
མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་གྱི་ཁྱོན་ཡོངས་ལ་རྐང་བཙུགས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་ཏང་འཛུགས་སྐྱོང་གི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུའི་ཐད་བཀོད་སྒྲིག་གང་ལེགས་བྱས་ནས། གོ་རིམ་རྗེས་མའི་ལས་དོན་ལ་ཐབས་ལམ་གསལ་པོ་བཀོད་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་རྒྱུ་རེད། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་གོ་བ་གཏིང་ཟབ་བླངས་པར་བརྟེན། སྙིང་སྟོབས་རབ་ཏུ་འཕེལ་ལ་བློ་སྒོ་ཆེས་ཆེར་ཕྱེས། ཚང་མས་མགྲིན་གཅིག་གིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་ཚད་ཤིང་དུ་བཟུང་ནས། ལས་བྱེད་པའི་དཔུང་སྡེ་སྐྱེད་སྲིང་དང་དོ་དམ་ལ་དམ་འཛིན་ནན་མོ་བྱེད་པ་དང་། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྤུས་འདེགས་ཕན་སྐྱེད་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་བཞིའི་རེ་ལྟོས་ལ་དམིགས་ནས་དམངས་འཚོ་བདེ་སྐྱིད་ཆེ་རུ་གཏོང་བ། སློབ་སྦྱོང་གི་གྲུབ་འབྲས་དེ་དངོས་སྒྲུབ་ཀྱི་སྒུལ་ནུས་སུ་ཏན་ཏིག་ངང་བསྒྱུར་བ། བཀོད་སྒྲིག་བླང་བྱ་ཚང་མ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ས་གཞི་ཆེན་མོའི་སྟེང་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་ཟེར།
དོ་དམ་ནན་མོར་བརྟེན་ནས་ལས་བྱེད་པའི་དཔུང་སྡེ་སྟོབས་ལྡན་དུ་གཏོང་དགོས།
བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེ་བསྐྲུན་རྒྱུ་དེ་ནི། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་བཀོད་སྒྲིག་བྱས་དོན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་གཙོ་གནད་གསལ་འབྱེད་བྱས་ཡོད། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་མི་དོན་ཁྲུའུ་ཡི་ཁྲུའུ་ཀྲང་། ལས་ཁུངས་ཀྱི་ཏང་ཨུའི་ཆེད་འགན་ཧྲུའུ་ཅི་གཞོན་པའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཧྥེ་ཡུས་ཧྥང་གིས་བཤད་རྒྱུར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་དོ་དམ་ནན་མོ་དང་བྱམས་སྐྱོང་ཟུང་འབྲེལ། སྐུལ་ལྕག་གཏོང་བ་དང་ཚོད་འཛིན་གལ་ཆེན་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལས་ཞུགས་སྔོན་ལ་འཇོག་པ་དང་། སྤྱི་ཚོགས་འགན་སྲུང་དང་དམངས་ཕན། འཇོན་མི་ནང་འདྲེན་གསོ་སྐྱོང་། ངལ་རྩོལ་འབྲེལ་བ་འཆམ་མཐུན་སོགས་ཀྱི་ལས་འགན་གཙོ་བོར་དམ་པོར་དམིགས་ཏེ། དངོས་འཐབ་ཅན་གྱི་གསོ་སྦྱོང་གཏིང་ཟབ་བྱེད་པ་དང་ལས་ཡུལ་དང་པོར་དམ་འཛིན་ནན་མོ་བྱས་ནས་སྦྱོང་བརྡར་བྱེད་པ། མཁྲེགས་གཏོར་དཀའ་སེལ་བྱེད་རིང་ལས་བྱེད་པས་སྲིད་ཇུས་ལག་བསྟར་དང་མང་ཚོགས་ལས་དོན། ཉེན་ཁ་ཐག་གཅོད་བཅས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཉམས་སད་ཐེག་ཐུབ་པའི་ལས་བྱེད་པའི་དཔུང་སྡེའི་ནུས་པ་ཆེ་རུ་གཏོང་བའི་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་བརྟེན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ལས་བྱེད་པ་དང་འཇོན་མིའི་འདེགས་སྐྱོར་བརྟན་པོ་ཞིག་མཁོ་འདོན་བྱ་རྒྱུ་ཡིན།
ཟི་ལིང་སྒོ་ཁྲལ་མི་དོན་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ཝུའེ་ཞའོ་ཐིན་གྱིས་བསྟན་དོན། མི་འདེམས་པ་དང་བཀོལ་སྤྱོད་བྱེད་པའི་ཁྲིད་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱས་ཏེ། ལས་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་ལ་རྟོག་ཞིབ་གཏིང་ཟབ་དང་ཏན་ཏིག་བྱ་དགོས་ལ། ཆབ་སྲིད་ཀྱི་ནུས་པའི་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་གསལ་ཐོ་བེད་སྤྱོད་ཡག་པོ་བྱས་ནས། བླང་བྱ་ནན་མོ་དེ་ལས་བྱེད་པ་འཚར་ལོངས་ཡོང་བའི་དུས་འཁོར་ཡོངས་དང་། སློབ་གསོ་དོ་དམ་ལྟ་སྐུལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དམ་འཛིན་ནན་མོ་བྱས་ནས། རྒྱ་ཆེའི་ལས་བྱེད་པས་ཆབ་སྲིད་ཀྱི་བློ་རྩ་བརྟན་པོ་དང་། སྤྱོད་ཚུལ་བཟང་བ། ལས་སྒོ་བྱང་ཆུབ་པ། སྒྲིག་ཁྲིམས་ནན་སྲུང་བཅས་ཏན་ཏིག་བྱ་ཐུབ་པར་ཁྲིད་སྟོན་བྱེད་དགོས་ཤིང་། ཏང་བློ་བདེ་བ་དང་མི་དམངས་བློ་ཡིད་ཚིམ་པའི་རྒྱལ་སྲུང་དམག་བཟང་བོ་ཞིག་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། གཞི་རིམ་ཏང་འཛུགས་སྐྱོང་གི“བཙན་རྫོང་བཟོ་སྐྲུན”ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས། མི་རིགས་ས་ཁུལ་གྱི་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ས་གནས་སོ་སོའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ཚད་གཞི་དོན་འཁྱོལ་བྱས་ནས། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་འདེགས་ཕན་སྐྱེད་ལ་སྐུལ་འདེད་གཏོང་དགོས།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ངེ་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཞང་གིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བྱས་ཏེ་གཞི་རིམ་ཏང་འཛུགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གཏིང་ཟབ་ཏུ་གཏོང་དགོས། དེ་དང་ཆབས་ཅིག་ཏུ། སྣུམ་རླངས་ཚྭ་མཚོའི་ཁེ་ལས་དང་། ནུས་ཁུངས་གསར་པའི་ལས་གཞི། རིག་གནས་ཡུལ་སྐོར་ཟོང་འགྲུལ་སོགས་གསར་དར་ཁྱབ་ཁོངས་ལ་དམིགས་ནས། ཁེ་ལས་གཉིས་དང་གསར་པ་གསུམ་ཞེས་པའི་ཏང་འཛུགས་སྤུས་འདེགས་འགུལ་སྐྱོད་ཟབ་སྤེལ་གཏོང་དགོས། རྒྱལ་ལམ315འགྲམ་རྒྱུད་ཀྱི་དམར་པོའི་ས་ཚིགས་དང་བཟོ་ལས་གཏེར་རིའི་དམར་པོའི་གློག་གསོག་ས་ཚིགས་སོགས་ཀྱི་རྟེན་གཞི་བེད་སྤྱོད་ཡག་པོ་བྱེད་པ་དང་། ཏང་འཛུགས་ཀྱི་སློབ་སྟོན་པ་འདེམས་མངགས་བྱས་ནས་ལས་གནས་དང་པོར་ཟབ་ཞུགས་བྱེད་པ། སྐོར་སྐྱོད་ཏང་ཡོན་གྱི་སློབ་གསོ་དང་དོ་དམ་དམ་འཛིན་ཏན་ཏིག་བྱེད་པ་དང་། ཏང་འཛུགས་ཀྱི་མུ་ཕྲེང་དེ་ཐོན་ལས་མུ་ཕྲེང་དང་ཞབས་ཞུའི་མུ་ཕྲེང་། བཅོས་སྐྱོང་མུ་ཕྲེང་བཅས་སུ་མཆེད་པར་སྐུལ་འདེད་གཏོང་བ་དང་། ལས་རྣམ་གསར་པའི་ལས་གཉེར་མི་སྣའི་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་གོང་བུ་གཅིག་ཏུ་སྒྲིལ་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་མང་ངེའི་སྟོབས་ཤུགས་འབུལ་དགོས།
“ཚང་འཛོམས་གྲོས་ཚོགས་སྟེང་གཞི་རིམ་གྱི་ཁྲིམས་འཛིན་སྲིད་འཛིན་བྱ་བར་ལག་ལེན་གྱི་ཐབས་ལམ་གསལ་སྟོན་བྱས། མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲིམས་འཛིན་ཅུས་ལི་ཨར་པའོ་ཁྲིམས་འཛིན་ཁང་གི་སོ་ཀྲང་མཱ་ལུང་གིས་བཤད་རྒྱུར། གཞི་རིམ་ཁྲིམས་འཛིན་ཁང་ནི་ཁྲིམས་སྐྱོང་འཛུགས་སྐྱོང་གི་གཡུལ་ས་ཡིན་པ་མ་ཟད། གྲོང་གསེབ་ཀྱི་བརྟན་བརླིང་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་རེད། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལ་གཞིགས་ནས། ཁྲིམས་སྐྱོང་དམངས་ཀྱི་ཆེད་དུ་ཡིན་པར་རྐང་ཚུགས་ཏེ། འགལ་བ་འདུམ་འགྲིག་དང་། བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་བཅས་ཀྱི་ཐད་མུ་མཐུད་དུ་ཤུགས་བསྣན་ནས། མང་ཚོགས་ཀྱི་སེམས་ཁྲལ་སེལ་གང་ཐུབ་བྱས་ཏེ། གྲོང་གསེབ་དར་སྤེལ་དང་གཞི་རིམ་གཏན་འཇགས་ཡོང་ཆེད་ཁྲིམས་འཛིན་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་དོན་གྲུབ་ཚེ་རིང་གིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱ་དེ་མཁར་གྲོང་འཛུགས་སྐྲུན་དང་སྡོད་ཁང་འགན་སྲུང་། གཞི་རིམ་བཅོས་སྐྱོང་བཅས་ཀྱི་དུས་རིམ་སོ་སོའི་ནང་མཉམ་འདྲེས་བྱས་ཏེ། གྲོང་ཁྱེར་གསར་སྒྱུར་དང་འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན། སྲོལ་རྒྱུན་གྲོང་ཚོར་སྲུང་སྐྱོབ་བྱེད་པ་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ནས། བཟོ་སྐྲུན་གྱི་སྤུས་ཚད་བདེ་འཇགས་ཚད་མཐའ་བརྟན་པོར་བསྲུང་རྒྱུ་ཡིན། སྡོད་ཁང་འགན་སྲུང་དང་འཚོ་སྡོད་ཁོར་ཡུག གྲོང་ཁྱེར་ལས་དོན་ཆ་སྒྲིག་སོགས་མང་ཚོགས་ཀྱི་དོ་ཁུར་ལ་དམིགས་ནས། མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་དང་མཐོ་སྒང་གི་རོང་འབྲོག་ཁུལ་གྱི་སྡོད་ཁང་ཆ་རྐྱེན་བསྟུད་མར་ཇེ་ལེགས་སུ་བཏང་སྟེ། སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་དམངས་འཚོའི་བྱ་བ་དངོས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།
རྨ་ཆེན་རྫོང་མི་དམངས་སྨན་ཁང་གིས་ཧྲང་ཧའེ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཐོན་ཁུངས་ལ་བརྟེན་ནས། རྒྱང་བསྟེན་བསྐྱར་དཔྱད་ཐབས་ལམ་བཏོད་དེ། ཧྲང་ཧའེ་ཡི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དང་སྦྲེལ་མཐུད་བྱས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཡོན་ཀྲང་ཞེ་ཞིན་གྱིས་ཚོགས་པའི་སྣེ་ཁྲིད་དེ“གཞན་བརྟེན”དང“རང་བརྟེན་”མཉམ་སྤེལ་རྒྱུན་འཁྱོངས་བྱས། ནད་དཔེ་སློབ་ཁྲིད་དང་ཕྱི་རུ་ཟབ་སྦྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རང་ཡུལ་གྱི་སྨན་བཅོས་མི་སྣ་སྐྱེད་སྲིང་བྱས་ནས། སྔོན་ཆད་ས་ཆ་གཞན་དུ་སྨན་བཅོས་བྱེད་དུ་འགྲོ་དགོས་པའི་ནད་པ་མི་ཉུང་བ་ཞིག་གིས་ཐག་ཉེ་སར་སྨན་བཅོས་བྱེད་ཐུབ། ཞེ་ཞིན་གྱིས་བཤད་རྒྱུར། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དགེ་མཚན་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། གཞི་རིམ་གྱི་ནད་བརྟག་སྨན་བཅོས་ནུས་པ་བསྟུད་མར་ཇེ་མཐོར་གཏོང་བ་དང་། འབྲོག་ཁུལ་གྱི་སྨན་བཅོས་དྲང་བདེན་ཚད་མཐའ་ཡག་པོར་སྲུང་ནས། མཐོ་སྒང་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བཟང་པོ་བྱ་རྒྱུ་ཡིན།