ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཐད་མདུན་གྲལ་དུ་བསྐྱོད་དགོས།
ཁུངས། ཀློག་གྲངས།

—ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་སྐོར་གླེང་བ།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་ཡིན་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་སུ་བཅུག་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཚུལ་བཏོན་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པ་གཙོ་ཐིག་བྱེད་པ་དང་། “མོས་མཐུན་ལྔ”ཡི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་དང“མཉམ་མྱོང་བཞི”ཡི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པ། མི་རིགས་སོ་སོ་རྒྱ་ཆེར་འགྲོ་འོང་དང་ཁྱོན་ཡོངས་ནས་བརྗེ་རེས། མཉམ་འདྲེས་ཟབ་མོ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས་ལ། མཉམ་དུ་མཐུན་སྒྲིལ་འབད་བརྩོན་གྱི་སྟོབས་ཤུགས་ཆེན་པོ་གོང་བུར་བསྒྲིལ་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཐད་མདུན་གྲལ་དུ་བསྐྱོད་དེ། མི་རིགས་སོ་སོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་རོལ་དང་མཛེས་སྡུག་གི་མ་འོངས་པ་མཉམ་སྐྲུན་བྱེད་དགོས།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན། ཀྲུང་དབྱང་གི་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་མཐའ་གཅིག་ཏུ་དོན་འཁྱོལ་དངོས་འབེབས་བྱས་པ་དང་། མི་རིགས་བྱ་བ་དེ“རྒྱལ་དོན་གྱི་ཆེ་ཕྱོགས”དང“ཞིང་ཆེན་གྱི་གལ་གནད”ཀྱི་གོ་གནས་གཙོ་བོར་འཇོག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བ་གཙོ་ཐིག་ཏུ་བྱེད་པ། “མི་རིགས་མཐུན་སྒྲིལ་གྱི”མཉམ་འདྲེས་འཕེལ་རྒྱས་འགུལ་སྐྱོད་དང་མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི“འགུལ་སྐྱོད་བཅུ”དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བའི་བྱ་བའི“སྐྱོད་པ་བཅུ”སོགས་ཀྱི་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱེད་པ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱས་ཤིང་། མི་རིགས་སོ་སོའི་མང་ཚོགས་ཀྱིས་འཆམ་མཐུན་འཕེལ་རྒྱས་དང་དཀའ་ངལ་མཉམ་སེལ་བྱས་ཏེ། སེ་འབྲུ་ལྟ་བུར་ཕན་ཚུན་དམ་པོར་མཉམ་གནས་བྱེད་དགོས།

མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་རྨང་རྡོ་གལ་ཆེན་ཞིག་ཡིན། དེའི་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་སོགས་འཐབ་ཇུས་སྐུལ་འདེད་ཐད་མི་རིགས་སོ་སོའི་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་གྱི་སྟོབས་ཤུགས་གོང་བུར་བསྒྲིལ་ལ། མཉམ་འདྲེས་རྣམ་པའི་སྤྱི་ཚོགས་གྲུབ་ཚུལ་འཛུགས་སྐྲུན་དང་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་གསར་སྐྲུན་བྱས་པར་མ་ཟད། ཡུན་རིང་བདེ་འགོད་ཀྱི་སྤྱི་ཚོགས་རྨང་གཞི་བརྟན་པོར་བཏང་བ་དང་། མཚོ་སྔོན་གྱི་གཙགས་དྲུབ་དང་འཐེན་ཐུག་དཔལ་འབྱོར་སོགས་ཁྱད་ལྡན་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་རིགས་སོ་སོའི་མང་ཚོགས་ལ་ཕན་པ་ཞིག་ཏུ་བྱེད་པ་ནི། ང་ཚོས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་ཆབ་སྲིད་འགན་སྲུང་དང་འཕེལ་རྒྱས་སྒུལ་ཤུགས། རིག་གནས་འདེགས་སྐྱོར་བཅས་ཡིན། ཚད་གཞི་མཐོན་པོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་དང་། མི་རིགས་དང་ཆོས་ལུགས་བྱ་བའི་མཚོ་སྔོན་མ་དཔེ་གསར་སྐྲུན་བྱས་ན། ད་གཟོད་མི་རིགས་སོ་སོའི་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་བྱེད་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཐད་མདུན་གྲལ་དུ་བསྐྱོད་ཐུབ།

མི་རིགས་སོ་སོ་རྒྱ་ཆེར་འགྲོ་འོང་དང་ཁྱོན་ཡོངས་བརྗེ་རེས། མཉམ་འདྲེས་ཟབ་མོ་བཅས་བྱེད་པ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་བྱེད་ཐབས་ཤིག་ཡིན། མི་རིགས་སོ་སོའི་རིག་གནས་ཁྲོད་ཀྱི་གཅིག་མཐུན་གཞི་རྒྱུ་སྔོག་འདོན་ཟབ་མོ་བྱས་ཏེ། ཀྲུང་ཧྭའི་རིག་གནས་མི་རིགས་སོ་སོའི་མང་ཚོགས་ཀྱི་བསམ་པའི་བརྟེན་སར་འགྱུར་བར་བྱེད་དགོས།

མི་རིགས་སོ་སོའི་ཕྱོགས་ཡོངས་ཀྱི་མཉམ་བསྲེས་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། མཉམ་སྡོད་མཉམ་སློབ་དང་མཉམ་སྐྲུན་མཉམ་རོལ། མཉམ་ལས་མཉམ་སྐྱིད་ཁྲོད“མོས་མཐུན་ལྔ”ཟབ་འཇུག་བྱེད་དགོས། དཔེ་སྟོན་གསར་སྐྲུན་མགོ་རྩོམ་ས་བྱས་ཏེ་སྣེ་ཁྲིད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོར་འདྲེས་སུ་འཇུག་དགོས། མཚོ་སྔོན་གྱི་ཆོས་ལུགས་ཀྱི་དངོས་ཡོད་ལ་རྐང་བཙུགས་པ་དང་། ཆོས་ལུགས་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པ། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་རྨང་གཞི་མཉམ་དུ་བརྟན་པོར་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་བྱེད་པར་ཡུན་རིང་གི་བསམ་པའི་སྟོབས་ཤུགས་དང་བརྟན་བརླིང་འཕེལ་རྒྱས་ཀྱི་འགན་སྲུང་འདོན་དགོས།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ཏང་གི་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དུ་སྐྱོད་པར་རང་རྟོན་རང་སྟོབས་ཀྱི་སྙིང་སྟོབས་མངོན། འཐབ་ལམ་གསར་པའི་སྟེང་། ང་ཚོས་མངགས་བཅོལ་ཡིད་ལ་དམ་པོར་བཟུང་བ་དང་དྲིན་གཟོ་འབད་བརྩོན་བྱེད་པ། ཏང་གིས་མི་རིགས་བྱ་བའི་ཐད་ཀྱི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པ་གཙོ་ཐིག་ཏུ་བྱེད་པ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གོང་བུར་བསྒྲིལ་ཞིང་། མི་རིགས་སོ་སོའི་མི་དམངས་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཉམ་དུ་འབད་བརྩོན་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རྒྱུན་པར་བཞད་དུ་འཇུག་དགོས།

ཤ་བོ་རིན་མཚོས་བསྒྱུར།