣང་བརྙན་མངོན་དགོས། ཐོག་མཐའ་བར་གསུམ་དུ་གཞི་གདངས་ནན་མོ་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཁག་ཁུར་ཇེ་ཆེར་བཏང་སྟེ། སྤྱོད་ཚུལ་ཚུལ་སྒྱུར་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་ཅིང་། སྲིད་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ལས་བྱེད་པའི་དཔུང་སྡེ་སྟོབས་ལྡན་འཛུགས་དགོས་ལ། ལེགས་བཅོས་ལ་བརྟེན་ནས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་སྐྱེ་ཁམས་ཀྱི་རི་སྔོ་ཆུ་དྭངས་འཛུགས་སྐྲུན་བྱེད་དགོས་པ་ནན་གྱིས་བསྟན། གྲོས་ཚོགས་ལས། སློབ་གསོ་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་འཐུས་ཚང་འཛུགས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཉམ་འདྲེས་འགུལ་སྐྱོད་ཟབ་སྤེལ་བྱས་ཏེ། འབྲེལ་གསུམ་བྱ་འགུལ་སྤེལ་བ་དང་། གསར་འཛུགས་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་མགོ་ལོག་གི་མ་དཔེ་འཛུགས་དགོས། འདུ་ཤེས་འཛིན་སྟངས་ཀྱི་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྤྱོད་ཚུལ་ཚུལ་སྒྱུར་ལ་བརྟེན་ནས་འཐབ་ཡུལ་བརྟན་པོར་སྲུང་བ་དང་། ཚད་མཐའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ལས་འགན་འགན་འཁྲི་ཕྲག་ཏུ་ལེན་དགོས་པའི་བླང་བྱ་བཏོན།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ལས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་འགན་འཁྲི་གཙོ་བོ་ལག་བསྟར་ནན་མོ་བྱས་ཏེ། སྔོན་ལ་སློབ་སྦྱོང་བྱེད་པ་དང་སྔར་ལས་གཏིང་ཟབ་སྒོས་སློབ་པ་རྒྱུན་འཁྱོངས་བྱེད་ཅིང་། རང་རྟོགས་ངང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་དེ་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་བྱེད་པའི་ནང་དོན་གཙོ་བོར་བཞག་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་བྱས་ཏེ་གོ་བ་ལེན་པ་དང་། དགོངས་དོན་གྱི་ངོ་བོ་གསལ་བོར་རྟོགས་པ། ནང་དོན་གྱི་སྙིང་བོར་རྒྱུས་ལོན་པ་བཅས་ལ་ཁྲིད་སྟོན་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་དངོས་སུ་བསམ་བློའི་ཐུན་མོང་ངོས་འཛིན་དང་རང་རྟོགས་བྱ་སྤྱོད་ལ་བསྒྱུར་དགོས། རྒྱ་ཆེར་དང་གཏིང་ཟབ་ངང་དྲིལ་སྒྲོག་དང་འགྲེལ་ཀློག་བྱས་ནས། གྲོང་ཁྱེར་དང་རྫོང་སོ་སོ་དང་། དྲིལ་སྒྲོག་དང་ཏང་གི་སློབ་གྲྭ་སོགས་སྡེ་ཁག་གིས་དྲིལ་སྒྲོག་གསབ་སྦྱོང་གི་ཇུས་གཞི་གཏན་འབེབས་བཟོ་བ་དང་། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱ་ཆེར་དྲིལ་སྒྲོག་དང་འགྲེལ་ཀློག་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྲུན་ལ་རྒྱུན་མཐུད་སྒོས་ཤུགས་སྣོན་པ་དང་། ཚང་འཛོམས་གྲོས་ཚོགས་ལས་བཏོན་པའི་སྤྱོད་ཚུལ་འཛུགས་སྐྲུན་གྱི་བླང་བྱར་དམིགས་ནས། སྤྱོད་ཚུལ་འཛུགས་སྐྲུན་ནི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཡིན་པ་ངོས་ཟིན་པ་དང་། སྤྱོད་ཚུལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དམ་འཛིན་བྱས་པ་ངོས་ཟིན་པ། མཚོ་སྔོན་གྱི་སྤྱོད་ཚུལ་གནད་དོན་ཐད་ཀྱི་དམིགས་བསལ་མངོན་ཚུལ་ངོས་ཟིན་པ། ནམ་ཡིན་ཡང་སྤྱོད་ཚུལ་ལག་བསྟར་བྱེད་བཞིན་ཡོད་པ་ངོས་ཟིན་པ་བཅས་ཕྱོགས་བཞི་ནས་སྤྱོད་ཚུལ་གནད་དོན་ཞིབ་བཤེར་དང་ཐག་གཅོད་བྱེད་དགོས། ནུས་ཤུགས་ཡོད་རྒུས་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་པ་དང་། སྔོན་དཔག་བརྟན་པོ་དང་འཕར་སྣོན་བརྟན་པོ། ལས་ཞུགས་བརྟན་པོ་བཅས་ཀྱི་བྱ་བ་སྣ་ཚོགས་སྔར་ལས་ལེགས་པོར་བསྒྲུབ་པ་དང་། དཔལ་འབྱོར་ལེགས་ཕྱོགས་སུ་འཕར་བའི་གནས་བབ་བཟང་པོ་སྲ་བརྟན་དུ་བཏང་སྟེ། བློ་བརྟན་འགྱུར་མེད་ངང་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས་པའི་བླང་བྱ་བཏོན།

ཁོན་ཐར་དབང་རྒྱལ་དང་ལྷ་མོ་འཚོ་གཉིས་ཀྱིས་བསྒྱུར།