
རྨ་ཆུ་ཡིས་གསོས་པའི་དགའ་བདེ་རྩྭ་ཐང་དུ། རྒྱ་རིགས་དང་། བོད་རིགས། ཧུའེ་རིགས། ཧོར་རིགས་སོགས་མི་རིགས་ཁག་གི་མང་ཚོགས་རྣམས་མི་རབས་ནས་མི་རབས་བར་འདུས་སྡོད་བྱས་ནས་ཡོང་བ་དང་། མི་རིགས་མཐུན་སྒྲིལ་ནི་གྱང་ངོས་སུ་བཀལ་བའི་སྦྱར་ཡིག་ཅིག་གཏན་ནས་མ་ཡིན་པར། དེ་ནི་འཚོ་བའི་ཁྲོད་ཀྱི་བྱ་བ་ཙག་ཙིག་རེ་རེ་ལས་གྲུབ་པ་ཡིན།
ཟླ9པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་མི་རིགས་སློབ་ཆུང་གི་སེ་འབྲུའི་བརྗོད་དོན་སློབ་ཁང་དུ་བསྐྱོད་པ་ན། སློབ་མ་ཚོའི་ཚོན་སྨྱུག་གི་ཧྲག་སྒྲ་ཞིག་ཐོས་འཛིན་གྱི་བུ་གར་ལྷུང་ཡོང་། མི་རིགས་མི་གཅིག་པའི་སློབ་མ་རྣམས་སློབ་ཁང་གཅིག་ཏུ་འཛོམས་ནས་ཚོན་སྨྱུག་སྒམ་གཅིག་མཉམ་སྤྱོད་བྱས་ཏེ། ཁྱོད་ཀྱིས་སྨྱུག་ཁ་ཐེངས་གཅིག་སྐོར་ན་ང་ཡིས་དེ་ལ་ཁ་དོག་ལན་གཅིག་སྣོན་བཞིན་ཡོད། སློབ་གསེང་གི་ལུས་རྩལ་ར་བའི་ནང་དུ། མི་རིགས་ཁག་གི་བྱིས་པ་རྣམས་རྩེད་འཇོ་ལ་རོལ་བཞིན་ཡོད། དགེ་རྒན་གམ་དུ་བསྡད་དེ་ཉེ་འཁོར་གྱི་ཕན་ཚུན་རོགས་རམ་བྱས་པའི་གཏམ་རྒྱུད་བཤད་དེ། "མི་རིགས་ཁག་སེ་འབྲུ་ནང་བཞིན་མཉམ་དུ་དམ་པོར་འཁྱུད་དགོས"ཞེས་པའི་གནས་ལུགས་དེ། གོ་སླ་བ་དང་ཉན་སྤྲོ་བའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་འཐིམས་པར་བྱས་ཡོད། མི་རིགས་མཐུན་སྒྲིལ་གྱི་ས་བོན་རེ་རེ། ཚོན་སྨྱུག་བྱུག་པ་དང་སློབ་གསེང་གི་དགོད་སྒྲ་དང་བསྟུན་ནས་བྱིས་པ་ཚོའི་སེམས་ཀྱི་ཟབ་སར་སིམ། བྱིས་པ་ཚོའི་དགོད་སྒྲ་ད་དུང་འཇགས་མེད་ལ། ཁོ་ཆུ་གྲོང་རྡལ་གྱི་མི་རིགས་མཐུན་སྒྲིལ་བརྗོད་དོན་རིག་གནས་ཐང་ཆེན་དུ། སྔ་མོ་ནས་ཚ་ཚ་འུར་འུར་གྱི་རྣམ་པས་ཡོངས་སུ་ཁེངས།
ས་སྲོད་ཀྱི་དུས་སུ། མི་རིགས་ཁག་གི་མང་ཚོགས་རྣམས་ལྷན་དུ་འཛོམས་ནས་སྐྱིད་པའི་སྐོར་བྲོ་འཁྲབ། གོམ་པའི་འདེགས་འཇོག་མཉམ་ལ་ལུས་ཀྱི་སྟངས་སྟབས་ཚང་མ་ཡུག་གཅིག་ཏུ་འདྲེས་པས། ཁྱོད་དང་ང་ཞེས་པའི་དབྱེ་བ་ཞིག་ཡེ་ནས་མེད་པར་གྱུར། གཟའ་མཇུག་གི་ལྒང་ལི་ར་བར། ལས་ཁུངས་མི་གཅིག་པའི་མི་རིགས་ཁག་གི་ན་གཞོན་ཚོས་རུ་ཁག་སྒྲིག་ནས་འགྲན་སྡུར་བྱས། ཐལ་མོ་རྡེབ་པ་དང་། ཀི་བསྭོ་སྒྲོག་པ། དཔུང་ཐུག་རྒྱག་པ་སོགས་ནི་སྤུན་ཟླའི་བར་དུ་རང་བཞིན་གྱིས་གྲུབ་པའི་མཐུན་ཆ་ཞིག་རེད།
ལོ་རེའི་མི་རིགས་མཐུན་སྒྲིལ་གྱི་ལུས་རྩལ་འགྲན་ཚོགས་སྟེང་། ཐག་འཐེན་དང་བྱེ་ཁུག་འཁུར་བའི་མཐུད་རྒྱུག སྐོར་བྲོ་འཁྲབ་སྟོན་སོགས་བྱས་ཏེ། མི་རིགས་ཀྱི་དབྱེ་བ་ཅི་ཡང་མེད་པར་ཁྱིམ་མཚེས་བར་དུ་འཆམ་མཐུན་གྱི་ལག་གདང་གཅིག་ཏུ་སྦྲེལ་ཡོད།
ཁྱེད་རང་དགའ་བདེ་རྫོང་གི་སྲང་ལམ་དུ་སྐྱོད་སྐབས། མི་རིགས་མི་གཅིག་པས་གཉེར་བའི་ཟ་ཁང་དང་སྣ་འཛོམས་ཚོང་ཁང་ཕན་ཚུན་གཤིབ་ནས་ཡོད་པ་མཐོང་ཐུབ་ལ། དེ་ལས་ཕན་ཚུན་ལ་རོགས་རམ་བྱས་པའི་མཛའ་བརྩེའི་དྲོད་ཁོལ་ཡང་ཚོར་ཐུབ།
མཛའ་བརྩེའི་དྲོད་ཁོལ་འདི་ནི་སྡེ་ཁུལ་དང་འབྲོག་ཁུལ་གྱི་རྒྱུན་ལྡན་འཚོ་བའི་ཁྲོད་དུ་ཁྱབ་ཡོད། ཁྱིམ་མཚེས་བར་རོགས་རེས་བྱས་པའི་རུ་ཆུང་མང་པོ་ཡང་དེ་རུ་འདུས་པ་ཡིན་ཏེ། ཁྱིམ་ཚང་སུ་ཞིག་གིས་རུ་སྤོར་དུས་དཀའ་ཁག་ལ་འཕྲད་ཚེ། ཁྱིམ་མཚེས་རྣམས་ཀྱིས་མི་རིགས་ཀྱི་དབྱེ་བ་མེད་པར་རང་འགུལ་གྱིས་སྒོ་ཁར་ལས་རོགས་ལ་ཡོང་བ་ཡིན། རྒན་པར་ན་ཚ་བྱུང་ནས་སྨན་ཁང་དུ་འགྲོ་དགོས་བྱུང་ན་ཡང་། ཁ་པར་གཅིག་གིས་རུ་སྐོར་ཁྱིམ་མཚེས་ལས་རོགས་ལ་འབོད་ཐུབ་པ་ཡིན།
ལོ་འདི་དག་གི་རིང་ལ། དགའ་བདེ་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་བླང་བྱ་དེ་གཞི་རིམ་བཅོས་སྐྱོང་གི་ཆེས་ཆུང་བའི་ལག་ལེན་ཁྲོད་མཉམ་འདྲེས་བྱས་ཡོད། དེ་ནི་བསམ་བཞིན་དུ་བཅོས་པའི་རྣམ་པ་ཙམ་མ་ཡིན་པར་ངེས་པ་དོན་གྱི་རོགས་རམ་ཁོ་ན་ཡིན། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་དེ་ཕན་ཚུན་རོགས་རམ་དང་གོ་ཁའི་གླེང་མོལ་རེ་རེའི་ཁྲོད་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས།
དགའ་བདེ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་འབྲུག་མོ་ཡིས་བཤད་རྒྱུར། མི་རིགས་མཐུན་སྒྲིལ་གྱི་རྩ་བ་དེ་ཁྱིམ་ཚང་དང་བུད་མེད་ལ་རག་ལས་ཡོད། ཁྱིམ་མཚེས་རོགས་རམ་བྱེད་པའི་རུ་ཆུང་འདི་དག་གིས་ཕན་ཚུན་རོགས་རམ་བྱས་པ་ལས་སེམས་པ་གཅིག་མཐུན་བྱུང་བ་ཡིན། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་རིགས་ཁག་གི་ལྕམ་སྲིང་གི་སྣེ་ཁྲིད་དེ། མཉམ་འདུག་དང་མཉམ་ལས་ཀྱི་ཁྲོད་ནས་བརྩེ་འདང་ཇེ་ཟབ་ཏུ་ཕྱིན་ནས་ཁྱིམ་ཚང་རེ་རེ་སེ་འབྲུའི་འབྲུ་གུ་ནང་བཞིན་ཕན་ཚུན་གཅིག་མཐུན་བྱུང་། ཁྱིམ་ཚང་འཆམ་མཐུན་དང་ཁྱིམ་མཚེས་མཛའ་མཐུན་བྱུང་ན། མི་རིགས་མཐུན་སྒྲིལ་ལའང་རྩ་བ་བརྟན་པོ་ཞིག་ཅིས་ཀྱང་ཡོད་ངེས་ཡིན།
"མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ་དང་། ཉམས་ལེན་དང་ཟབ་ཞུགས་བཅས་ཀྱི་རྣམ་པར་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་དེ་སེམས་ལ་འཇགས་ནས་རྩ་བ་ཚུགས་ཐུབ་པར་བྱེད་དགོས། ཉམས་ལེན་གྱི་ཁྲོད་ནས་གོ་བ་སྐྱེད་པ་དང་། མཉམ་འགུལ་གྱི་ཁྲོད་ནས་བསམ་གཞིགས་བྱས་ཏེ། ཟབ་ཞུགས་མཁན་ཚོས་རང་རྟོགས་ཀྱིས་རྒྱལ་གཅེས་ཀྱི་བརྩེ་སེམས་རྒྱུན་འཛིན་དང་། མཐུན་སྒྲིལ་གྱི་སྟོབས་ཤུགས་ཇེ་དྲག་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་པ་དང་དྲིལ་སྒྲོག་པ་བཟང་པོ་ཞིག་བྱ་རྒྱུར་བརྩོན་ལེན་བྱེད་དགོས།"
ཉེ་ཆར། མི་རིགས་མཐུན་སྒྲིལ་བརྗོད་དོན་ཡིན་པའི་སྣ་མང་ཕུན་ཚོགས་ཀྱི་སྒྲོག་བཤད་བྱེད་སྒོ་ཞིག་དགའ་བདེ་རུ་སྤེལ་འགོ་བརྩམས། དགའ་བདེ་རྫོང་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱེད་སྒོ་རྩ་འཛུགས་བྱས་ཏེ། སྲོལ་རྒྱུན་གྱི་སྒྲོག་བཤད་བྱེད་ཐབས་བསྒྱུར་བ་རེད། ཚང་མས་དོན་དངོས་དང་སྦྱར་ཏེ་རང་སྟེང་གི་སློབ་སྦྱོང་དང་བྱ་བ། འཚོ་བ་བཅས་དང་མཉམ་འབྲེལ་སྒོས་ཕན་ཚུན་བར་མི་རིགས་མཐུན་སྒྲིལ་གྱི་ངོས་ཟིན་དང་མྱོང་ཚོང་མཉམ་སྤྱོད་བྱས།
“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་པར་བྱེད་པའི་གནད་འགག་གཞི་རིམ་དུ་ཡོད་ལ། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་གཞི་ཚུགས་པར་བྱེད་དགོས། དགའ་བདེ་རྫོང་གིས་མི་རིགས་མཐུན་སྒྲིལ་ལས་དོན་དེ་དུས་རྒྱུན་གྱི་བྱ་བ་ཙག་ཙིག་ཁྲོད་སིམ་འདྲེས་ཡོང་བར་བྱས་ནས་ལག་བསྟར་ནན་མོ་བྱས་པ་ཡིན། ང་ཚོས་བྱེད་ཐབས་འདི་དག་ལ་སློབ་སྦྱོང་བྱས་ནས་རྒྱ་ཆེའི་མང་ཚོགས་རྣམས་ལ་ཕན་ཚུན་རོགས་སྐྱོར་བྱེད་པའི་ལས་དོན་རེ་རེའི་ཁྲོད་གཅིག་མཐུན་ཚོགས་པའི་དྲོད་ཁོལ་ཚོར་དུ་འཇུག་དགོས། མི་རིགས་མཐུན་སྒྲིལ་ནི་སྐད་ཅིག་མའི་དོན་དག་ཙམ་མ་ཡིན་པར། དེ་འཚོ་བའི་གོམས་གཤིས་སུ་ཆགས་པར་བྱེད་དགོས་ལ། བྱ་སྤྱོད་རང་རྟོགས་སུ་འགྱུར་བར་བྱེད་དགོས”ཞེས་པའི་སྐད་ཆ་འདི་ནི་དགའ་བདེ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལི་པིན་ཞི་ཡི་སེམས་གཏམ་ངོ་མ་དེ་རེད།
ད་ལྟ། དགའ་བདེ་རྫོང་གི་ཡངས་པའི་རྩྭ་ཐང་སྟེང་དུ། མི་རིགས་མཐུན་སྒྲིལ་དེ་སྦྲ་གུར་ནང་མཉམ་དུ་རོལ་མྱོང་བྱེད་པའི་དཀྲུག་ཇ་དང་ལྒང་ལི་ར་བ་རུ་ཕན་ཚུན་མཉམ་སྤྱོད་བྱེད་པའི་གཏེར་ཆུ་དམ་བི་གང་། ཡང་ན་ཁྱིམ་མཚེས་ཕན་ཚུན་བར་འགྲོ་འོང་བྱེད་སྐབས་ཁྱེར་ཡོང་བའི་ལག་སྐྱེས་ཆུང་ཆུང་ཞིག་བཅས་དང་འདྲ་བར་ཚང་མའི་འཚོ་བའི་གོམས་གཤིས་སུ་གྱུར་ཡོད་ལ། རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་དགའ་བདེའི་མཛེས་པའི་རྩྭ་ཐང་སྟེང་ཕན་ཚུན་རོགས་རེས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་པ་འདི་ནི་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་གསོན་ཉམས་ལྡན་པའི་བསྡུས་གཟུགས་ཤིག་རེད།
མཚོ་སྔོན་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་པར་བྱེད་རྒྱུ་དེ་བྱ་བ་སྣ་ཚོགས་ཀྱི་གཙོ་བོར་འཇོག་བཞིན་ཡོད། དགའ་བདེ་རྫོང་གི་མི་སེམས་འགུལ་བའི་ལག་ལེན་རེ་རེ་ནི་དྭངས་ཤིང་གཙང་བའི་ཆུ་ཐིགས་ཤིག་དང་མཚུངས་བར། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བའི་སྤྱིའི་གྲུབ་འབྲས་མཚོན་པར་བྱས་ཡོད།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས“མི་རིགས་མཐུན་སྒྲིལ་དང་མཉམ་འབྲེལ” མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཟབ་མོ་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་སིམ་འདྲེས་ཡོང་བར་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་དུ་འདུས་སྡོད་དང་མཉམ་དུ་སློབ་སྦྱོང་། མཉམ་དུ་བྱ་བ་གཉེར་བ། མཉམ་དུ་བདེ་སྐྱིད་ལ་རོལ་བ་བཅས་ཀྱི་ཁྲོད་ཕན་ཚུན་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་བཏང་། སྡེ་ཁུལ་གྱི་སེ་འབྲུ་ལྟ་བུའི་ཁྱིམ་གཞིས་དང་འབྲོག་ཁུལ་གྱི་ཁྱིམ་མཚེས་ཕན་ཚུན་བར་གྱི་རོགས་སྐྱོར། མི་རིགས་མཐུན་སྒྲིལ་བརྗོད་དོན་ཐང་ཆེན་དང་དྲིལ་སྒྲོག་སློབ་གསོ་སོགས་དངོས་གཉེར་གྱི་བྱེད་ཐབས་རེ་རེ་དང་། གསར་གཏོད་འཚོལ་ཞིབ་རེ་རེ་ཡིས་ཁ་འབྲལ་ཐབས་མེད་པ་གསུམ་གྱི་དགོངས་པ་མི་སེམས་སུ་སིམ་པར་བྱས་ཡོད་ལ། ངོས་འཛིན་ལྔ་དོན་འཁྱོལ་ལེགས་པོ་ཡོང་བར་བྱས་ཡོད།
ཁོ་ཆུ་གཙང་པོ་མཁར་གྲོང་བརྒལ་ནས་མུ་ནས་མུ་རུ་བཞུར་གྱིན་ཡོད་ལ། དགའ་བདེ་རྩྭ་ཐང་གི་མི་སེམས་འགུལ་བའི་གཏམ་རྒྱུད་ཀྱང་མུ་མཐུད་དུ་འབྲི་དང་འབྲི་བཞིན་ཡོད།
ཚོན་སྨྱུག་སྒམ་གཅིག་མཉམ་དུ་སྤྱོད་པའི་བྱིས་པ་དག་དང་ལྒང་ལི་ར་བ་རུ་ཕན་ཚུན་ལག་ཟུང་རྡེབ་མཁན་གྱི་གཞོན་ནུ་དག དེ་བཞིན་ད་རུང་གནས་སྤོ་བྱེད་སྐབས་ཕན་ཚུན་རོགས་རམ་བྱེད་མཁན་གྱི་ཁྱིམ་མཚེས་དག་ལ་གནས་ལུགས་ཆེན་པོ་ཞིག་བཤད་རྒྱུ་མེད་ན་ཡང་། ཁོ་ཚོས་ཆེས་སྤྱིར་བཏང་གི་བྱ་སྤྱོད་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཞེས་པའི་ཡིག་འབྲུ་དག་རྩྭ་ཐང་གི་ནམ་རྒྱུན་འཚོ་བའི་ཁྲོད་སིམ་འདྲེས་ཡོང་བར་བྱས་ཡོད།
འབྲོག་པའི་ཉིན་རེའི་འཚོ་བའི་ཁྲོད་འདྲེས་ཡོད་པའི་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་མོ་འདི་མཚོ་སྔོན་གྱི་ས་གཞི་ཆེན་མོའི་གང་སར་བཞད་ཡོད་པའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ནང་བཞིན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་མུས་སུ་མཆིས།
ཀླུ་དབང་དང་ལྷ་མོ་ཚེ་རིང་གཉིས་ཀྱིས་བསྒྱུར།
柯曲河畔,人间烟火皆同心
——果洛州甘德县把民族团结融入基层治理的最小单元
第6版:省内要闻2026年10月19日
本报记者 祁万强 刘羽新
黄河滋养的甘德草原上,汉、藏、回、土等各族群众世代聚居,民族团结从来不是挂在墙上的标语,而是融在烟火里的每一件小事。
9月29日,走进青海省果洛藏族自治州甘德县民族小学的石榴籽主题教室,学生的彩笔在纸上沙沙作响。不同民族的学生同坐在一间教室里,共用一盒彩笔。你画一笔,我添一色。
课间操场上,各民族的孩子们追逐嬉戏。老师站在一旁,讲起身边的互助故事,把“各民族要像石榴籽一样紧紧抱在一起”的道理,藏进一个个听得懂、看得见的日常里。一颗颗民族团结的小种子,就在彩笔涂抹和课间奔跑的欢声笑语里,悄悄种进了孩子们的心田。
孩子们的笑声还没完全散远,柯曲镇民族团结主题文化广场上,早已经是一派热热闹闹的景象。
傍晚时分,各族群众围成圈,跳起锅庄舞。脚步整齐,衣袖翻飞,不分你我。周末的篮球场上,不同单位的各族青年组队参赛。击掌、呐喊、拥抱,全是兄弟间的默契。
每年的民族团结趣味运动会上,拔河、背沙袋接力、锅庄舞展演,没有民族之分,只有邻里之间的协作。
当你行走在甘德县的街道,不同民族经营的餐馆、杂货铺挨在一起。烟火气里,全是守望相助的暖意。
这份暖意,更藏在社区和牧业点的日常里。多支邻里互助小队活跃其中,谁家转场人手不够,邻里不分族群主动上门搭把手。老人生病需要送医,一个电话就能叫来乡邻搭把手。
这些年,甘德县把民族团结的要求融入基层治理的最小单元。没有刻意的形式,只有实打实的互助。民族团结的理念,就在一次次搭手帮忙、围炉闲谈里扎下了根。
甘德县妇联主席周毛说,民族团结的根在家庭,在妇女。这些邻里互助小队,搭的是手,连的是心。妇联要带着各族姐妹,在共居共事中加深感情,让每个家庭都成为石榴籽。家庭和睦了,邻里亲近了,民族团结就有了最深的根。
“要用群众喜闻乐见、沉浸式、体验式的方式,让民族团结理念入脑入心、落地生根。在体验中感悟,在互动中思考,参与者们自觉传承爱国情怀、厚植团结底色,争做民族团结的示范者和宣传员。”周毛说。
创新,让这份理念走得更深。
前不久,一场民族团结主题沉浸式情景宣讲活动在甘德启动。甘德县委统战部、县妇联联合组织,打破传统宣讲模式。大家以情景代入的方式,结合自身学习、工作和生活实际分享对民族团结的认识与感悟。
“铸牢中华民族共同体意识,关键在基层,落点在日常。甘德县把民族团结融入基层治理最小单元,实打实、不空转。我们要学习这种做法,让群众在一次次互助中感受到共同体的温度。民族团结不是一阵风,要变成生活习惯,变成行动自觉。”这是甘德县委副书记李秉玺的心里话。
如今走在甘德的草原大地上,民族团结早已变成大家的生活习惯。是帐篷里共饮的那壶酥油茶,是球场上递过来的一瓶矿泉水,是邻里间串门时顺手捎带的一点小礼物。各族群众在这片土地上相守相望,把日子过得热气腾腾。
这份热气腾腾,正是青海民族团结进步工作的生动缩影。
青海省始终把铸牢中华民族共同体意识作为各项工作的主线。甘德县的点滴实践,恰如一滴水,折射出我省民族团结进步创建工作的整体光芒。
近年来,我省深入推进“民族团结+”融合发展,把民族团结进步事业融入经济社会发展全局,让各族群众在共居、共学、共事、共乐中加深了解、增进感情。社区石榴籽家园、牧区邻里互助,民族团结主题广场、沉浸式宣传教育,一项项务实举措,一次次创新探索,让“三个离不开”思想深入人心,让“五个认同”落地生根。
柯曲河穿城而过、奔流不息,甘德草原上的故事还在继续。
那些共用一盒彩笔的孩子,那些球场上击掌的青年,那些转场时搭把手的邻里,他们或许说不出什么大道理,却用最朴素的行动,把民族团结四个字,写进了草原的日常烟火里。
这份浸润在日常里的烟火暖意,温暖而持久。正如青海大地上处处绽放的民族团结之花,常开长盛、生生不息。