ཆུ་ཚད་མཐོ་བའི་སྒོ་ནས་ལས་གནས་ཀྱི་འགན་འཁྲི་སྒྲུབ་སྟེ། སྤུས་ཚད་མཐོ་བའི་ཐབས་འདོན་ཇུས་འབུལ་བྱས།
ཁུངས། ཀློག་གྲངས།

​---------ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་མགོ་བརྩམས་པའི་ཟུར་བཀོད།

ཟླ1པོའི་ཚེས26ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་སྲིད་གྲོས་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྟན་ཁང་གི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་འགོ་བརྩམས།

ལོ་ཟླའི་འཁོར་བསྐྱོད་ཀྱི་བར་ནས་རླབས་ཆེན་གྱི་གྲུབ་འབྲས་མངོན། མཚོ་སྔོན་དུས་ལྟར་ཚོགས་ཆེན་གཉིས་ཀྱི་དུས་སྐབས་ཁྲོད་ཞུགས།

ཟླ1པོའི་ཚེས26ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་གྲོས་ཚོགས་གཟབ་རྒྱས་ངང་མགོ་བརྩམས། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོ་ནས་ཐོན་པའི་སྲིད་གྲོས་ཨུ་ཡོན300ལྷག་གིས་འགན་འཁྲི་དང་ལེན་བྱས་ཏེ། ཚང་མ་ལྷན་གཅིག་ཏུ་འཛོམས་ནས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་མོལ་བྱས་པ་པ་དང་། སྲིད་གྲོས་ཀྱི་ནུས་པ་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱས།

སྔ་དྲོའི་ཆུ་ཚད་བརྒྱད་དང་ཕྱེད་ཀའི་སྟེང་། ཨུ་ཡོན་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་ཚོགས་རའི་ནང་ཞུགས། ཆུ་ཚོད་དགུའི་སྟེང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་རོལ་དབྱངས་དང་འགྲོགས་ནས། ཚོགས་ཆེན་གྱི་མགོ་བརྩམས། ཚང་མས་ནན་ཏན་གྱིས་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་སྐབས་བཅུ་གསུམ་པའི་བྱ་བའི་སྙན་ཞུ་དང་གྲོས་འདོན་བྱ་བའི་གནས་ཚུལ་ཀྱི་སྙན་ཞུར་ཉན།

2025ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་མཇུག་བསྡུ་བའི་ལོ་དང་། ལོ་ལྔའི་འཆར་འགོད་ཐེངས་བཅོ་ལྔ་བ་ཇུས་འགོད་བྱེད་པའི་གནད་འགག་གི་ལོ་ཡིན། ལོ་འདིའི་ནང་། ཞིང་ཆེན་སྲིད་གྲོས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བའི་དགོངས་པ་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཏེ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་གཉིས་དམ་འཛིན་ནན་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་དང་དཀའ་གནད་ལས་འགན་ལ་དམིགས་ནས། གཏམ་དྲང་མོ་བཤད་པ་དང་ཐབས་ཇུས་ལེགས་པོ་འདོན་པ། ཐུན་མོང་གི་ལྟ་བ་གཅིག་བསྡུས་བྱེད་པ་བཅས་བྱས།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ནས་བཟུང་། ཁྱོན་སྡོམ་གྲོས་གཞི415ཕུལ་ཡོད་ལ། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི327ཐོ་འགོད་བྱས་པ་དང་། ཐོ་འགོད་བྱས་པའི་ཚད78%ལ་སླེབས་ཡོད།  ཇུས་འདོན་དང་ཐོ་འགོད་བྱས་པའི་གྲོས་གཞི་དག་འགན་སྒྲུབ་ལས་ཁུངས70ཡིས་སྒྲུབ་པ་དང་།  གྲོས་གཞི་ཡོད་ཚད་དུས་ལྟར་ལན་འདེབས་དང་ལེགས་སྒྲུབ་བྱས་ཏེ། སྤུས་ཚད་མཐོ་བའི་ཇུས་འདོན་བསམ་ཚུལ་མང་བོ་དོན་འཁྱོལ་བྱེད་པ་དེ་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྲིད་ཇུས་ཀྱི་བྱེད་ཐབས་སུ་བསྒྱུར།

སྙན་ཞུ་ལས་ལོ་གཅིག་རིང་གི་ཞིང་ཆེན་སྲིད་གྲོས་བྱ་བའི་ལྗིད་ཏིག་ཏིག་གི་གྲུས་འབྲས་མངོན་ཡོད། ཀྲུའུ་ཞི་སྟེགས་བུ་རུ་གཏམ་བཤད་པའི་སྐད་སྒྲའི་ཁེངས་འདུག་ལ། ཨུ་ཡོན་སྟེགས་བུ་རུ་གཅིག་རྗེས་གཉིས་མཐུད་ཀྱི་ཐལ་མོའི་ལྡེབ་སྒྲས་ཁེངས་འདུག  ཚང་མས་འདས་པའི་ལོ་གཅིག་རིང་བླངས་པའི་གྲུབ་འབྲས་ལ་ཡིད་ཚིམ་ཡོད་ལ། ཞིང་ཆེན་སྲིད་གྲོས་ཀྱི་གྲུབ་འབྲས་ལ་བསྟོད་བསྔགས་བྱེད་བཞིན་འདུག

ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་ནུས་ལ་བརྟེན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་ཞབས་ཞུ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས། རིག་གནས་དར་རྒྱས་ཀྱི་འཕེལ་རྒྱས། མཐོ་སྒང་ཁམས་གསོའི་ཐོན་ལས། ཁེ་ལས་གཙོ་གནད་དང་ལས་གཞི་གལ་ཆེན་གྱི་བྱ་བ་སོགས་ལ་གཞོགས་འདེགས་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དམིགས་འབེན་ལེགས་འགྲུབ་བྱེད་པར་སྐུལ་འདེད་བཏང་ཡོད།

མི་དམངས་སྲིད་གྲོས་ཀྱི་འགན་སྒྲུབ་བྱ་བར་དམ་འཛིན་ནན་མོ་བྱས་ཏེ། མི་དམངས་སྲིད་གྲོས་ཀྱིས་མི་དམངས་ལ་ཞབས་ཞུ་བྱེད་པ་རྒྱུན་འཁྱོངས་དང་། ལས་གནས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་མི་དམངས་ལ་ཞབས་ཞུ་བྱེད་པ། སྤྱི་ཚོགས་ཀྱི་དམངས་འཚོའི་གནད་དོན་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱེད་པ། ཁྱོན་ཡོངས་ནས་ཨུ་ཡོན་ལས་གནས་ཀྱི་བྱེད་ནུས་སྟོབས་ལྡན་དུ་བཏང་བ་སོགས་འདུས་ཡོད།

ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན་རྗེས་མི་སེམས་ལ་སྤོབས་པ་སྟེར་ཐུབ་ལ། མིའི་བརྩོན་སེམས་ལ་སྐུལ་འདེད་གཏོང་ཐུབ། གྲོས་འདོན་བྱ་བའི་གནས་ཚུལ་གྱི་སྙན་ཞུའི་ཁྲོད་ཀྱི་ལས་དོན་བྱེ་བྲག་ཡིན་པར་མ་ཟད་སྤུས་ཚད་དང་ཕན་འབྲས་མཉམ་གནས་ཡིན། ཨུ་ཡོན་རྣམས་ཀྱིས་སྙན་ཞུར་ནན་ཏན་གྱིས་ཉན་ནས་ཟིན་བྲིས་བཏབས། ཚོགས་ར་ནས་ཕྱིར་བུད་རྗེས། ཨུ་ཡོན་རྣམས་ཀྱི་གདོང་ལ་ཡིད་ཆེས་ཀྱི་སྤོབས་པ་མངོན་ཡོད་ལ་སེམས་སུ་སྟོབས་ཤུགས་ཀྱིས་ཁེངས་འདུག  ད་དུང་ལས་གནས་ཀྱི་བྱ་བ་ལེགས་འགྲུབ་བྱེད་པའི་ཁ་ཕྱོགས་སྔར་བས་གསལ་བོར་གྱུར་འདུག

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཀུན་བཟང་སྒྲོལ་མས་བསྟན་དོན།“སྙན་ཞུའི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་བར་མ་ཟད་སྤྱི་སྡོམ་བྱ་བ་དོན་དངོས་ཡིན་པར་མ་ཟད། བཀོད་སྒྲིག་ལས་འགན་གསལ་བོ་རེད།  མི་སེམས་ལ་བརྩོན་སེམས་སྟེར་ཐུབ་པ་དང་། ཐབས་འདོན་ཇུས་འབུལ་གྱི་གཏམ་མང་བོ་བཤད་ཡོད་ལ། དངོས་ཕན་གྱི་ཐབས་ཇུས་བཏོན་ཡོད་པ་དང་འཛུགས་སྐྲུན་རང་བཞིན་གྱི་བསམ་ཚུལ་ཡང་མང་བོ་བཏོན་ཡོད།”ཟེར།

“སྙན་ཞུའི་ནང་དོན་དོན་དངོས་ཡིན་ལ། ཡིག་འབྲུ་རེ་རེའི་ནང་དུ་སྲིད་གྲོས་བྱ་བའི་ནུས་ཚད་མཐོ་བའི་སྤྱི་བའི་ཞབས་ཞུ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ཐབས་འདོན་ཇུས་འབུལ་གྱི་འགན་འཁྲི་ཁག་ཁུར་བྱས་པ་མཚོན་ཡོད།” ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཧན་བིན་གྱིས་བསྟན་དོན། ཞིང་ལས་ལས་རིགས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་འཕེལ་རྒྱས་ཀྱི་གནད་འགག་གི་ཁྱབ་ཁོངས་ལ་དམིགས་ནས། ཞིབ་འཇུག་དང་བརྟག་དཔྱད་ཟབ་མོ་བྱེད་པ་དང་གནད་ལ་ཁེལ་བའི་ཇུས་གཞི་བཏོན་ཏེ། ཐོན་རྫས་བཟང་བའི་རྒྱུད་ལམ་སྔར་བས་རྒྱ་བསྐྱེད་དེ། མི་དམངས་མང་ཚོགས་ལ་ཕན་འབྲས་དངོས་ཐོབ་པར་བྱེད་དགོས།

དུས་རབས་གསར་བས་ལས་འགན་གསར་བ་བསྩལ་བ་དང་། བགྲོད་ལམ་གསར་བར་གྲུབ་འབྲས་གསར་བ་ཐོབ་དགོས། སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་དམིགས་འབེན་ལས་འགན་ལ་དམིགས་ཏེ། ཚད་གཞི་མཐོ་བའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། གསར་དར་ཐོན་ལས་རྒྱ་བསྐྱེད་དང་མ་འོངས་པའི་ཐོན་ལས་སོགས་གསོ་སྐྱོང་བྱེད་པའི་གཙོ་གནད་གྲོས་གཞི་ལ་གྲོས་བསྡུར་བྱེད་དགོས། ཐབས་མང་གསར་གཏོད་ཀྱི་བྱེད་ཐབས་འདོན་པ་དང་བློ་འདོན་ཇུས་འབུལ་གྱི་གཏམ་བཤད་པ་སོགས་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་མགོ་ལེགས་པོ་རྩོམ་ཐུབ་པར་འགན་འཁྲི་གསར་བ་དང་བྱས་རྗེས་གསར་བ་འཇོག་དགོས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།