
ཛམ་ཐང་རྫོང་གིས་མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས།
ཉེ་བའི་ལོ་འགའི་རིང་ལ། ཛམ་ཐང་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དངོས་འབེབས་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དཀྱིལ་སྙིང་དུ་བཟུང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བར་སྐུལ་འདེད་བཏང་བས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད།
རྫོང་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་དམངས་ཕན་སྲིད་ཇུས་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་ཆེད། ཛམ་ཐང་རྫོང་གིས་ཆེད་དུ་མི་རིགས་མཐུན་སྒྲིལ་འགྲེམ་སྟོན་ཁང་བཙུགས་ཡོད་ཅིང་། འགྲེམ་སྟོན་ཁང་དེར་ཕུན་སུམ་ཚོགས་པའི་དངོས་རྫས་མང་བོ་དང་། པར་ཡིག་གཉིས་ལྡན་གྱི་རྒྱུ་ཆ། གསོན་ཉམས་ལྡན་པའི་སྨྱན་མང་གཟུགས་སོགས་ཡོད་ལ། ཕྱོགས་མང་བོ་དང་ཟུར་མི་འདྲ་བ་ནས་མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་ཐུན་མོང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་བརྒྱུད་རིམ་མངོན་པར་མཚོན་ཡོད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་འདུག་པས། མང་ཚོགས་མང་བོས་འགྲེམ་སྟོན་ཁང་དེར་ལྟ་སྐོར་བྱས་རྗེས་མི་རིགས་སོ་སོའི་བར་གྱི་འོ་ཆུ་གཅིག་འདྲེས་ཀྱི་བརྩེ་བ་ཟབ་མོ་མྱོང་རོལ་ཐུབ་པ་དང་། ཕྱིན་ཆད་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་བོ་དེར་གཅེས་སྤྲས་བྱེད་འདོད་ཀྱི་འདུན་པ་ཤུགས་དྲག་སྐྱེས་སྲིད། ཛམ་ཐང་རྫོང་མི་རིགས་ཆོས་ལུགས་ཅུའུ་ཡི་ཅུའུ་ཀྲང་ཀུན་སྟོབས་ཀྱིས་བཤད་རྒྱུར།

ཛམ་ཐང་རྫོང་ལ2018ལོར་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་གི་གཟེངས་རྟགས་ཐོབ་པ་དང་། 2022ལོ་ནས་བཟུང་མི་རིགས་མཐུན་སྒྲིལ་གྱི་བྱ་བར་ཧུར་ཐག་གིས་འབད་བརྩོན་བྱས་པ་ཡིན། ཛམ་ཐང་རྫོང་ནི་མི་རིགས་མང་པོ་གཅིག་འདུས་བྱེད་སའི་རྫོང་ཞིག་ཡིན་པས། ཚང་མས་ཀྱང་མི་རིགས་མཐུན་སྒྲིལ་གྱི་བྱ་བར་དོ་ཁུར་ཆེན་པོ་བྱས་ཏེ། མཐུན་སྒྲིལ་གྱི་རྣམ་པ་ལེགས་པོ་ཞིག་ཆགས་ཡོད།
སློབ་གསོའི་ཁྱབ་ཁོངས་ནས་ཛམ་ཐང་བཅའ་སྡོད་སློབ་ཆུང་གི་གྲུབ་འབྲས་འབུར་ཐོན་དུ་མངོན་ཡོད་ལ། ཉིས་སྟོང་ཉེར་གསུམ་ལོར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སློབ་གྲྭའི་མཚན་སྙན་ཐོབ་ཡོད་པ་དང་། སློབ་གྲྭ་དེས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་ཉིན་རྒྱུན་གྱི་སློབ་ཁྲིད་དང་བྱ་འགུལ་སྣ་ཚོགས་ཁྲོད་འདྲེས་པར་བྱས་ཡོད་ཅིང་། འབྲེལ་ཡོད་ཀྱི་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད་པར་མ་ཟད་མི་རིགས་ཀྱི་རིག་གནས་དུས་ཆེན་དང་མི་རིགས་མཐུན་སྒྲིལ་བརྗོད་སྙིང་ཡིན་པའི་འཛིན་གྲྭའི་ཚོགས་འདུ་སོགས་སྤེལ་ནས། བྱིས་པ་རྣམས་ལ་ཆུང་དུས་ནས་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཆགས་པ་དང་། མི་རིགས་སོ་སོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་བྱེད་དུ་བཅུག་ཡོད། མི་རིགས་མི་འདྲ་བའི་སློབ་མ་ཚོས་གནས་འདིར་མཉམ་དུ་སློབ་སྦྱོང་བྱས་ནས་ཁྱིམ་གཅིག་ལྟར་འཚར་ལོངས་འབྱུང་བཞིན་ཡོད་ལ། སློབ་གྲྭའི་ག་ས་གང་དུ་མཐུན་སྒྲིལ་མཛའ་མཐུན་གྱི་སྣང་ཚུལ་མངོན་འདུག ཛམ་ཐང་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་དགེ་རྒན་ཆོས་ཁོས་བཤད་རྒྱུར།

ང་ཚོའི་ཛམ་ཐང་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པའི་སྒང་རེད།དེ་བཞིན་དུ་ཛམ་ཐང་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་ལྟ་བུར་མཚོན་ན་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སློབ་གྲྭ་ཡིན་ལ། ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་རྟགས་མང་པོ་ཐོབ་ཡོད། དེ་མིན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་དང་མི་རིགས་མཐུན་སྒྲིལ་གྱི་བྱ་བ་བསྒྲུབ་པར་དམིགས་ནས་སློབ་ཁྲིད་དང་བྱ་འགུལ་རབ་དང་རིམ་པ་སྤེལ་བར་བརྟེན། དེའི་ཕྱོགས་ལ་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད།
མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། ཛམ་ཐང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་ལའང་འཕེལ་རྒྱས་ཆེན་པོ་བྱུང་འདུག རིགས་སོ་སོའི་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་ཁྲོད་ཟབ་ཞུགས་བྱས་ནས་ཁྱད་ལྡན་ཐོན་ལས་ལ་འཕེལ་རྒྱས་བྱུང་ཡོད་པ་དང་། རྨང་གཞིའི་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་སྟེ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་ཕྱིར། ད་ལྟའི་ཛམ་ཐང་རྫོང་དུ་དཔལ་འབྱོར་དར་རྒྱས་དང་སྤྱི་ཚོགས་གཏན་འཇགས། མི་རིགས་མཐུན་སྒྲིལ་གྱི་མཛེས་ཉམས་ཤིག་ངང་གིས་མངོན་ཡོད་ལ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་ཁ་ཕྱོགས་ནས་འབད་པས་བསྐྱོད་བཞིན་ཡོད།
གསར་འགོད་པ། བསོད་ནམས་ཚེ་རིང་། ཚེ་མགོན་རྒྱལ།
ལྷ་བརྟན་ཚེ་རིང་། ཕག་མོ་སྒྲོལ་མ།
སྲས་མོ་སྒྲོལ་མ། ལྷ་མོ་འཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
བསོད་ནམས་རིན་ཆེན།