གངས་ལྗོངས་ཀྱི་རྐང་གྲུག འགྲན་བསྡུར་གྱི་ངོ་མཚར།

ཁུངས། ཀློག་གྲངས།

----མཚོ་སྔོན་རིམ་འདས་མཉམ་འགྲན་སྐབས་གསུམ་པའི་འགྲན་སྐོར་གསུམ་པའི་ཡུས་ཧྲུའུ་འགྲན་ར་གཙོ་བོའི་མཐོང་ཐོས།联想截图_20260601060526

ཛ་དྲག་གིས་འགྲན་བསྡུར་བྱེད་བཞིན་པ།

联想截图_20260601060548

རིག་རྩལ་འཁྲབ་སྟོན་གྱི་རྣམ་པ།

联想截图_20260601060609

ཛ་དྲག་གི་འགྲན་བསྡུར།

ཟླ5པའི་ཚེས31ཉིན། མཚོ་འཕགས་སྨི3700ཡོད་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཕྱོགས་བསྡུས་ལུས་རྩལ་ར་བ་རུ་མི་ཚོགས་ཀྱིས་རྦ་རླངས་གཡོ་ཞིང་། ཚོན་དར་རླུང་གིས་སྐྱོད་བཞིན་འདུག “རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག” རིམ་འདས་མཉམ་འགྲན་སྐབས་གསུམ་པའི་འགྲན་སྐོར་གསུམ་པའི་འགྲན་བསྡུར་གཙོ་བོ་གནས་འདི་རུ་སྤེལ་བཞིན་ཡོད་ལ། ཡུས་ཧྲུའུ་ནོར་གནག་རུ་ཁག་གིས་རང་ཉིད་ཀྱི་འགྲན་ར་ནས་ས་ཐག་རིང་བོ་ནས་འོང་བའི་མཚོ་ཤར་ཐེན་ཡུག་ཏི་རུ་ཁུག་གི་མདུན་བསུས་ཏེ་འགྲན་བསྡུར་བྱས།

འགྲན་བསྡུར་དངོས་སུ་འགོ་རྩོམ་པར་ད་དུང་ཆུ་ཚོད་ཕྱེད་ཀ་ཙམ་ཡོད་པའི་སྐབས་སུ། ལུས་རྩལ་ར་བའི་ཕྱི་རུ་སྔ་མོ་ནས་མི་ཚོགས་ཀྱི་འདུ་ལོང་རྒོད་ཀྱིན་འདུག ལུས་ལ་འགྲན་ལྭ་སེར་པོ་གྱོན་པའི་ཡུས་ཧྲུའུ་ནོར་གནག་རུ་ཁག་གི་གྲུག་ཞེན་པ་རྣམས་སྐོར་དང་སྐོར་བྱས་ཏེ་འགྲན་རའི་ནང་སྐྱོད་བཞིན་ཡོད་ལ། གདོང་ལ་ཡིད་ཆེས་ཀྱི་འཛུམ་མདངས་ཀྱིས་ཀུན་ནས་བརྟས་འདུག

ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་།  རྟ་མཆོག་གི་རྨིག་སྒྲ་དང་འཚེར་སྐད་གྲགས་པ་དང་མཉམ་དུ། ངོ་མཚར་བའི་རྟ་རྒྱུག་འཁྲབ་སྟོན་ཞིག་གིས་བྱེད་ཐེངས་འདིའི་འགྲན་བསྡུར་གྱི་ཡོལ་རས་དལ་གྱིས་ཕྱེས། ལུས་ལ་གཟབ་ཆོར་སྤྲོས་ཤིང་ལག་ཏུ་རྟ་ལྕག་ཐོགས་པའི་ཁམས་པའི་ཕོ་རྒོད་བཅུ་ཕྲག་གིས་སྐྱ་རྩལ་ངོམས་བཞིན་འགྲན་རའི་ནང་ཐོན་ཏེ། གངས་རིའི་བུ་ཕྲུག་གི་ལུས་ཀྱི་རྩལ་དང་སེམས་ཀྱི་སྤོབས་པ་ངོམས། དེ་དང་བསྟུན་ནས། སྙན་ལྷང་ལྷང་གི་རོལ་དབྱངས་གྲགས་པ་དང་ལྷན་དུ། སྲོལ་རྒྱུན་གྱི་གྱོན་ཆས་གྱོན་ཡོད་པའི་ཁམས་པའི་བུ་མོ་དག་གིས་ཡིད་སེམས་མགུ་བར་བྱེད་པའི་ཡུས་ཧྲུའུ་ས་གནས་ཀྱི་ཞབས་བྲོ་འཁྲབ་པ་དང་། ཕུ་ཐུང་གནམ་ལ་གཡུག་ནས་སྤྲིན་དཀར་གྱི་ཕུང་བོ་ལང་ལོང་དུ་གཡོ་བར་བྱེད་ལ། རྐང་བའི་འདེགས་འཇོག་རེ་རེ་ལས་ཁམས་པའི་རིག་གནས་ཀྱི་མཛེས་སྡུག་དང་གར་གྱི་སྟངས་སྟབས་མཐོང་ཐུབ།

ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་། ཤན་འབྱེད་པ་གཙོ་བོས་བརྡ་བརྒྱབ་པ་དང་མཉམ་དུ། འགྲན་བསྡུར་དངོས་སུ་འགོ་བརྩམས། ལྟད་མོ་བའི་སྟེགས་བུ་གློ་བུར་དུ་གསེར་མདོག་གི་གོས་ཀྱིས་གཡོགས་པ་ཀུན་ནས་མཚུངས་ལ། ཡུས་ཧྲུའུ་ཡི་གྲུག་ཞེན་པ་ཁྲི་ལ་ཉེ་བ་ཙམ་གྱིས་དར་ཆ་མཐོན་པོར་གཡུག་ཅིང་མཁར་རྔ་རྡུང་། “ཡུས་ཧྲུའུ། རྣམ་པར་རྒྱལ།”ཞེས་པའི་འབོད་ཚིག་སྒྲོག་པ་སོགས་ཀྱི་ཀི་འབོད་ཀྱིས་གནམ་ས་གང་བར་བྱས། འགྲན་བསྡུར་ལ་ཡོང་བའི་མཚོ་ཤར་ཐེན་ཡུག་ཏི་རུ་ཁག་གི་གྲུག་ཞེན་པ་རྣམས་ཀྱིས་ཀྱང་འགྲོས་མཉམ་པའི་འབོད་ཚིག་སྒྲོག་བཞིན་རང་ཉིད་ཀྱི་རུ་ཁག་ལ་རྒྱབ་སྐྱོར་བྱས།

འགྲན་བསྡུར་འགོ་བརྩམས་མ་ཐག་ཧ་ཅང་ཛ་དྲག་ཏུ་གྱུར་ལ། འགྲན་ར་གཙོ་བོའི་རུ་ཁག་སྟེ་ཡུས་ཧྲུའུ་ནོར་གནག་རུ་ཁག་གིས་གྲུག་ཞེན་པ་དག་གི་རྒྱབ་སྐྱོར་སྟོབས་ལྡན་ལ་བརྟེན་ནས། ཞུམ་པ་མེད་པར་ཕ་རོལ་བོའི་གྲུག་སྒོ་མདུན་དུ་དྲག་རྒོལ་བྱས། མཚོ་ཤར་ཐེན་ཡུག་ཏི་རུ་ཁག་གིས་འགོག་སྲུང་གཙོ་བོར་བྱས་ཏེ་འགྲན་བསྡུར་བྱས་པ་དང་། ཚགས་དམ་པའི་འགོག་སྲུང་རེ་རེ་ལ་བརྟེན་ནས་ཐེངས་རེ་རེའི་ཉེན་ཁ་སེལ་བར་མ་ཟད། སྒོ་འགོག་ནི་དེ་བས་ཀྱང་ཞུམ་པ་མེད་པར། མཆོངས་འགོག་རེ་རེ་ཡིས་རང་ཉིད་ཀྱིས་གྲུག་སྒོ་སྲུང་།

ལྟད་མོ་བ་ཡོངས་ཀྱིས་འགྲན་སྟོད་སྐར་མཉམ་གྱིས་མཇུག་རྫོགས་རྒྱུ་རེད་འདོད་ཡོད་པའི་སྐབས་སུ། འགྲན་རའི་གནས་སྟངས་ལ་གློ་བུར་དུ་འགྱུར་ལྡོག་བྱུང་། སྐར་མ42ཀྱི་སྐབས་སུ། མཚོ་ཤར་ཐེན་ཡུག་ཏི་རུ་ཁག་གི་ཨང་རྟགས11པ་སྟེ་དབྱང་ཀང་ཡུང་གིས་ཕར་རྒོལ་གྱི་གོ་སྐབས་ཤིག་དམ་འཛིན་བྱས་ཏེ། ཕ་རོལ་བོའི་འགོག་ཁུལ་ནས་རྐང་པ་འདེགས་ཐེངས་ཤིག་གིས་ཡུས་ཧྲུའུ་ནོར་གནག་རུ་ཁག་གི་གྲུག་སྒོར་བརྫངས་ཏེ་ཐོག་མའི་སྐར་མ་ཐོབ།

ཕ་རོལ་བོར་སྐར་མ་ཐོབ་རྗེས་ཡུས་ཧྲུའུ་ནོར་གནག་རུ་ཁག་ཟང་ཟིང་དུ་མ་གྱུར་བར་དེ་ལས་ལྡོག་སྟེ་སྔར་ལས་སྤོབས་པ་ལྡན་པར་གྱུར། འགྲན་སྟོད་ཀྱི་ཁ་གསབ་དུས་ཚོད་ཀྱི་ཆེས་མཇུག་མཐའི་སྐབས་སུ། ཡུས་ཧྲུའུ་ནོར་གནག་རུ་ཁག་ལ་ཆེས་གནད་འགག་གི་གྲུ་འཕེན་གྱི་གོ་སྐབས་ཤིག་ཐོབ། རྐང་གྲུག་གཞུ་དབྱིབས་ལྟར་ཕ་རོལ་བོའི་འགོག་ཁུལ་གྱི་བར་སྣང་དུ་གཡུག་པ་ན། ཨང་རྟགས35པ་ལིའུ་ཀོང་ཡུན་མཐོན་པོར་གནམ་ལ་མཆོངས་ཏེ། ཤུགས་དང་ལྡན་པའི་སྒོ་ནས་རང་ཉིད་ཀྱི་མགོ་བོས་རྐང་གྲུག་ཕ་རོལ་བོའི་གྲུག་སྒོའི་ནང་དུ་བརྫངས། དེ་མ་ཐག་ལྟད་མོའི་སྟེགས་བུ་ནས“རྐང་གྲུག་བརྫངས་བྱུང”ཞེས་སྐད་གསེང་མཐོན་པོས་དགའ་སྤྲོའི་འབོད་སྒྲ་བསྒྲགས་པ་དང་། གྲུག་ཞེན་པ་རྣམས་ཀྱིས་ལག་ཟུང་གཉིས་ཀྱིས་དར་ཆ་མཐོན་པོར་གཡུག་སྟེ་དགའ་སྤྲོའི་རྟེན་འབྲེལ་ཞུས།

འགྲན་སྨད་ཀྱི་སྐབས་སུ།  ཕྱོགས་གཉིས་ཀྱིས་ཁ་ཕྱོགས་བརྗེས་ནས་ཡང་བསྐྱར་ཛ་དྲག་གི་འགྲན་སྡུར་བྱས། ཡུས་ཧྲུའུ་ནོར་གནག་རུ་ཁག་གིས་མུ་མཐུད་དུ་ཕ་རོལ་བོར་གནོན་ཤུགས་སྤྲད། སྐར་མ68ཀྱི་སྐབས་སུ། ཨང་རྟགས10པ་འཇིགས་མེད་དབང་རྒྱལ་ལ་རུ་མིས་བརྒྱུད་སྤྲོད་བྱས་རྗེས། འགོག་རའི་ནང་ཁུལ་ནས་བྲེལ་འཚུབ་མེད་པར་ཕ་རོལ་བོའི་གྲུག་སྒོ་བརྟོལ་ཏེ། འགྲན་སྐར་གཉིས་བསྡུར་གཅིག་ཏུ་སླེབས།

སྐབས་དེར། ལུས་རྩལ་ར་བ་ཧྲིལ་བོ་འུར་ཆིལ་ཆིལ་དུ་གྱུར་ལ། གྲུག་ཞེན་པ་རྣམས་གནམ་ལྡིང་ས་ལྡིང་བྱེད་པ་དང་ཀི་སྒྲ་སྒྲོག་པ། གསེར་མདོག་གི་དར་ཆ་ལྷབ་ལྷབ་ཏུ་སྐྱོད་པ་སོགས་བྱས་ཏེ། སྟེགས་བུ་ཧྲིལ་བོ་དགའ་སྤྲོའི་གླིང་ག་ཞིག་ཏུ་གྱུར།

དེའི་རྗེས་ཀྱི་འགྲན་བསྡུར་ཁྲོད། མཚོ་ཤར་ཐེན་ཡུག་ཏི་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་ཕྱིར་རྒོལ་ལན་སློག་མོད། འོན་ཀྱང་ཡུས་ཧྲུའུ་ནོར་གནག་རུ་ཁག་གི་གྲུག་སྒོ་བརྟོལ་མ་ཐུབ། ཕྱི་དྲོའི་ཆུ་ཚོད་ལྔ་དང་སྐར་མ་བཅུའི་སྟེང་། རུ་ཁག་གཉིས་ཀྱི་འགྲན་སྐར་གཉིས་བསྡུར་གཅིག་ལྟར་མཇུག་བསྒྲིལ་བ་དང་། ཡུས་ཧྲུའུ་ནོར་གནག་རུ་ཁག་གནད་འགག་གི་འགྲན་བསྡུར་འདི་ལས་རྣམ་པར་རྒྱལ།

འགྲན་རའི་ནང་ངར་ཤུགས་ཀྱིས་བརྟས་ཡོད་ལ། འགྲན་རའི་ཕྱི་རོལ་དུའང་འདུ་ལོང་རྒོད། འགྲན་བསྡུར་གྱི་ནང་དོན་ཕུན་སུམ་ཚོགས་པར་བྱེད་པ་དང་། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་ཆེད། འགྲན་རའི་ཕྱི་རོལ་དུ་ཆེད་དུ་ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོང་བྱེད་ཡུལ25བཀོད་སྒྲིག་བྱས་ཡོད་ལ། སྐམས་ཤ་དང་འབྲི་ཞོ། ལག་བཟོས་ཁ་ཚ། ཉུང་མ། བོད་ཇ། གྲོ་མ་སོགས་ཡུས་ཧྲུའུ་ཡི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཐང་མར་བརྡལ་ཡོད་པས། གྲུག་ཞེན་པ་དང་གྲོང་མི་མང་བོས་ཉོ་སྒྲུབ་བྱེད་བཞིན་འདུག

“དེ་རིང་ཐོན་རྫས་རིགས་ལྔ་ཁྱེར་ཡོང་ཡོད། ཉོ་མཁན་ཡང་ཧ་ཅང་མང་བོ་འདུག ཆེས་བྲིན་ཆེ་བ་ནི་འབྲི་མོའི་འོ་མས་བཟོས་པའི་འོ་སྤྲི་རེད། འདི་ནི་ལྷད་མེད་ཀྱི་འབྲི་མོའི་འོ་མས་བཟོས་པ་རེད། སྦྱོར་རྫས་གཅིག་ཀྱང་མེད། བྲོ་བ་ཞིམ་པར་མ་ཟད་འཚོ་བཅུད་ཀྱི་རིན་ཐང་ཡང་ཧ་ཅང་མཐོ། ”ཡུས་ཧྲུའུ་གྲོང་ཁྱེར་ནོར་བུ་གཡང་འདུས་སྐྱེ་ཁམས་ཞིང་ཕྱུགས་ཐོན་རྫས་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་བ་ཕུན་ཚོགས་དབང་རྒྱལ་གྱིས་ཚོང་མགྲོན་ལ་ཚོང་སྤྲོད་ཞོར་དགའ་སྤྲོའི་ངང་དེ་ལྟར་བཤད།

ཞིང་ཕྱུགས་ཐོན་རྫས་འགྲེམ་འཚོང་ལས་གཞན་ད་དུང་། ཡུལ་དངོས་ནས་བོད་སྨན་འགྲེམ་སྟོན་དང་བཅའ་ཁྲིམས་དྲིལ་བསྒྲགས། ལུས་རྩལ་རྒྱན་ཤོག་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། ལྟད་མོ་བ་རྣམས་ཀྱིས་ངོ་མཚར་བའི་འགྲན་བསྡུར་ལ་ལྟ་ཞོར་ཡུས་ཧྲུའུ་ཡི་ཁྱད་ལྡན་རིག་གནས་ཀྱི་མཛེས་པ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་མྱོང་རོལ་བྱེད་དུ་བཅུག

“དེ་རིང་ངོ་མ་སྐྱིད་པོ་རེད། རང་ཁྱིམ་གྱི་སྒོ་ཁ་ནས་འདི་འདྲའི་ངོ་མཚར་བའི་འགྲན་བསྡུར་ཞིག་ལ་ལྟ་ཐུབ་པར་མ་ཟད། ད་དུང་ཕ་ཡུལ་གྱི་ཁྱད་ལྡན་ཐོན་རྫས་ཀྱང་ཉོ་ཐུབ། ངོ་མ་སྤོབས་པ་རྒྱས་པ་ཞིག”རེད། ནང་ཆེན་རྫོང་ནས་ཐོན་པའི་གྲུག་ཞེན་པ་བཀྲ་ཤིས་ཀྱིས་དགའ་སྤྲོའི་ངང་འདི་ལྟར་བཤད།

རྐང་གྲུག་འགྲན་བསྡུར་ཞིག་གིས་གྲོང་ཁྱེར་འདིར་ཚ་རླབས་འཕྱུར་དུ་བཅུག “མཚོ་སྔོན་རིམ་འདས་མཉམ་འགྲན”ཡུས་ཧྲུའུ་འགྲན་ཁུལ་གྱི་འགྲན་བསྡུར་གྱིས་རྒྱ་ཆེའི་གྲུག་ཞེན་པ་རྣམས་ལ་ངོ་མཚར་བའི་ལུས་རྩལ་གྱི་མིག་གི་དགའ་སྟོན་ཞིག་བཤམས་པར་མ་ཟད། དེ་བས་ཀྱང་ཡུས་ཧྲུའུ་ཡི་སྣང་བརྙན་འགྲེམ་སྟོན་དང་འབྲེལ་འདྲིས་མཉམ་ལས་ལ་སྐུལ་སྤེལ་གཏོང་བའི་སྤྱི་སྟེགས་གལ་ཆེན་ཞིག་ཏུ་གྱུར། ལུས་རྩལ་དང་ཟུང་འབྲེལ་གྱི་རྣམ་པ་ལ་བརྟེན་ནས། ཡུས་ཧྲུའུ་ཡིས་ལུས་རྩལ་འགྲན་བསྡུར་དེ་ཞིང་ཕྱུགས་ལས་དང་རིག་གནས། ཡུལ་སྐོར། ཚོང་ལས་བཅས་ལ་མཉམ་འདྲེས་གཏིང་ཟབ་བྱས་ཏེ།  མི་མང་བོར་ཡུས་ཧྲུའུ་ཡི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་མི་རིགས་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་དུ་བཅུག་པར་མ་ཟད། ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ལ་འགྲེམ་སྟོན་དང་ཕྱིར་འཚོང་གི་སྦྲེལ་ཟམ་བསྐྲུན། 

ཁོན་ཐར་དབང་རྒྱལ་གྱིས་སྒྱུར།

5月31日,海拔3700米的青海省玉树藏族自治州综合体育场内人声鼎沸、彩旗飘扬。第三届“大美青海·高原足球”超级联赛第三轮的焦点战在这里激情上演,玉树牦牛队主场迎战远道而来的海东天佑德队。

距离比赛正式开始还有半小时,体育场外早已人头攒动。身着黄色球衣的玉树牦牛队球迷,成群结队地涌向赛场,脸上洋溢着自信的笑容。

14时30分,随着一阵急促的马蹄声响起,精彩的赛马表演拉开整场活动的帷幕。数十名康巴汉子身着盛装,策马扬鞭,矫健的身姿在阳光下划出一道道优美的弧线,尽显高原儿女的飒爽英姿。紧接着,悠扬的音乐响起,身着传统服饰的康巴儿女们跳起欢快的玉树伊舞,长袖翻飞如流云,舞步轻盈似蝴蝶,将康巴文化的热烈奔放与柔美灵动展现得淋漓尽致。

15时整,主裁判一声哨响,比赛正式开始。看台上瞬间变成黄色的海洋,近万名玉树球迷挥舞着旗帜,敲打着锣鼓,齐声高喊“玉树队!必胜!”的口号,助威声此起彼伏,响彻云霄。客场作战的海东天佑德队球迷也毫不示弱,他们用整齐划一的呐喊为球队加油鼓劲。

比赛一开始就进入白热化状态。主场作战的玉树牦牛队凭借着球迷的强大支持,攻势如潮,频频向对方球门发起冲击。海东天佑德队则稳扎稳打,依靠严密的防守化解一次又一次危机,门将更是表现神勇,几次飞身扑救化险为夷。

就在大家以为上半场将以平局收场时,场上风云突变。第42分钟,海东天佑德队11号球员杨光勇抓住一次反击机会,带球突入禁区,一脚劲射攻破玉树牦牛队的球门,率先打破僵局。

失球后的玉树牦牛队并没有慌乱,反而更加斗志昂扬。在上半场伤停补时的最后时刻,玉树牦牛队获得一次宝贵的角球机会。随着足球划出一道弧线飞向禁区,35号球员刘广运高高跃起,一记有力的头球将球顶入球门死角!“进球了!”看台上瞬间爆发出雷鸣般的欢呼声,球迷们挥舞着手中的旗帜庆祝。

下半场易边再战,双方拼抢更加激烈。玉树牦牛队不断向对方防线施压。第68分钟,10号球员久美文江接到队友的精准传球,在禁区内冷静推射破门,将比分反超为2:1!

这一刻,整个体育场彻底沸腾了,球迷们跳着、喊着,金色的围巾在看台上飞舞,形成一片欢乐的海洋。

随后的比赛中,海东天佑德队全力反扑,但始终未能攻破玉树牦牛队的球门。17时10分,终场哨声响起,比分定格在2:1,玉树牦牛队赢得了这场来之不易的主场胜利。

绿茵场上激情四射,场外同样热闹非凡。为了丰富赛事内容,促进农体文旅商融合发展,赛场外专门设置25个农畜产品展销点位。牦牛肉、牦牛酸奶、手工辣酱、芫根、藏茶、人参果等极具玉树特色的农畜产品琳琅满目,吸引大批球迷和市民前来选购。

“今天带来5种产品,销量都不错,卖得最好的是这款牦牛奶皮子手工酸奶酪。它是用鲜牦牛奶手工现做的,无添加纯天然,口感和营养价值都非常高。”玉树市诺保雍地生态畜牧业专业合作社负责人朋措旺嘉一边忙着给顾客装货,一边高兴地说。

除了农畜产品展销,现场还举行了藏医药展示、普法宣传、体育彩票推广等活动,让观众在观看精彩比赛的同时,感受到玉树独特的文化魅力和发展活力。

“今天太激动了,能在家门口看到这么精彩的比赛,还能买到这么多家乡的特产,感觉特别自豪!”专程从囊谦县赶来的球迷扎西兴奋地说。

一场足球赛,点燃一座城。“青超联赛”玉树主场赛事不仅为广大球迷带来了一场精彩的体育盛宴,更成为展示玉树形象、促进交流合作的重要平台。通过“体育+”的模式,玉树将体育赛事与农牧业、文化、旅游、商业深度融合,既让更多人了解玉树独特的自然风光和民族文化,也为当地特色产品搭建了展示和销售的桥梁。