“མགོ་བརྩམས་མ་ཐག་གྲུབ་འབྲས”ཐོབ་པར་བརྩོན་ལེན་བྱེད་པ་དང་། “ལོ་ལྔ་ལ་གྲུབ་འབྲས་ལེགས་པོ་ཐོབ་པར”སྐུལ་ཁྲིད་བྱེད་དགོས།

ཁུངས། ཀློག་གྲངས།

—ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

 “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་མགོ་བརྩམས་པ་དང་། མཚོ་སྔོན་གྱི་འཕེལ་རྒྱས་ནི་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པ་ཞིག་ཏུ་གནས་ཡོད། དེ་ནི་རང་རྒྱལ་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་འབྱུང་བར་རྨང་གཞི་བརྟན་པོ་འདིང་བ་དང་ཁྱོན་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་ལ། མཚོ་སྔོན་ལ་མཚོན་ནས་བཤད་ན། འཐབ་ཇུས་གོ་གནས་ཁྱོན་ཡོངས་ནས་མཆོང་བརྒལ་དུས་རིམ་དང་སྐྱེ་ཁམས་ལེགས་ཆ་ཚུལ་བསྒྱུར་གྱི་གནད་འགག་དུས་རིམ། དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་མཐོར་འདེགས་དུས་རིམ་དུ་སླེབས་ཡོད། མགོ་ལེགས་པོ་རྩོམ་པར་ཁྱོན་ཡོངས་ལ་འབྲེལ་ཡོད་པ་དང་། ཐོག་མའི་གོམ་པས་རྗེས་ཕྱོགས་ཀྱི་རྒྱང་སྐྱོད་ཐག་གཅོད། “མགོ་ཚུགས་མ་ཐག་གྲུབ་འབྲས་ཐོབ་པར”བརྩོན་ལེན་བྱེད་པ་དེ་ནི་ད་ལོའི་བྱ་བར་ཧུར་ཐག་ཡར་བརྩོན་གྱི་བྱེད་ཕྱོགས་གཏན་འཁེལ་བྱས་པ་ཡིན་ལ། དེ་བས་ཀྱང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡིད་ཆེས་ཤུགས་དྲག་དང་རྨང་གཞི་བརྟན་པོ་བཏིང་ཡོད།

“མགོ་བརྩམས་མ་ཐག་གྲུབ་འབྲས་ཐོབ་པ”མངོན་འགྱུར་འབྱུང་དགོས་ན། མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་དང་ཐུན་མོང་མ་ཡིན་པའི་ལས་འགན་ཡིད་ལ་ངེས་པར་དམ་པོར་འཛིན་དགོས། མཚོ་སྔོན་གྱི“འཕེལ་རྒྱས”ལ་དེའི་གཏིང་ཟབ་པའི་ནང་དོན་དང་མངོན་པར་གསལ་བའི་གཞི་མདོག་ཡོད་ཅིང་། དེ་ནི་ཏག་ཏག་དཔལ་འབྱོར་འཕར་སྣོན་གྱི་བསྡུར་ཐང་རྐྱང་རྐྱང་མིན་པར། གཙོ་བོ“སྔོན་གྲལ་དུ་སྐྱོད་པ་གསུམ”གྱི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་མངོན་ཡོད། དེས་ང་ཚོར་བཏོན་པའི“མགོ་བརྩམས་མ་ཐག་གྲུབ་འབྲས་ཐོབ་པ”ལ་ངེས་པར་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་བྱེད་པའི་ཐད་ཐབས་ལམ་གསར་པ་འཚོལ་དགོས་ཤིང་། དེ་ནི་སྲུང་སྐྱོང་དང་འཕེལ་རྒྱས་གཅིག་གྲོགས་གཅིག་གིས་བྱེད་པའི་གྲུབ་འབྲས་ཀྱང་ཡིན་དགོས། ངེས་པར་ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པའི་ཐད་ནས་བླངས་པའི“གྲུབ་འབྲས”ཡིན་པ་དང་། དེའི་ཚྭ་མཚོའི་ཐོན་ཁུངས་དང་ནུས་ཁུངས་གཙང་མ། སྐྱེ་ཁམས་ཡུལ་སྐོར། ལྗང་མདོག་སྐྱེ་ལྡན་སོགས་ཁྱད་ལྡན་དགེ་མཚན་དངོས་གནས་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་དགོས། ངེས་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བསྐྲུན་པའི་ཐད་ངོས་ཟིན་གོང་བུར་བསྒྲིལ་བའི“གྲུབ་འབྲས”ཡིན་པ་དང་། དེའི་འཕེལ་རྒྱས་ཀྱི་གྲུབ་འབྲས་རིགས་སོ་སོའི་མང་ཚོགས་ལ་ཐོབ་ཏུ་འཇུག་པ་དང་། མཐུན་སྒྲིལ་ཡར་ཐོན་གྱི་འཆམ་མཛེས་ཤོག་དྲིལ་རི་མོ་འབྲི་དགོས་པའི་བླང་བྱ་བཏོན་ཡོད། ལས་འགན་ཆེན་པོ་གསུམ་གྱི་འཕེལ་རྒྱས་འཚོལ་བསྙེག་དང་མཆོང་བརྒལ་དམ་འཛིན་བྱས་ན། ད་གཟོད“མགོ་བརྩམས་མ་ཐག་གྲུབ་འབྲས་ཐོབ་པ”སྟོབས་ཤུགས་ལྡན་ལ་རྨང་གཞི་ཡང་བརྟན།

 “མགོ་བརྩམས་མ་ཐག་གྲུབ་འབྲས་ཐོབ་པའི”གནད་འགག་ནི་གནད་ཁེལ་དོན་གཉེར་གྱི་བྱེད་སྟངས་ཀྱིས་རླབས་ཆེའི་ཕུགས་འདུན་ལོ་འཁོར་མོའི་དངོས་ལྗོངས་སུ་བསྒྱུར་བར་ཐུག་ཡོད། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་ལོ་འཁོར་དམིགས་འབེན་ནི་དཔེར་ན་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང4.5%ཡས་མས་སུ་འཕར་སྣོན་བྱུང་བ་དང་། དྭངས་གཙང་ཆུ་བོ་ཤར་ཕྱོགས་སུ་བཞུར་བ་དང་ཁོར་ཡུག་མཁའ་དབུགས་ཀྱི་སྤུས་ཀ་རྒྱལ་ཡོངས་ཀྱི་སྔོན་གྲས་ཡིན་པར་ཁག་ཐེག་བྱེད་དགོས། དེ་ནི་གཟབ་ནན་གྱི་དམ་བཅའ་ཡིན་ལ་བྱ་བའི་ཁྲིད་ཕྱོགས་ཀྱང་ཡིན། དམིགས་འབེན་དེ་དག་ཡོངས་འགྲུབ་བྱ་ཆེད། ངེས་པར“མགོ་བརྩམས་པ་ན་མཆོང་རྒྱུག་བྱེད་པའི”རྣམ་པ་དོད་ནས། “ངེས་པར་ལྔ”རྩ་བའི་བྱེད་ཐབས་བྱས་ཏེ་ཁྲིད་སྟོན་དང་། དགེ་མཚན་སྲ་བརྟན་རྒྱ་བསྐྱེད་དང་བཀག་རྒྱ་ཚོད་འཛིན་བསལ་བ། ཞན་ཆ་ཁ་གསབ་བྱེད་པའི་ཐད་དུས་མཉམ་དུ་ཤུགས་འདོན་དགོས། བྱེ་བྲག་ཏུ་གླེང་ན། གཙོ་ཕལ་གཉིས་འཛིན་གྱིས“དམིགས་པ་དྲུག”གི་ལོ་འཁོར་མོའི་ཨར་ལས་དཔེ་རིས་བསྡུར་བ་བྱས་པ་དང་། ལྗང་མདོག་ཚུལ་སྒྱུར་དང་ནང་མཁོ་རྒྱ་སྐྱེད། གསར་སྐྲུན་སྐུལ་ཁྲིད། བཅོས་བསྒྱུར་འགག་སྒྲོལ། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར། དམངས་འཚོ་འགན་སྲུང་སོགས་གནད་འགག་གི་གོ་རིམ་སོ་སོར་འཕེལ་རྒྱས་ཏན་ཏིག་བྱུང་།

 མགོ་ལེགས་པོ་རྩོམ་པ་ནི་ལེགས་འགྲུབ་ཕྱེད་ཀ་བྱུང་ཡོད་ལ། “མགོ་བརྩམས་མ་ཐག་གྲུབ་འབྲས་ཐོབ་པར”བརྩོན་ལེན་བྱེད་པའི་དོན་སྙིང་ནི“ལོ་ལྔ་ལ་གྲུབ་འབྲས”ཐོབ་པའི་རིན་ཚབ་གལ་ཆེན་བསགས་པར་རག་ལས་པ་ཡིན། ད་ལོར་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་གསོ་སྐྱོང་། ལས་གཞི་བཀོད་སྒྲིག བཅོས་སྒྱུར་སྒོ་འབྱེད། དམངས་འཚོ་ལེགས་བཅོས་སོགས་ཀྱི་ཕྱོགས་སུ་རྨང་གཞི་གང་འདྲ་འདིང་བ་ནི། ཐད་ཀར་མ་འོངས་པའི་ལོ་འགའི་འཕེལ་རྒྱས་ཀྱི་གནས་བབ་དང་བར་སྟོང་ལ་འབྲེལ་ཡོད། སྤུས་ཚད་མཐོ་བའི“མགོ་བརྩམས་མ་ཐག་གྲུབ་འབྲས་ཐོབ་པ”དེས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་བློ་སྤོབས་རྒྱས་སུ་འཇུག་ཐུབ་ལ། “གནས་བབ་དང་བསྟུན་ནས་འཕར་བའི”སྟོབས་ཤུགས་ཆེན་པོ་གོང་བུར་བསྒྲིལ་ཐུབ། ཕྱི་ཕྱོགས་སུ་མཚོ་སྔོན་གྱི་སྦས་ཤུགས་ཆེན་པོ་དང་མདུན་ལྗོངས་རྒྱ་ཆེ་བའི་བརྡ་རྟགས་གསལ་པོ་གཏོང་ཐུབ་ལ། སྤུས་ལེགས་ཀྱི་རྒྱུ་ཆ་གང་མང་ཞིག་ཀྱང་བསྡུ་རུབ་བྱེད་ཐུབ་པར་མ་ཟད། དེ་ལས་ཀྱང་ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ཐབས་ལམ་ལ་རང་འགུལ་དབང་ཆ་མང་པོ་བརྩོན་ལེན་བྱེད་ཐུབ་ཅིང་། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་སྐབས་དེ་བས་ཀྱང་བབ་ཆགས་རང་རྟོན་འབྱུང་ཐུབ། དེར་བརྟེན། ནུས་ཤུགས་ཡོད་རྒུས་མགོ་ལེགས་པོ་རྩོམ་པར་དམ་འཛིན་བྱེད་པ་ནི་མཚོ་སྔོན་གྱི་ཡུན་རིང་པོའི་མ་འོངས་པར་མ་རྩ་གཏོང་བ་ཡིན།

 གྲུ་པ་བརྒྱ་ཡི་ནང་ནས་གྲུ་ཁེམ་དཀྲུགས་མཁན་སྔོན་དུ་ཐོན་ངེས། མགོ་རྩོམ་པར་ཆོད་སེམས་བརྟན་པོ་ཡོད་དགོས། ང་ཚོས“གོ་སྐབས་དམ་འཛིན”གྱི་ཚོར་བ་སྐྱེན་པོ་དང“མདུན་གྲལ་དུ་སྐྱོད་པའི”ཁག་ཁུར། “དངོས་སྒྲུབ་སྔོན་བརྩོན”གྱི་སྤྱོད་ཚུལ་བཅས་ཀྱིས། དུས་ཚིགས་དང་པོར་ཤུགས་ཀྱིས་མཆོང་བརྒལ་བྱེད་པ་དང་། མགོ་རྩོམ་དམག་འཐབ་ལ་བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁ་ལེན་དགོས་ཤིང་། “མགོ་བརྩམས་མ་ཐག་གྲུབ་འབྲས་ཐོབ་པ”ཡི་དྲིས་ལན་བཀྲག་མདངས་ཆེ་བའི་ཐོག་ནས། མཚོ་སྔོན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་ཧུར་ཐག་འབད་བརྩོན་དང་བརྟན་ཐོག་རྒྱང་སྐྱོད་བྱེད་པར་སྣེ་དྲངས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་ལེའུ་གསར་པ་དང་གྲུབ་འབྲས་གསར་པ་ཧུར་ཐག་གིས་འབྲི་དགོས། །

​ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།