
༄༅། །མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྱོན་བྱེད་པར་སྐྱེ་ཁམས་ཀྱི་མཐུན་རྐྱེན་སྔར་ལས་བཟང་བ་སྐྲུན་དགོས།
(2013ལོའི་ཟླ་4ཚེས་2ཉིན།)
དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་དང་། བྱེད་སྒོ་སྤེལ་སྟངས་གསར་གཏོད་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་སྣེ་ཁྲིད་བྱས་ཏེ་འོས་འགན་ཤིང་འཛུགས་ལ་ཧུར་ཐག་ཞུགས་པ་དང་། འོས་འགན་ཤིང་འཛུགས་ཀྱི་འགན་འཁྲི་འགྲུབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཁྲིམས་ལྟར་ནགས་ཚལ་སྲུང་སྐྱོབ་ནན་པོ་བྱེད་པ། འོས་འགན་ཤིང་འཛུགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། འོས་འགན་ཤིང་འཛུགས་རྒྱུན་མཐུད་དང་གཏིང་ཟབ་ཏུ་སྤེལ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་གི་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྔར་ལས་བཟང་བའི་སྐྱེ་ཁམས་ཀྱི་མཐུན་རྐྱེན་ཟམ་མི་ཆད་པར་སྐྲུན་དགོས། །
དམངས་ཡོངས་འོས་འགན་ཤིང་འཛུགས་སྤེལ་ནས་ལོ་30ལྷག་འདས་རིང་། རང་རྒྱལ་གྱི་ནགས་ཚལ་ཐོན་ཁུངས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་ལ་སྐུལ་འདེད་བཏང་ཡོད་པ་དང་། དམངས་ཡོངས་ཀྱི་ལྗང་དགའ་ལྗང་འཛུགས་ལྗང་སྲུང་གསུམ་གྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། དེ་དང་ལྷན་དུ་ང་ཚོས་ངེས་པར་དུ་གསལ་པོར་ཤེས་དགོས་པ་ནི། རང་རྒྱལ་ཉིད་སྤྱིའི་ཆ་ནས་བཤད་ན། སྔར་བཞིན་ནགས་དཀོན་ལྗང་ཉུང་དང་སྐྱེ་ཁམས་ཉམས་ཞན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཤིང་འཛུགས་ནགས་སྐྲུན་དང་སྐྱེ་ཁམས་ལེགས་བཅོས་བྱ་རྒྱུ་ནི་ལས་ཡུན་རིང་ལ་ལས་འགན་ལྕི་བ་ཞིག་རེད། །
ནགས་ཚལ་ནི་སྐམ་སའི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་གཙོ་བོ་དང་ཐོན་ཁུངས་གལ་ཆེན་ཡིན་པ་དང་། མིའི་རིགས་འཚོ་གནས་དང་གོང་འཕེལ་ཡོང་བའི་སྐྱེ་ཁམས་ཀྱི་འགན་སྲུང་གལ་ཆེན་རེད། གལ་སྲིད་ནགས་ཚལ་མེད་ན། སའི་གོ་ལ་དང་མིའི་རིགས་གང་འདྲ་ཞིག་ཡིན་པ་ནི་དཔག་པར་དཀའ་བ་ཞིག་རེད། སྤྱི་ཚོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་ལྟར། སྐྱེ་ཁམས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། རང་རྒྱལ་ཉིད་སྐྱེ་ཁམས་ཁོར་ཡུག་བཟང་བའི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་དགོས། །