ཚེ་སྲོག་གི་རོལ་དབྱངས་བརྩམས། མི་དམངས་ཀྱི་བདེ་ཐང་སྲུང་།
ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 22


གཅིག་སྒྲིལ་སྣང་གསལ”སྨན་བཅོས་རུ་ཁག་གིས་མིག་ནད་སྐྱ་གྲིབ་ལ་གཤགས་བཅོས་བྱེད་བཞིན་པ།

མགོ་ལོག་ཁུལ་མི་དམངས་སྨན་ཁང་གི་ཧྲང་ཧའེ་ཡི་རོགས་སྐྱོར་སྨན་པས་ནད་པའི་རྐང་པར་སྨན་བཅོས་བྱེད་བཞིན་པ།

ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གི་ནད་ཁང་སྒོ་ཁ་རུ། “སྨན་པ་ཝང་ལགས། བཀའ་དྲིན་ཆེ། ཁྱེད་ཀྱིས་ངའི་བྱིས་པའི་སྲོག་བསྐྱབས་པས། ཁྱེད་ནི་ངེད་ཁྱིམ་ཚང་གང་བོའི་དྲིན་ཅན་ཡིན”ཞེས་ཀླད་པར་རྨས་ཕོག་པའི་ནད་པའི་ཨ་ཕ་ཞིག་གིས་སྨན་པ་ཝང་ཞུས་དབྱང་གི་ལག་པར་འཇུས་ནས་མགྲིན་པ་བརྣངས་ཞོར་དེ་ལྟར་བཤད།

2023ལོར། ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྨན་ཁང་དྲུག་པའི་དབང་རྩའི་ཕྱི་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་ཝང་ཞུས་དབྱང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འབོད་སྐུལ་དང་དུ་བླངས་ཏེ། མགོ་ལོག་ཁུལ་མི་དམངས་སྨན་ཁང་དུ་ཡོང་ནས་ཡོན་ཀྲང་ལས་རོགས་པ་དང་རྨས་སྐྱོན་ལྟེ་གནས་ཀྱི་ཀྲུའུ་རིན་གྱི་འགན་ཁུར་བ་དང་། སྨན་བཅོས་ལ་བརྟེན་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལམ་དུ་ཞུགས།

“མགོ་ལོག་ཏུ་ཐོན་མ་ཐག་བརྗེད་དཀའ་བའི་མྱུར་སྐྱོབ་ཀྱི་དོན་དག་ཅིག་བརྒྱུད་མྱོང”ཞེས་ཝང་ཞུས་དབྱང་གིས་ཕྱིར་དྲན་བྱས་པ་སྟེ། “སི་ཁྲོན་ནས་ཡོང་བའི་ཡུལ་སྐོར་པ་ཞིག་ལ་ནམ་གུང་གློ་བུར་དུ་རྣམ་རིག་མི་གསལ་ཞིང་རྐང་ལག་བཞི་པོར་རྩ་འཐེན་བྱུང་བའི་སྣང་ཚུལ་མངོན་པས། ང་ཚོས་མྱུར་དུ་ལྗང་མདོག་བགྲོད་ལམ་ཕྱེ་སྟེ་མགོ་ལོག་ཁུལ་གྱི་ཀླད་པའི་རྩ་སྦུག་གྲིབ་བརྙན་བཟོ་བའི་བཤགས་བཅོས་ཐོག་མ་ལེགས་འགྲུབ་བྱུང་།”ཚེ་སྲོག་དང་དུས་ཚོད་འགྲན་པའི་མྱུར་སྐྱོབ་འདིས་མགོ་ལོག་ཁུལ་གྱི་བཤགས་བཅོས་འདིའི་རིགས་ཀྱི་མགོ་བརྩམས་པ་རེད།

ཝང་ཞུས་དབྱང་གིས་ངོ་སྤྲོད་བྱས་པ་སྟེ། “མགོ་ལོག་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་ལས་རོགས་པ་ཡིན་པའི་ཆ་ནས། ངས་གཙོ་བོ་སྒོ་བསྟེན་མྱུར་སྐྱོབ་པུའུ་དང་ལྟེ་གནས་ལྔ་ཡི་འཛུགས་སྐྲུན་ལས་གཞི་ལ་འགན་འཁུར་བཞིན་ཡོད།”མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལོ་གཉིས་ཀྱི་རིང་ལ། ཁོས་ཧུར་ཐག་གིས་མཐུན་སྦྱོར་བྱས་ཏེ། སྨན་ཁང་ལ་རོགས་བྱས་ནས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་རིམ་པ་གཉིས་པའི་རྨས་སྐྱོན་ལྟེ་གནས་གཅིག་པུའི་དཔང་རྟགས་ཐོབ། བྲང་ཁོག་ན་བའི་ལྟེ་གནས་དང་གཟའ་ཕོག་པའི་ལྟེ་གནས་རིམ་པ་བཞིན་བསྐྲུན་པར་སྐུལ་འདེད་བྱས། ཁོ་དང་ཧྲང་ཧའེ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་ཚོགས་པས་ཐུན་མོང་གིས་བསྐྲུན་པའི“དུས་ཚོད་གཉིས་ཀྱི་ཚེ་སྲོག་སྐྱོབ་པའི་ཚོགས་པ”ཡི་ཕན་འབྲས་མངོན་གསལ་ཡིན་ཞིང་། བསྡོམས་པས་དོགས་དཀའ་ཉེན་ལྕིའི་ནད་པ600ལྷག་ལ་སྨན་བཅོས་བྱས་པས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཟོང་རྟགས་གལ་ཆེན་དུ་གྱུར་ཡོད།

དེ་ལས་གཞན། ཝང་ཞུས་དབྱང་གིས་སྣེ་ཁྲིད་དེ་མཐོ་རིམ་རིག་གཞུང་ཚོགས་འདུ་དང་སློབ་སྦྱོང་འཛིན་གྲྭ་སྐབས་མང་པོ་སྤེལ་ནས་སྨན་ཁང་གི་འཕེལ་རྒྱས་ལ་གསོན་ཤུགས་བསྩལ། 2024ལོར། སྨན་ཁང་གི་རིམ་པ་གསུམ་པ་དང་བཞི་པའི་བཤགས་བཅོས་བྱེད་ཚད་དུས་མཉམ་ལས22.3%འཕར། ས་གནས་ཀྱི་སྨན་པའི་དཔང་ཡིག་འཛིན་ཚད50%ནས70%ཙམ་ལ་འཕར།

སྨན་བཅོས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཁེབས་རྒྱ་ཇི་ལྟར་རྒྱ་བསྐྱེད་པ་དང་། ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་ཐོན་ནས“བདེ་ཐང་ཀྲུང་གོར་སྐྱོད་པ”ཡི་ཁྱབ་ཚད་ཇི་ལྟར་རྒྱ་བསྐྱེད་རྒྱུ་སོགས་ཀྱི་ཕྱོགས་ནས་ཝང་ཞུས་དབྱང་དང་མགོ་ལོག་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་ཀྲོའུ་ཞའོ་ཧུའེ་དང་ཧྲང་ཧའེ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་ཚོགས་པ་མགོ་ལོག་ཁུལ་གྱི་རྫོང་དྲུག་ཏུ་སོང་ནས་བརྟག་ཞིབ་བྱས། ས་དེའི་དགོས་མཁོ་དང་བསྟུན་ནས“ཧྲང་ཧའེ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དེ་མགོ་ལོག་གི་སྨན་བཅོས་དང་སློབ་གསོ་ཟུང་འབྲེལ་གྱི་སྤྱི་ཕན་དུ་ཁྱབ་པར་བྱེད་པ”ཡི་བྱ་འགུལ་སྤེལ་མགོ་བརྩམས།

“མགོ་ལོག་ལ་ཐེངས་གཅིག་བསྐྱོད་པ་ཡིས། སེམས་པ་ཚེ་གང་བོར་མགོ་ལོག་ལ་འཁྲེང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དུས་ཚོད་ལྷག་མའི་ནང་། ངས་མུ་མཐུད་དུ‘སྤེལ་རོགས་ཁྲིད་གསུམ’གྱི་ཐབས་ལ་བརྟེན་ནས་ས་གནས་ཀྱི་སྨན་པ་འཇོན་མི་སྐྱེད་སྲིང་བྱས་ནས་སྨན་བཅོས་ཞབས་ཞུའི་ཞན་ཆ་ཁ་གསབ་དང་སྨན་བཅོས་ཀྱི་སྤུས་ཀ་མཐོར་འདེགས། འབྲོག་པ་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན”ཞེས་ཝང་ཞུས་དབྱང་གིས་དེ་ལྟར་བཤད། །

ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།