​དུས་རབས་གསར་པའི་བྱང་ཤར་གྱི་ཕྱོགས་ཡོངས་དར་སྤེལ་ལ་ཐོད་བརྒལ་གསར་པ་འབྱུང་བར་སྐུལ་འདེད་བཏང་། 

ཁུངས། ཀློག་གྲངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱང་ཤར་གྱི་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་རྨང་གཞི་ནི་དངོས་ཕུང་དཔལ་འབྱོར་ཡིན་པ་དང་། གནད་འགག་ནི་ཚན་རྩལ་གསར་གཏོད་ཡིན་ལ། ཁ་ཕྱོགས་ནི་ཐོན་ལས་རིམ་སྤར་ཡིན་ཞེས་བསྟན། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་བརྩམས་པའི་ལོ་ལ། བྱང་ཤར་ས་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་བརྟན་པོར་བཅངས་ཏེ། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བ་དང་།  བྱང་ཤར་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་སྒོས་བསྐྲུན་ཏེ། དུས་རབས་གསར་པའི་བྱང་ཤར་གྱི་ཕྱོགས་ཡོངས་དར་སྤེལ་ལ་ཐོད་བརྒལ་གསར་བ་འབྱུང་བར་སྐུལ་འདེད་བཏང་། 

ལོ་གསར་པར། བྱང་ཤར་གྱི་ས་གནས་ཁག་གིས་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནུས་ལྡན་སྒོས་སྤེལ། ཐོན་སྐྱེད་འཁོར་ཁང་དུ། ཅི་ལིན་གྱི་རྫས་འགྱུར་ཚི་སྣའི་ཐཱན་ཚི་སྣ་ཐོན་སྐྱེད་དང་ཕྱིར་ཚོང་བྱས་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ནས་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་།

བཟོ་སྐྲུན་གྱི་ལས་རིམ་དང་པོ་རུ། ནང་སོག་ཤར་རྒྱུད་ས་ཁུལ་དུ་གནས་པའི་མཐོ་གནོན་བཟོ་སྐྲུན་གྱིས་ཆ་སྙོམས་ཉིན་རེར་གློག་ནུས་གཙང་མ་ཏུའུ་དུང་ཕྱུར་གཅིག་བྱེ་བ་གསུམ་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་གཏན་འཇགས་ངང་སྐྱེལ་བཞིན་ཡོད།  ས་ནག་ཞིང་ས་རུ། ཚད་གཞི་མཐོ་བའི་ཞིང་ས་མགྱོགས་མྱུར་སྒོས་བཏོད་བཞིན་ཡོད། ད་ལོར། སྲུང་སྐར་རྒྱང་ཚོར་དང་གཞི་གྲངས་ཆེན་མོ། དངོས་འབྲེལ་དྲ་རྒྱ་སོགས་ལག་རྩལ་གསར་པ་སྐོར་ཞིག་གིས་ཞིང་ལས་ཐོན་སྐྱེད་ལ་སྒུལ་ནུས་བསྩོལ་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་རེད།

བྱང་ཤར་ཐོན་ཁུངས་ཀྱི་ཆ་རྐྱེན་བཟང་བ་དང་ཐོན་ལས་ཀྱི་རྨང་གཞི་ཅུང་མཐུག་ལ། ས་ཁོངས་ཀྱི་དགེ་མཚན་ཁྱད་པར་ལྡན་ཞིང་། འཕེལ་རྒྱས་ཀྱི་བག་ཤུགས་ཧ་ཅང་ཆེ།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བྱང་ཤར་ལ་ཐེངས་མང་ཕེབས་ནས་རྟོག་ཞིབ་གནང་ལ། འགོ་འཛིན་མཛད་ནས་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། དུས་རབས་གསར་པའི་བྱང་ཤར་གྱི་ཕྱོགས་ཡོངས་དར་སྤེལ་ལ་འཆར་གཞི་བཀོད་ནས་ཁ་ཕྱོགས་བསྟན། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྤེལ་བར་བྱང་ཤར་གྱི་འཐབ་ཇུས་འདེགས་སྐྱོར་ནུས་པ་དྲག་པོ་དགོས་ཞེས་བསྟན། ཁོང་གིས་སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་དང་དགེ་མཚན་ལྡན་པའི་ཐོན་ལས་རྒྱ་སྐྱེད། ཐོན་སྐྱེད་ནུས་ཤུགས་གསར་པ་གསོ་སྐྱོང་བཅས་ལ་གཅིག་གྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།  ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ལ། བྱང་ཤར་ས་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དེད་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་འཐབ་ཇུས་བཀོད་སྒྲིག་ལ་ཁྱོན་ཡོངས་ནས་གོ་བ་ཟབ་མོ་ལེན་པ་དང་།  བྱང་ཤར་གྱི་ཕྱོགས་ཡོངས་དར་སྤེལ་ལ་ཐོད་བརྒལ་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས།

ཚན་རྩལ་གསར་གཏོད་ཀྱིས་སྲོལ་རྒྱུན་ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤར་ལ་སྣེ་ཁྲིད་བྱ་དགོས།

ད་ལོར། ཅི་ལིན་ཞིང་ཆེན་གྱིས་སྲོལ་རྒྱུན་རླངས་འཁོར་ཐོན་ལས་ནུས་ཁུངས་གསར་པའི་རིག་ནུས་དྲ་སྦྲེལ་རླངས་འཁོར་ཕྱོགས་སུ་མགྱོགས་མྱུར་སྒོས་བསྒྱུར་བར་སྐུལ་འདེད་བཏང་བ་དང་།  ཁྲང་ཁྲོན་དེང་རབས་ཅན་གྱི་གྲོང་ཁྱེར་ཚོམས་ཀྱི་རླངས་འཁོར་ཐོན་ལས་ཁྱུ་ཚོགས་སྔར་བས་སྟོབས་ཆེར་བཏང་ལ།  ཆིང་འབར་རྫས་ཡང་ཚད་ཅན་གྱི་རླངས་འཁོར་ཐོན་ལས་མགྱོགས་མྱུར་སྒོས་གསོ་སྐྱོང་བྱས་ཏེ། སྔོན་རྩིས་ལྟར་ན་ནུས་ཁུངས་གསར་པའི་རླངས་འཁོར་གྱི་ཐོན་ཚད15%ཡས་མས་འཕར་ངེས། 

བཟོ་ལས་ཞིང་ཆེན་ཆེན་པོ་ལིའོ་ཉིན་དུ། ད་ལོ་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་གསོ་སྐྱོང་གི་འགུལ་སྐྱོད་ལག་བསྟར་བྱས་ཏེ། ཁྲག་ཆེན་རིམ་པའི་ཐོན་ལས་རྟེན་གཞི4ཡི་སྤུས་ཚད་མཐོར་གཏོང་དང་རིམ་སྤར་ལ་བསྟུད་མར་སྐུལ་འདེད་བཏང་ལ། རིག་བཅོས་གྲངས་བསྒྱུར་མགྱོགས་སུ་བཏང་བ་དང་།“ཁེ་ལས་གཅིག་ལ་ཐབས་ཇུས་གཅིག”གི་ཚུལ་སྒྱུར་ཇུས་གཞི་བཟོས་ནས། སྔོན་ཐོན་རིམ་པ་ཡན་གྱི་རིག་ནུས་བཟོ་གྲྭ80མང་དུ་གཏོང་རྩིས་ཡོད་པ་རེད། ལོ་གསར་བར། པེན་ཞིས་སུ་གནས་པའི་པེན་ཀང་ལྕགས་ལེབ་གྲང་གནོན་བཟོ་གྲྭ་གསུམ་པའི་རིག་ནུས་ཐོན་སྐྱེད་ལས་རིམ་ཀྱི་རྣམ་པ་གསར་རྐྱང་བཏོད་དེ། བཟོ་རྩལ་ཞུགས་གྲངས་ཀྱི་གནད་ཁེལ་སྔོན་དཔག་དང་འགུལ་རྣམ་ལེགས་བསྒྱུར་མངོན་འགྱུར་བྱས། ད་ལྟ། ཁེ་ལས་ཀྱི་ཐོན་རྫས་དང་ཐོན་ཚད་སྔོན་ཆད་ལས25%འཕར་ཡོད་ལ། རྩེར་སོན་རྣོ་ལྕགས་རིགས་ཀྱི་བསྡུར་ཚད44.21%ཏུ་འཕར། 

པེན་ཀང་ལྕགས་ལེབ་གྲང་གནོན་བཟོ་གྲྭ་གསུམ་པའི་ལག་རྩལ་འགན་འཁུར་བ་ཝང་ཧའེ་ཅན་གྱིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ང་ཚོའི་བཟོ་གྲྭར་རྟོག་ཞིབ་ཏུ་ཕེབས་དུས་བཟོ་སྐྲུན་ལས་རིགས་ཀྱིས་རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱ་དགོས་ཞེས་བསྟན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་དམ་པོར་བཅངས་ནས་རིག་ནུས་ཅན་གྱི་བཟོ་གྲྭ་ཕྱོགས་ཡོངས་ནས་བསྐྲུན་ཏེ། ཐོན་སྐྱེད་ནས་གཉེར་སྐྱོང་བར་དང་། དོ་དམ་ཚོད་འཛིན་ནས་སྐྱེལ་འདྲེན་བར་གྱི་བརྒྱུད་རིམ་ཧྲིལ་པོའི་རིག་ནུས་ཁྱུ་ཚོགས་ཆགས་སུ་བཅུག དེས་སྲོལ་རྒྱུན་གྱི་གྲང་གནོན་ཐོན་ལས་ཀྱི་ཕན་འབྲས་མཐོ་རུ་བཏང་བ་མ་ཟད། ཁེ་ལས་ལ་རྩེར་སོན་གྱི་གྲང་གནོན་པང་ལེབ་ཀྱི་ཁྲོམ་རའི་ཐོབ་སྐལ་ལེན་པའི་གོ་སྐབས་སྔོན་ལ་འཛིན་དུ་བཅུག 

ཚན་རྩལ་གསར་གཏོད་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་པ་གསོ་སྐྱོང་དང་སྟོབས་ཆེར་གཏོང་བར་སྐུལ་འདེད་བཏང་།

ད་ལོར། ཧེ་ལུང་ཅང་གིས་ཚན་སློབ་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། སློབ་ཆེན་དང་གླིང་ཆེན། སའོ་ཆེན་པོ་བསྐོར་བའི་གསར་གཏོད་ལས་གཏོད་ཀྱི་སྐྱེ་ཁམས་ཚོམས་བུ་འཛུགས་སྐྲུན་དམ་འཛིན་བྱེད་ས་བྱས་ཏེ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཐོན་ལས་ཅན་མགྱོགས་མྱུར་སྒོས་སྤེལ། ཧ་འར་པིན་བཟོ་ལས་སློབ་ཆེན་སྔོན་ཐོན་ལག་རྩལ་ཞིབ་འཇུག་གླིང་ནི་ཧ་འར་པིན་བཟོ་ལས་སློབ་ཆེན་གྱི་གསར་གཏོད་ལས་གཏོད་སྐྱེ་ཁམས་ཚོམས་བུ་སྐོར་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན།  གནས་འདི་ནས། ཚན་ཞིབ་མི་སྣས་འགག་སྒྲོལ་ལ་ཤུགས་བསྣན་ནས་ཁྱབ་ཚུལ་རྣམ་པའི་འོད་སྐུད་བརྒྱུད་ཚོར་དང་། རྨེ་བསྲེས་ལྕགས་གནམ་སྐུད་ལེ་ཏ། མིག་ནད་གཤགས་བཅོས་འཕྲུལ་མི་སོགས་སྔོན་ཐོན་གྱི་ཚན་རྩལ་གྲུབ་འབྲས་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་མགྱོགས་མྱུར་སྒོས་བསྒྱུར་བཞིན་ཡོད།  ད་ལོར། ཧེ་ལུང་ཅང་གིས་ཆབ་སྲིད་དང་སློབ་གྲྭ། ཁེ་ལས། ཐོན་ལས། སློབ་སྦྱོང་། ཞིབ་འཇུག་བཅས་ཀྱི་སྦྲེལ་མཐུད་རྐྱེན་སྲོལ་མུ་མཐུད་ནས་འཐུས་ཚང་དུ་བཏང་ནས།  ཚན་རྩལ་གྲུབ་འབྲས་གལ་ཆེན700ཡན་བསྒྱུར་བར་བརྩོན་ལེན་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་འགག་སྒྲོལ་རྣམ་གྲངས་གལ་ཆེན120ཡན་བཀོད་སྒྲིག་བྱ་ངེས། 

ཧ་འར་པིན་བཟོ་ལས་སློབ་ཆེན་སྔོན་ཐོན་ལག་རྩལ་ཞིབ་འཇུག་གླིང་གི་ཡོན་ཀྲང་གཞོན་པ་ལིའུ་ཧའེ་ཐའོ་ཡིས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་བདག་རང་སྟོབས་མགྱོགས་སུ་གཏོང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱ་དགོས་ཞེས་བཏོན། ང་ཚོས་སྒྲིག་སྲོལ་དང་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས་ཐོན་ལས་མུ་ཕྲེང་དང་གསར་གཏོད་མུ་ཕྲེང་། མ་དངུལ་མུ་ཕྲེང་། འཇོན་མིའི་མུ་ཕྲེང་བཅས་ཀྱི་གནད་ཁེལ་སྦྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ། ཆ་རྐྱེན་ཚང་བ་དང་འཁོར་ཡུན་ཚང་བ། ཁ་ཕྱོགས་ཚང་བ་བཅས་ཀྱི་ཚན་རྩལ་གྲུབ་འབྲས་བསྒྱུར་བའི་སྐྱེ་ཁམས་མ་ལག་མགྱོགས་མྱུར་སྒོས་བསྐྲུན་རྒྱུ་ཡིན།

རྒྱལ་ཁབ་ཀྱི་འབྲུ་རིགས་ཐོན་ཚད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་གྱི་རྨང་རྡོ་ཡིན་པའི་ཆ་ནས།  ལོ་གསར་པར་བྱང་ཤར་གྱི་ས་ཁུལ་སོ་སོས་ད་དུང་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་།

ལེའོ་ཉིང་གིས་སོན་སྤུས་གསར་གཏོད་ལས་གཞིའི་ཆེད་དོན་རྣམ་གྲངས་གལ་ཆེན་ཧུར་ཐག་གིས་སྤེལ་ནས། རྒྱལ་ཁབ་རིམ་པའི་འབྲུ་རིགས་ཐོན་ནུས་ཆེ་རུ་གཏོང་བའི་གཙོ་གནད་རྫོང20འཛུགས་སྐྲུན་བྱེད་པའི་བཀོད་སྒྲིག་བྱས།  ཧེ་ལུང་ཅང་གིས་འབྲུ་རིགས་འདེབས་ཁྱོན་མུའུ་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ཡན་བརྟན་པོ་ཡོང་བར་འགན་ལེན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྩེར་སོན་རིག་ནུས་ཞིང་ལས་འཕྲུལ་ཆས་ཕྱོགས་བསྡུས་འཕྲུལ་ཆས་ཅན་ལ་སྐུལ་འདེད་གཏོང་ཚད45%ཡན་ལ་སླེབས་ནས། ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ནུས་ཤུགས་འདོན་ཚད་72%ལས་བརྒལ་ཐུབ་པར་བརྩོན་ལེན་བྱས། ད་ལོ་ཅི་ལིན་གྱིས་ཚད་གཞི་མཐོ་བའི་ཞིང་ས་མུའུ་བྱེ་བ་གཅིག་གསར་སྐྲུན་བྱས་ནས་རྫོང་རིམ་པའི་དེང་རབས་ཞིང་ལས་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་གཏོང་ངེས། དེ་དང་ཆབས་ཅིག་ཡུལ་བབ་དང་བསྟུན་ནས་ཚད་གཞི་ཅན་གྱི་ཐོན་སྐྱེད་དང་ལས་སྣོན་ཞིབ་ཚགས་ལ་སྐུལ་འདེད་བཏང་སྟེ། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲག་ཁྲིག་ལྔ་ཐེར་ཆེན་དྲུག་ལ་སླེབས་པར་བརྩོན་ལེན་བྱ་རྒྱུ་རེད།

ཅི་ལིན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ཚན་རིག་ལག་རྩལ་ཁྲུའུ་ཡི་ཁྲུའུ་ཀྲང་། ལིང་ཞང་ཅུན་གྱིས་བཤད་རྒྱུར།

ལོ་ལྔའི་འཆར་འགོད་བཅོ་ལྔ་པར་རྒྱང་ལྟ་བྱས་ནས།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཅི་ལིན་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་ལ། དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་གཏོང་རྒྱུ་ཁ་ཕྱོགས་གཙོ་བོར་བཟུང་སྟེ། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་ལག་བསྟར་གཏིང་ཟབ་བྱས་ནས་སོན་གསོ་དང་ཐོན་སྐྱེད། གསོག་ཉར། ལས་སྣོན་བཅས་ཀྱི་མུ་ཕྲེང་ཧྲིལ་པོའི་ལག་རྩལ་མཁྲེགས་གཏོར་དང་ཁྱབ་གདལ་བེད་སྤྱོད་ལ་ཤུགས་སྣོན་དགོས་ཤིང་། ཞིང་ལས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གང་མགྱོགས་སྒོས་གསོ་སྐྱོང་བྱས་ནས། བྱང་ཤར་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།