རེབ་གོང་གི་ལྷ་རིས་སྒྱུ་རྩལ་པ་དང་ལས་བཟོ་པས་ལས་རྣམ་གསར་པ་བཏོད།

ཁུངས། ཀློག་གྲངས།

རྨ་ཀླུང་ཁུགས་པ་དགུ་འཁྱིལ་གྱི་ཁུགས་སོ་དང་པོའི་ཁུགས་མགོ་རུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱིས་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས་སུ་འགྲོ་བའི་འགྱུར་ལྡོག་ཅིག་མངོན་བཞིན་འདུག ཐུན་རིན་གྲོང་ཁྱེར་གྱིས“རྨ་ཀླུང་སྔོན་མོའི་ཡུལ་སྐོར་རྒྱུད”ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ཏེ། “ཏང་འཛུགས་དམར་པོ་”དེ་ལོ་ངོ་སྟོང་གི་ཐང་གའི་གསོན་ཉམས་ལྡན་པའི་ཐིག་རྩའི་ཁྲོད་འདྲེས་སུ་བཅུག་པ་དང་། ཏང་ཀྲི་པུའུ་ཡི་འཐབ་འཛིང་བཙན་རྫོང་ནུས་པ་མྱུར་སྐྱེལ་དང་མགྱོགས་ཟས་ཀྱི་སྲང་གཞུང་དུ་རྒྱུན་བསྲིངས་ནས། མཐོ་སྒང་གི་ཁྱད་ལྡན་ཐོན་ལས་དང་ལས་རྣམ་གསར་པའི་མཉམ་འགུལ་འཕེལ་རྒྱས་ཀྱི་རི་མོ་གསར་པ་བྲིས།

ལོ་ངོ་སྟོང་གི་གཟུགས་འདས་ཤུལ་བཞག་རིག་གནས་དང་། “ཁེ་ལས་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་། ཆེད་ལས་ཚོང་ར་ཆུང་ཆུང”བཅས་དང་ཁེར་འཐབ་བྱེད་པ་མཇུག་བསྒྲིལ་ཆེད། ཐུན་རིན་གྲོང་ཁྱེར་གྱིས་ཏང་ཀྲི་པུའུ་རིག་གནས་ཐོན་ལས་སྦྲེལ་ཐག་སྟེང་བཙུགས་པ་དང་། ཐང་ག་ལྷ་རིས་སྒྱུ་རྩལ་གླིང་དང་གཟུགས་འདས་རིག་གནས་ཤུལ་བཞག་ཞིབ་སློབ་རྟེན་གཞི་སོགས་འགག་རྩའི་གོ་རིམ་ཁྲོད་ཏང་ཀྲི་པུའུ་བཙུགས་ནས། སྡེ་བ་སོ་སོར་ཁ་ཐོར་དུ་ཡོད་པའི“ཏང་ཡོན་མུ་ཏིག་རྡོག་པོ”དེ“དམར་པོའི་རིན་ཆེན་ཕྲེང་བར”བརྒྱུས། སྒྱུ་རྩལ་གླིང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་སངས་རྒྱས་རྒྱ་མཚོས་བཤད་རྒྱུར། “ཏང་ཀྲི་པུའུ་ཡིས་འབྲེལ་བ་བཙུགས་ནས་མངག་ཐོ་མཉམ་སྤྱོད་བྱས་ཏེ། ན་ནིང་ང་ཚོས་གཅིག་གྱུར་སྒོས་སྒོར་ས་ཡ་གཉིས་ལྷག་གི་ཐང་གའི་གན་རྒྱ་བཞག་པ་ཡིན།” མིག་སྔར་ཐོན་ལས་མུ་ཕྲེང་དུ་ཏང་ཀྲི་པུའུ3བཙུགས་ཟིན་པ་དང་། ཏང་ཡོན་ལྷ་རིས་པ་བརྒྱ་ལྷག་གིས་རོང་འབྲོག་མང་ཚོགས་སྟོང་ལ་ཉེ་བ་ཙམ་གྱི་སྣེ་ཁྲིད་ཅིང་། ལོ་རེར་སྒོར་བྱེ་བ་གཉིས་ཀྱི་ཡོང་སྒོ་བཙལ་ཏེ། ལོ་ངོ་སྟོང་གི་གཟུགས་འདས་ཤུལ་བཞག་རིིག་གནས“སོར་རྩེའི་སྒྱུ་རྩལ”ནས“མཛུབ་རྩེའི་དཔལ་འབྱོར”དུ་བསྒྱུར།

དཔལ་འབྱོར་གྱི་ལས་རྣམ་གསར་པ་དར་པ་དང་བསྟུན། མྱུར་སྐྱེལ་པ་དང་མགྱོགས་ཟས་སྐྱེལ་མཁན་སོགས་ཀྱི་ཚོགས་པ་གྲོང་ཁྱེར་ལ་ཞབས་ཞུ་སྒྲུབ་པའི“ཁྲག་རྩ་ཕྲ་མོའི”སྟོབས་ཤུགས་གསར་པར་གྱུར། མྱུར་སྐྱེལ་པ་དང་མགྱོགས་ཟས་སྐྱེལ་མཁན“ཁ་ཐོར་དང་འཁོར་སྐྱོད་མྱུར་བའི”ཁྱད་ཆོས་ལ་དམིགས་ནས། ཐུན་རིན་གྲོང་ཁྱེར་གྱིས“གསར་པ་གཉིས་ཀྱི་དམར་པོའི་ས་ཚིགས”ལ་གཞི་བཅོལ་ཞིང་། ལས་རྣམ་གསར་པའི་ཚོགས་པ་དང་ཏང་ཡོན་ལས་བཟོ་པ་བརྗོད་དོན་ཏང་གི་ཉིན་མོར་ཞུགས་པར་སྣེ་ཁྲིད་བྱས། མྱུར་སྐྱེལ་པ་རྡོ་རྗེ་ཚེ་རིང་གིས་བཤད་རྒྱུར།“སྔོན་ཆད་ཟ་མ་རྐྱང་རྐྱང་སྐྱེལ་བ་ཡིན། ད་ལྟ་ལམ་དུ་ཁྲོན་པའི་ཁ་ལེབ་བོར་བ་དང་སྲུང་ར་གཡོན་པ་མཐོང་ཚེ། དུས་ཐོག་ཏུ་བརྙན་དང་པར་བླངས་ཏེ་ཡར་སྤྲད་པ་ན། སྲང་ལམ་དོན་གཅོད་ཁང་གིས་དུས་ཚོད་གཉིས་ཀྱི་ནང་ཐག་གཅོད་བྱས་འདུག” ཁོས་ཟླ་སྔོན་མར་ཡར་ཞུ་བྱས་པའི་རོང་བོ་ཆུ་འགྲམ་གྱི་གད་སྙིགས་སྤུངས་ས་དེ་ཉིན་དེར་གཙང་ཕྱག་བྱས་པ་རེད། ཏང་རྩ་འཛུགས་ཀྱི་འབོད་སྐུལ་འོག མྱུར་སྐྱེལ་པས“ལས་ལྭ”ཕུད་དེ“ལྭ་བ་དམར་པོར”བརྗེས་པ་དང་། “སྤོ་འགུལ་སོ་བ”ནས“དམར་པོའི་འཚོལ་ཞིབ་པར”བརྫུས་ཤིང་། བསྡོམས་པས་བདེ་འཇགས་གནོད་སྐྱོན་དང་ཁོར་ཡུག་འཕྲོད་བསྟེན་གྱི་ཁུངས་སྣེ་བརྒྱ་ལྷག་ཡར་ཞུ་བྱས་ཏེ། ཐག་གཅོད་ཚད་བརྒྱ་ཆའི་དགུ་བཅུའི་ཡན་ལ་སླེབས། “གྲོང་ཁྱེར་གྱི་འགྲུལ་བཞུད་པ”དེ་དག“རེབ་གོང་གི་སོ་དམག”ཏུ་གྱུར་ནས། ཏང་དར་མཐོ་སྒང་གི་གནའ་མཁར་འཁོར་རྒྱུན་ཁྲོད་མཐོན་པོར་བསྐྱོད་དུ་བཅུག

ཐུན་རིན་གྲོང་ཁྱེར་གྱིས་དམངས་ཤག་དང་བཟའ་བཏུང་། དེ་མིན་ལག་ཤེས་བཟོ་རྩལ་ཐོན་རྫས་བཅས་ལ་ལྟ་སྐུལ་དོ་དམ་བྱེད་དཀའ་བར་དམིགས་ཏེ། “ཏང་འཛུགས་སྐྲུན་དང་རིག་གནས་ཡུལ་སྐོར”མཉམ་འདྲེས་ཟབ་མོ་བྱེད་པ་འཚོལ་ཞིབ་བྱས། ལྗོངས་ཁུལ་གྱིས“ཏང་ཡོན་ལས་གཉེར་དཔེ་སྟོན་ཁྱིམ་ཚང”བྱང་བུ་སྟོན་པའི་འགུལ་སྐྱོད་ཁྱབ་གདལ་དུ་བཏང་ནས། ཏང་ཡོན་གྱིས་སྣེ་ཁྲིད་དེ་ཡིད་རྟོན་ལས་གཉེར་བྱེད་དུ་བཅུག འཇིམ་བཟོ་སྒྱུ་རྩལ་པའི་ཏང་ཡོན་བཀྲ་ཤིས་ཀྱིས་བཤད་རྒྱུར། “ཟངས་ཀྱི་སྒོ་བྱང་བཀལ་རྗེས། ཡུལ་སྐོར་མགྲོན་པོས་ཐོག་མར‘འདི་ཏང་ཡོན་ཚོང་ཁང་ཨེ་རེད’ཅེས་འདྲི་བ་དང་། ཡིད་ཆེས་ཚད་དེ་མ་ཐག་ཇེ་ཆེར་འགྲོ་ལ། ངེད་ཚང་གི་འཚེམ་དྲུབ་ཀྱི་ཚོང་ཚད་ཀྱང་ལྡབ་གསུམ་འཕར་བ་རེད།” དུས་མཚུངས་སུ“རོང་བོ་དགུ་ཆུ་རྟགས་མའི”དམངས་ཡོངས་སྒེར་འཁོར་ཡུལ་སྐོར་དང་རྐང་ཐང་བྱེད་སྒོ་ཞིབ་ཚགས་སྒོས་ཇུས་འགོད་བྱས་པ་དང་། ཏང་ཡོན་ལས་བྱེད་པ་ལྗོངས་ཁུལ་གྱི་སྣེ་ཁྲིད་པ་དང་སྒྲིག་ལམ་སྲུང་སྐྱོང་པ། དེ་མིན་རིག་གནས་ཡུལ་སྐོར་གྱི་འོས་སྦྱོར་པར་བརྫུས། ཏང་ཡོན་ལས་བྱེད་པ་ཚེ་རིང་རྒྱལ་གྱིས་རྐང་ཐང་འགྲན་སྡུར་ཁྲོད་དབྱང་དབུགས་དམ་བེ་ཁུར་ནས་གོ་རིམ་ཧྲིལ་པོ་སྲུང་སྐྱོང་བྱས་ཏེ། འགྲན་ཞུགས་པས་ཁོར“མཐོ་སྒང་གི་ལེ་ཧྥེང་གསོན་པོ”ཞེས་འབོད་ཀྱིན་ཡོད། 

ཐང་གའི་སྒྱུ་རྩལ་གླིང་གི་བརྩེ་བ་ཟབ་མོའི་བཀོད་པ་ནས་མྱུར་སྐྱེལ་པའི་རྐང་འོག་གི་ས་གཞི་དྲོན་མོའི་བར་དུ། ཐུན་རིན་གྲོང་ཁྱེར་གྱིས་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད“དམར་པོའི་སྨྱུག་རྩེ”བྱས་ཏེ། རྨ་ཀླུང་སྔོན་མོའི་འབབ་རྒྱུན་ཁྲོད། སྟོབས་ཤུགས་ལྡན་པའི་རྩ་འཛུགས་ཀྱིས་གཞི་རིམ་དུ་བྱ་བ་བསྒྲུབས་པར་བརྟེན།“ཁེ་གཉིས་གསར་གསུམ”དང་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་དྲིས་ལན་གསར་པ་རྒྱུན་ཆད་མེད་པར་འབྲི་བཞིན་འདུག

ལྷ་མོ་འཚོས་རྩོམ་སྒྲིག་བྱས།