འཛམ་གླིང་ཚན་རིག་གི་ཡང་རྩེར་བསྙེགས་ནས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་པར་བྱས་རྗེས་གསར་པ་འཇོག་དགོས།

ཁུངས། ཀློག་གྲངས།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཚན་རྩལ་གྱིས་གདོང་མཆོང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་། གླིང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་ཀྱི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ཉེ་བའི་ལོ་ཤས་ནང་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་པ་དང་། ཚན་རྩལ་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་གནས་བབ་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་ལས་ཇེ་ཆེར་བཏང་པ་དང་། ཏང་ཀྲུང་དབྱང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་ཚན་རྩལ་བྱ་གཞག་སྐོར་གྱི་བཀོད་སྒྲིག་སོ་སོ་དོན་འཁྱོལ་ལེགས་པོ་བྱེད་པར་བླང་བྱ་གསལ་པོ་བཏོན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་དོ་སྣང་ཆེན་པོ་བྱུང་ཡོད་དེ། ཚང་མས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་འགོ་རྩོམ་ས་གསར་པར་ལངས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་དགོས་ལ། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་། དུས་རབས་ཀྱི་འགྲན་སློང་གདོང་གིས་བསུས་ཏེ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་པར་བྱས་རྗེས་གསར་པ་མང་དུ་འཇོག་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་དེང་རབས་ཅན་འཛུགས་སྐྲུན་གནད་འགག་ཏུ་བཟུང་སྟེ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཆར་གཞི་གོ་རིམ་ལྡན་པར་འགོད་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ནས། ཚན་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཚན་རྩལ་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་ཁས་ལེན་གང་ལེགས་གནང་བ་དེས་ཚང་མས་དུས་རབས་གསར་པའི་འཐབ་ལམ་གསར་པའི་སྟེང་དཔའ་ངར་ཆེན་པོས་ཚན་རྩལ་གྱི་ཡང་རྩེར་བསྙེགས་པའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་ཕྱིན།

ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ལུའུ་ཁྲུན་ཧྥང་གིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་རྗེས། ང་རང་ཧ་ཅང་དགའ་པོ་བྱུང་སོང་། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་དེ་འཛམ་གླིང་དུ་ཞུགས་མཁན་དང་བྱས་རྗེས་འཇོག་མཁན་ནས་འཛམ་གླིང་གི་ཐོད་བརྒལ་མཁན་དང་སྣེ་ཁྲིད་མཁན་གྱི་ཕྱོགས་སུ་མགྱོགས་མྱུར་སྒོས་སྐྱོད་བཞིན་ཡོད་ལ། ཡར་ཐོན་ཧ་ཅང་ཆེན་པོ་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་དང་། སྐུལ་འདེད། མཛུབ་སྟོན་བཅས་གནང་བའི་འབྲས་བུ་ཡིན་ཞིང་། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་དེ་རང་རྒྱལ་གྱི་བཟོ་སྐྲུན་ཚན་རྩལ་དང་ཚན་རྩལ་བྱ་གཞག་ཡོངས་མགྱོགས་མྱུར་ངང་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་ཞིག་ཀྱང་ཡིན།

པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་ཏང་ཨུའི་ཧྲུའུ་ཅི་སྨན་བཅོས་ཡོན་ཀྲང་གཞོན་པ། བྱ་དགའ་ཐོབ་མཁན་ཝང་ཅན་ལིག་གིས་བཤད་རྒྱུར།

ཡུལ་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་པ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའི་མཚན་སྙན་དེ་ཐོབ་པ་ན། ངའི་སེམས་སུ་སེམས་འགུལ་ཆེན་པོ་ཐེབས་པར་མ་ཟད། ལྗིད་ཏིག་ཏིག་གི་དུས་རབས་ཀྱི་འགན་འཁྲི་དེའང་ཚོར་བྱུང་། ལོ་ངོ་བཅུ་ལྷག་གི་རིང་ལ་ང་ཚོས་སྔོན་ཆད་རྒྱལ་སྤྱིའི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ། རྒྱལ་སྤྱིའི་ཚད་གཞིར་དཔེ་བལྟ་བ་ནས་ད་ལྟ་ང་ཚོས་སྣེ་ཁྲིད་དེ་ནད་ཐོག་སྨན་བཅོས་ཞིབ་འཇུག་བྱེད་པ་དང་ཐོག་མའི་གསར་གཏོད་ཀྱི་ནད་བརྟག་སྨན་བཅོས་ལག་རྩལ་བཏོན་ནས། རྒྱལ་སྤྱིའི་ནད་ཐོག་སྨན་བཅོས་ཀྱི་ཕྱོགས་སྟོན་གཏན་འཁེལ་བྱས་ཏེ། ཀྲུང་གོའི་གསོ་རིག་ཇུས་གཞི་དེ་འཛམ་གླིང་ལ་ཁྱབ་གདལ་བཏང་བ་དེ་ནི་ང་ཚོའི་གསར་གཏོད་སྟོབས་ཤུགས་ཀྱི་མཚོན་ཚུལ་ཞིག་ཡིན།

ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི་བློ་འདྲི་དགེ་རྒན་ཆེན་མོ། བྱ་དགའ་ཐོབ་མཁན་ལེ་ནེ་པེ་ཨེར་ན་ཚི་ཡིས་བཤད་རྒྱུར།

ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་བྱུང་། ངས་བསམ་ན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་ཀྱི་གལ་ཆེའི་རང་བཞིན་ལ་གོ་བ་ཧ་ཅང་ཟབ་མོ་བླངས་པ་དེ་རྒྱལ་ཁབ་ཅིག་གི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་མཚོན་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཀྲུང་གོ་ཡིན་ན་སྔོན་ཆད་རྗེས་འདེད་རང་བཞིན་གྱི་ཞིབ་འཇུག་བྱེད་བཞིན་ཡོད་མོད། འོན་ཀྱང་ད་ལྟ་མདུན་གྲལ་གྱི་ཞིབ་འཇུག་གྲུབ་འབྲས་གསར་ཤོས་བླངས་པ་དང་། ལྷག་པར་དུ་ཚན་རྩལ་གྲུབ་འབྲས་འཕོ་འགྱུར་གཏོང་བའི་ཐད་ཀྱི་བྱ་གཞག་ལས་མངོན་པ་ལྟར་ན། ཀྲུང་གོའི་ཚན་ཞིབ་དང་གསར་གཏོད་ནུས་པ་ཧ་ཅང་ཆེན་པོ་ལྡན་པས། མ་འོངས་པར་ང་ཚོས་མུ་མཐུད་དུ་མཉམ་ལས་བྱ་རྒྱུར་རེ་སྒུག་བྱེད་བཞིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱིས་མིའི་རིགས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས། འཛམ་གླིང་འཕེལ་རྒྱས་གཏོང་སྟངས་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་པས། ང་ཚོས་གནས་བབ་གསར་པ་དང་བླང་བྱ་གསར་པར་བསྟུན་ནས། ཏང་ཀྲུང་དབྱང་གི་ཚན་རྩལ་བྱ་གཞག་སྐོར་གྱི་བཀོད་སྒྲིག་ཁག་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་ཚན་རྩལ་བྱ་གཞག་གི་བཀོད་སྒྲིག་ཁག་གིས་རྒྱ་ཆེའི་ཚན་རྩལ་ལས་བཟོ་པར་བླང་བྱ་སྔར་ལས་གསལ་པོ་བཏོན།

ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ལི་ཞན་ཧྭ་ཡིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཡིས་ང་ཚོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཚན་རྩལ་འཕེལ་རྒྱས་གཏོང་བར་བླང་བྱ་གསལ་པོ་དྲུག་བཏོན་པ་དང་། བླང་བྱ་འདི་དག་ནི་གཟིགས་རྒྱང་རིང་ལ་ཧ་ཅང་རྒྱུད་རིམ་ལྡན་པ་ཞིག་ཡིན་པར་མ་ཟད། དེ་དག་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པས། ང་ཚོའི་དུས་རིམ་གསར་པ་འདིའི་ཚན་རྩལ་གོང་དུ་འཕེལ་བར་ཁ་ཕྱོགས་གསལ་པོ་བསྟན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཡི་བླང་བྱ་ལྟར། ཕྱོགས་གཅིག་ནས་གསར་གཏོད་བྱེད་དགོས་ལ། ཕྱོགས་གཞན་ཞིག་ནས་འགག་སྒྲོལ་བྱས་ཏེ2035ལོའི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་པར་རམ་འདེགས་བྱ་རྒྱུ་ཡིན། 

ཧྲང་ཧའེ་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ལུའོ་ཏ་ཅིན་གྱིས་བཤད་རྒྱུར། 

ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ཏེ། “གཏན་འཁེལ་གཉིས”མཐའ་གཅིག་ཏུ་གུང་བཀུར་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་སྟེ།  རྒྱལ་ཁབ་ཀྱི་དོན་དུ་འགན་འཁྲི་འཁུར་ཕོད་པ་དང་། དཔའ་ངར་ཆེན་པོས་གདོང་མཆོང་པ་བྱེད་པའི་ལས་འགན་གལ་ཆེན་ཕྲག་ཏུ་བླངས་ཏེ།  ཚན་རྩལ་གསར་གཏོད་ཀྱི་ཇུས་གཞིའི་བྱེད་ནུས་དང་རྩེར་སོན་ཐོན་ལས་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་དགོས། རྩ་འཛུགས་མ་ལག་ཅན་གྱི་ཚན་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་སྔོན་བསྟར་ཆུས་འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་སྟེ། ཐོག་མའི་གསར་གཏོད་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཧྲང་ཧའེ(འབྲི་ཆུའི་ཟུར་གསུམ་གླིང)རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ཁྲོད་མདུན་དུ་མཆོང་བ་དང་གདོང་མཆོང་པ་བྱས་ནས། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས།

པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་གྱི་དགེ་རྒན་ཆེན་མོ།  ཀུའེ་ཧའེ་ཁྲའོ་ཡིས་བཤད་རྒྱུར།

ཆེས་ཟབ་པའི་མྱོང་ཚོར་ནི་སྤོབས་པ་དང་ཁ་ཚ་དགོས་གཏུག་མཉམ་གནས་དང་། གོ་སྐབས་དང་འགྲན་སློང་མཉམ་དུ་གནས་པ་དེ་རེད། སྤྱི་ཁྱབ་ཧྲུའུ་ཅིས་ནན་གྱིས་བསྟན་དོན། “ཚན་རྩལ་གསར་གཏོད་དེ་ངེས་པར་དུ་ཐོན་ལས་གསར་གཏོད་དང་མཉམ་འདྲེས་གཏིང་ཟབ་བྱེད་དགོས། ཚན་རིག་ཞིབ་འཇུག་ཚོད་ལྟ་ཁང་དུ་མི་འདུག་པར། ངེས་པར་དུ་རྨང་གཞིའི་ཞིབ་འཇུག་ནས་བཟོ་གྲྭའི་ཉེར་སྤྱོད་བར་གྱི་“མཐའ་མའི་སྤྱི་ལེ་གཅིག”ཤར་གཏོང་བྱས་ཏེ། མཁའ་སྐྱོད་ཁྱབ་ཁོངས་ཀྱི་གནད་དོན་ངོ་མ་དང་དཀའ་ཁག་ཆེན་པོ་དམ་འཛིན་བྱ་དགོས་ལ། སློབ་མའི་སྣེ་ཁྲིད་དེ་དཔྱད་རྩོམ་ནང་དུ་ཡངས་ཤིང་རྒྱ་ཆེ་བའི་བར་སྣང་འབྲི་བ་དང་།  འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་དང་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཕུལ་བྱུང་ཤེས་ལྡན་མི་སྣ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས།

སན་ཞ་སྡེ་ཚོགས་ཆུ་གློག་བཟོ་སྐྲུན་གལ་ཆེན་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་གི་དབུ་བཞུགས་ཆེད་མཁས་པ། ཝང་ཀྲི་ལིན་གྱིས་བཤད་རྒྱུར། 

ང་ཚོས་ཐོག་མཐའ་བར་གསུམ་དུ་ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་མུ་ཕྲེང་སྟོད་སྨད་མཉམ་སྡེབ་འགག་སྒྲོལ་ལ་གཅིག་གྱུར་འཆར་འགོད་བྱས་ནས། “ཐོན་སློབ་ཞིབ་སྤྱོད”བཅས་ཀྱི་མཐུན་སྦྱོར་རྐྱེན་སྲོལ་གསར་གཏོད་བྱས་པ་བརྒྱུད་དེ། ཁེ་ལས་ཀྱིས་གཙོ་ཁྲིད་དང་དགོས་མཁོས་སྣེ་ཁྲིད་པ་མཉམ་འདྲེས་གཏིང་ཟབ་བྱེད་ཐབས་འདིས། ཐོན་ལས་མུ་ཕྲེང་གི་ལྟེ་བའི་བཟོ་སྐྲུན་སྡེ་ཁག་ཁག་ཅིག་གིས་རང་བརྟེན་ཇུས་འགོད་དང་། རང་བརྟེན་བཟོ་སྐྲུན། རང་བརྟེན་འཁོར་སྲུང་བཅས་མངོན་འགྱུར་ཡོང་བར་སྐུལ་ཁྲིད་བྱས།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ཏེ། རྒྱལ་ཁབ་ཀྱི་མཆོག་ནོར་འཁོར་སྐྱོད་ཡག་པོ་དང་སྲུང་སྐྱོང་ཡག་པོ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱ་ཆེད་སྔར་ལས་ཆེ་བའི་བྱས་རྗེས་འཇོག་རྒྱུ་ཡིན།

ཚན་རིག་གི་མ་འོངས་པ་ན་གཞོན་པར་རག་ལས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཚན་སློབ་ཀྱིས་མི་གཞི་སྐྱོང་པའི་རྐྱེན་སྲོལ་ཇེ་ལེགས་སུ་བཏང་སྟེ། ཕུལ་བྱུང་ན་གཞོན་ཚན་རྩལ་ཤེས་ལྡན་པ་འབད་པས་སྐྱེད་སྲིང་བྱེད་དགོས། ཚན་ཞིབ་མི་སྣར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངོས་ཡོད་དཀའ་ཁག་ཐག་གཅོད་བྱེད་རོགས་བྱས་ཏེ། ཁོ་ཚོར་བློ་སེམས་རྩེ་གཅིག་གིས་བརྩོན་ཞིབ་དང་ལུས་བདེ་བློ་བདེ་ལས་བརྟན་ཡོང་བར་བྱེད་དུ་འཇུག་དགོས། རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་པས། རྒྱལ་ཁབ་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲོལ་རྒྱུན་བཟང་པོ་མུ་མཐུད་དུ་དར་སྤེལ་བཏང་སྟེ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཚུལ་བསྟན།

ཀྲུང་གོའི་གནམ་མིག་གི་སྤྱི་ཁྱབ་བཟོ་བཀོད་པ། ཅང་ཕིན་གྱིས་བཤད་རྒྱུར།

ང་ཚོ་རྒྱལ་ཁབ་ཀྱིས་ཚན་རྩལ་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་པའི་དུས་སྐབས་ཤིག་ཏུ་གནས་པར་རང་ཉིད་ཀྱི་བསོད་ནམས་ཤིག་ཏུ་བསམ་ཡོད། ང་ལ་བག་ཆགས་ཆེས་ཟབ་པ་ནི་སྤྱི་ཁྱབ་ཧྲུའུ་ཅིས་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པར་དོ་སྣང་བྱ་དགོས་ཚུལ་བཏོན་པ་དང་། ན་གཞོན་ཤེས་ལྡན་མི་སྣ་ནི་ང་ཚོའི་མ་འོངས་འཕེལ་རྒྱས་ཀྱི་གསོག་འཇོག་སྟོབས་ཤུགས་གལ་ཆེན་ཡིན་ཞེས་བསྟན་པ་དེ་རེད། ཚན་རིག་ཞིབ་འཇུག་གི་ཁོར་ཡུག་འདི་དང་། སྐྱེ་ཁམས་འཛུགས་སྐྲུན། རྒྱལ་ཁབ་ཀྱིས་ཚན་རིག་ཞིབ་འཇུག་ལ་མཐོང་ཆེན་བྱེད་པའི་ཚད་ལ་བལྟས་ན། མ་འོངས་པའི་ན་གཞོན་ཁྲོད་སྔར་ལས་ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣས་ཚན་རིག་ཞིབ་འཇུག་གི་བྱ་བ་འདི་སྒྲུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

ཀྲུང་གོའི་ཚན་རིག་གླིང་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། ཧྥུ་ཆའོ་མེ་ཡིས་བཤད་རྒྱུར།

ངས་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱིས་ན་གཞོན་ཚན་རིག་པ་རྣམས་ལ་ཡིད་ཆེས་དང་ཐུགས་ཁུར་ཟབ་མོ་གནང་གྱིན་པ་ཚོར་བྱུང་། སྤྱི་ཁྱབ་ཧྲུའུ་ཅིས་ཚན་རིག་གི་མ་འོངས་པ་ན་གཞོན་པར་རག་ལས་པ་གསུངས། ཡིད་ཆེས་དེ་ལས་ང་ཚོས་ལས་འགན་གལ་ཆེན་སྒྲུབ་ཕོད་པ་དང་སྣེ་ཁྲིད་ཕོད་དགོས་པ་མཚོན་ཡོད་ལ། དུས་མཚུངས་སུ་ང་ཚོས་ནོར་འཁྲུལ་གྱི་ཁྲོད་ནས་འཚར་ལོངས་དང་འགག་སྒྲོལ་ཁྲོད་ནས་ཐོད་བརྒལ་ཀྱང་བྱས་ཆོག་པ་མཚོན་ཡོད། ཡིད་ཆེས་དེ་ཡོད་པའི་རྐྱེན་གྱིས་ང་ཚོར་རྨང་གཞིའི་མདུན་གྲལ་གྱི་ཁྱབ་ཁོངས་སུ་གདེང་ཚོད་ཆེན་པོ་ཡོད་པ་དང་། ང་ཚོར་ཁྱབ་ཁོངས་འདིའི་ཁྲོད་མངོན་འགྱུར་བྱེད་མི་སྲིད་པ་མངོན་འགྱུར་བྱེད་དུ་བཅུག 

ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི། ཧྲི་ཅན་ལིན་གྱིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅིས་བསྟན་དོན། གླིང་གཉིས་ཀྱི་ཡོན་ཧྲི་ནི་ཏང་དང་མི་དམངས་ཀྱི་གཟི་བརྗིད་ཡིན་པས། ཚང་མས་གཟི་བརྗིད་ལ་གཅེས་སྤྲས་དང་འབད་འཐབ་ལྷོད་མེད་བྱ་རྒྱུའི་རེ་བ་ཡོད། ཚན་རྩལ་ལས་སྒྲུབ་པར་རེ་བ་ནན་པོ་བཅོལ་བ་འདིས།  ང་ཚོར་སྐུལ་མ་ཆེན་པོ་ཐེབས་པ་མ་ཟད། བླ་ན་མེད་པའི་གཟི་བརྗིད་དང་གཟི་བརྗིད་ལྡན་པའི་ལས་འགན་ཡང་ཚོར་བྱུང་། ཡོན་ཧྲིའི་ཚོགས་སྤྱིས་ལྷག་ཏུ་མིག་དཔེ་བཟང་པོ་བསྟན་ནས།  རང་གཤིས་མི་འགྱུར་བར་མུ་མཐུད་དུ་སློབ་སྦྱོང་དང་ན་གཞོན་ཆེད་མཁས་པར་བརྩི་འཇོག་དང་།  ཆེད་ལས་ལ་རྐང་ཚུགས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་དམིགས་འབེན་གྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་དགོས།

ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་དྲིལ་སྒྲོག་རིག་གནས་པུའུ་ཡི་པུའུ་ཀྲང་། ཐན་ཧྭ་ལིན་གྱིས་བཤད་རྒྱུར།

ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། འཚོལ་ཞིབ་གསར་གཏོད་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ནུས་ཤུགས་གང་ཡོད་བཏོན་ནས་ཚན་རྩལ་ལས་སྒྲུབ་པར་ཞབས་ཞུ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཡོང་བར་ཞབས་འདེགས་ཞུ་བ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བར་ཞབས་འདེགས་ཞུ་བ། ཏང་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པར་ཞབས་འདེགས་ཞུ་དགོས། རྩ་འཛུགས་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣ་འཚར་ལོངས་དང་འཕེལ་རྒྱས་ཡོང་བར་དམིགས་ཏེ། ཚན་རྩལ་ལས་སྒྲུབ་པས་རྒྱལ་ཡོངས་སྒྲིག་སྲོལ་གྱི་དགེ་མཚན་གསར་པ་བློ་བརྟན་འགྱུར་མེད་ཀྱིས་འདོན་སྤེལ་དང་། ཚན་རྩལ་ལས་རིགས་ཀྱིས་བློ་སེམས་གཅིག་མཐུན་གྱིས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་དྲག་པོ་གཅིག་ཏུ་སྒྲིལ་ཏེ། ཚན་རིག་པའི་སྙིང་སྟོབས་དེ་དུས་རབས་གསར་པར་འོད་སྟོང་ལྡན་པར་བྱེད་དགོས།