
སྐམས་ཤའི་ཁུ་བ་ཞིམ་པོ་དང་གྲོ་ཕྱེ་གཙང་མའི་དྲི་ཞིམ། སུར་པན་གྱི་བྲོ་བ་ཞིམ་པོ་བཅས་ལ་བརྟེན་ནས་མཚོ་སྔོན་གྱི་འཐེན་ཐུག་གི་སྙན་གྲགས་ཕྱོགས་བཞིར་ཁྱབ་ཡོད། དེ་ནི་རྒྱ་རིགས་དང་ཧོར་རིགས་མང་ཚོགས་ཀྱིས་བཏབ་པའི་གྲོ་ཕྱེ་གཙང་མ་དང་། བོད་རིགས་དང་སོག་རིགས་མང་ཚོགས་ཀྱིས་འཚོ་སྐྱོང་བྱས་པའི་སྐམས་ཤ་ཞིམ་པོ། ཟ་ལར་མང་ཚོགས་ཀྱིས་བཏབ་པའི་གཡེར་མ་དང་སུར་པན་བཅས་ཀྱི་དྲི་ཞིམ། ཧོས་རིགས་ཚོང་གཉེར་པས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་འཐེན་ཐུག་གི་ལག་རྩལ་བཅས་གཞི་གཅིག་ཏུ་འདྲེས་ཏེ། ཞིང་ཁ་ནས་ཐབ་ཀའི་བར་དང་། ཕྱུགས་ར་ནས་གསོལ་ཅོག་བར་གྱི་ལས་རིམ་ཚང་མར་མི་རིགས་མི་འདྲ་བའི་བློ་གྲོས་དང་རྔུལ་ཆུ་འདུས་ཡོད་པས། མི་རིགས་མང་པོ་མཉམ་འདྲེས་མཉམ་གནས་ཀྱི་དྲོད་སྐྱིད་ལྡན་པའི་རང་མདངས་མངོན་ཡོད།
དུས་རྒྱུན་གྱི་བཟའ་བཏུང་འདིའི་ནང་དུ་གནས་ལུགས་ཆེན་པོ་འདུས་ཡོད་དེ། མི་རིགས་མཐུན་སྒྲིལ་ནི་མཐོང་རེག་མེད་པའི་སྤྱི་མཚན་གྱི་རིགས་གཞུང་ཞིག་མ་ཡིན་པར། དུས་རྒྱུན་གྱི་འཚོ་བའི་ཁྲོད་འདྲེས་ཏེ་ཐབ་ཁའི་མེ་དང་དུ་བའི་ཁྲོད་གནས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། དུས་རབས20པའི་ལོ་རབས80པར། དཔའ་ལུང་གི་ཞིང་པ་ཧན་ལུའུ་ལྷོ་ཕྱོགས་སུ་སོང་ནས་བྱ་གཞག་གསར་གཏོད་བྱས་པས། མཚོ་སྔོན་གྱི་འཐེན་ཐུག་བྱ་གཞག་གསར་གཏོད་བྱེད་མཁན་གྱི་མི་རབས་དང་པོར་གྱུར། དེ་ནས་བཟུང་ཁོའི་ཤུགས་རྐྱེན་འོག འཐེན་ཐུག་གི་ཚོང་ལས་གཉེར་མཁན་གྱི་མཚོ་སྔོན་པ་མང་པོ་ཞིག་མཚོ་སྔོན་ནས་བུད་དེ་ཕྱི་རོལ་དུ་སོང་ལ། ཚང་མས་གཉེན་ཉེ་བར་རོགས་རམ་དང་ཁྱིམ་མཚེས་བར་རོགས་རམ་བྱས་ཏེ། ཕྱི་རོལ་ནས་འཐེན་ཐུག་ཁང་ཕྱེ་བའི་ལས་སྐྲུན་གྱི་ཚ་རླབས་འཕྱུར། ལོ་ངོ40ལྷག་གི་རིང་ལ། ལས་རིགས་དེའི་ནང་དུ“མི་རིགས་མི་གཅིག་པའི་བར་ལ་མཉམ་ལས་བྱེད་པའི་ལམ་ལུགས”ཤིག་ཆགས་ཤིང་། ལམ་ལུགས་དེ་ནི་རྒྱུན་ལྡན་དུ་གྱུར་ནས་ཕན་ཚུན་བར་ལས་གཉེར་ལེགས་ཆ་གསབ་རེས་བྱས་ཏེ། མཉམ་སྒྲིལ་ལས་གཏོད་བྱས་པ་དང་ལག་རྡང་གཅིག་ཏུ་སྦྲེལ་ནས་འབད་བརྩོན་བྱེད་ཀྱིན་ཡོད། མཚོ་ཤར་གྲོང་ཁྱེར་ནས་ཡོང་བའི་མི་རིགས་མི་གཅིག་པའི་མཉམ་གཉེར་ཟ་ཁང་གིས45%ཟིན་པ་དང་། མི་རིགས་མང་པོས་མཉམ་གཉེར་བྱས་པའི་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཟ་ཁང150ལྷག་ཡོད།
གླེང་རིན་ཡོད་པ་ཞིག་ནི། ཕན་ཚུན་ལ་རོགས་རམ་བྱེད་པའི་རྣམ་པ་དེ་ད་ལྟ་ད་རུང་མུ་མཐུད་དུ་རྒྱ་ཆེར་འགྲོ་བཞིན་ཡོད་པ་དེ་རེད། མཚོ་སྔོན་ཞིང་ཆེན་འཐེན་ཐུག་ཐོན་ལས་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་མ་ལི་ཕིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལྟ་འཐེན་ཐུག་དཀར་ཡོལ་གང་གི་ནང་དུ་སྤྱོད་པའི་ཕྱེ་ནི་ཧི་ནན་དང་ཧི་པེ་ནས་ཡོང་བ་དང་། བརྒྱ་ཆའི་བརྒྱད་ཅུ་ཡི་སྐམས་ཤ་ནི་ཧྲན་ཏུང་ནས་ཡོང་བ་དང་། བྲོ་རྫས་ཡུན་ནན་ནས་ཡོང་བ་དང་། ཀྲོ་མ་ཀྲུ་ལྡུར་ཁུ་དང་སུར་ཕྱེ་ནི་ཞིན་ཅང་དང་ཉིན་ཞ་ནས་ཡོང་བ་རེད། ཐུག་པ་དཀར་ཡོལ་གང་གིས་ཞིང་ཆེན་བཅུ་ཁ་ལས་བརྒལ་བའི་མཁོ་སྤྲོད་མུ་ཕྲེང་ཞིག་བསྐྲུན་ཡོད་ལ། མི་རིགས་སོ་སོ་དང་ས་ཁུལ་སོ་སོས་མུ་ཕྲེང་འདི་བརྒྱུད་དེ་རང་རང་གི་ལེགས་ཆ་མངོན་པ་དང་རང་རང་གི་དགོས་མཁོ་དང་ལེན་བྱས་ཏེ། མི་རིགས་མཐུན་སྒྲིལ་དེ་འཐེན་ཐུག་དང་འབྲེལ་བའི་ཚོང་ལས་མུ་ཕྲེང་གི་བར་ནས་ཕན་ཚུན་འདྲེས་ཡོད།
མདོ་དབུས་མཐོ་སྒང་ནས་མཚོ་རྒྱུད་གྲོང་ཁྱེར་དང་། རྒྱལ་ནང་གི་སྲང་ལམ་སོ་སོ་ནས་ཕྱི་རྒྱལ་གྱི་ཚོང་རའི་བར། ལས་རིགས་དེའི་ནང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་མི་སྣ་དང་སྤྱི་ཕན་མི་བཟང་འབོར་ཆེན་ཞིག་བྱུང་། མི་རིགས་མི་གཅིག་པའི་ལས་གཉེར་པ་སོ་སོ་སེ་འབྲུ་ལྟར་ཕན་ཚུན་དམ་པོར་འདྲེས་ཤིང་། ས་གནས་སོ་སོར་ཕྱེས་ཡོད་པའི་འཐེན་ཐུག་ཁང་ཚང་མ་ནི་མི་རིགས་མཐུན་སྒྲིལ་གྱི་ལས་ཡུལ་ཆུང་ཆུང་རེ་རེ་ཡིན་ལ། འཐེན་ཐུག་གི་ཚོང་གཉེར་བྱེད་མཁན་དག་ནི་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་མཁན་དང་ཁྱབ་སྤེལ་མཁན་རེད། མཚོ་སྔོན་འཐེན་ཐུག་གིས་མི་རིགས་མཉམ་འདྲེས་ཀྱི“ཆུ”དང་ཐུན་མོང་ཕྱུག་འགྱུར་གྱི“ཕྱེ”གཉིས་ཕན་ཚུན་འདྲེས་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་གི་བརྩེ་བའི་གཏམ་རྒྱུད་མཉམ་དུ་བརྗོད་ཡོད། འཚོ་བའི་དུ་ཞག་གི་ཁྲོད་ནས་མི་རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་རོགས་རམ་བྱས་ཏེ། ལས་ལ་བརྩོན་པའི་ལག་ཟུང་གིས་ཡངས་ཤིང་རྒྱ་ཆེ་བའི་ཐུན་མོང་ཕྱུག་འགྱུར་གྱི་བགྲོད་ལམ་ཞིག་བཏོད་པ་དང་། ལོ་ངོ་བཞི་སྟོང་ལས་བརྒལ་བའི་འཐེན་ཐུག་གི་དྲི་ཞིམ་གྱིས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལ་མུ་མཐུད་དུ་འཚོ་བཅུད་བསྩལ་ཏེ། ཡངས་ཤིང་རྒྱ་ཆེ་བའི་གཙང་པོའི་འབྱུང་ཡུལ་གྱི་ས་གཞི་ཆེན་མོར་རྣམ་པར་བཞད་དུ་བཅུག་ཡོད།
ཐུག་པ་དཀར་ཡོལ་གང་གིས་མི་རིགས་མཐུན་སྒྲིལ་གྱི་སྐོར་གླེང་ཐུབ་དོན་ཅི་ཡིན་ཞེ་ན།“གཅིག་མཐུན་ཚོགས་པ”ཞེས་པའི་སྤྱི་མཚན་གྱི་ཐ་སྙད་འདི། བྱེ་བྲག་གི“མཉམ་དུ་བསྒྲུབ་དགོས་པའི་ལས་དོན”དུ་འགྱུར་དུ་བཅུག་པས་རེད། ཕྱེ་ཐུག་དཀར་ཡོལ་གང་གིས་མི་རིགས་མཐུན་སྒྲིལ་ནི་སྤྱི་མཚན་གྱི་ཐ་སྙད་ཅིག་མ་ཡིན་པར། དུས་རྒྱུན་གྱི་འཚོ་བ་དང་ཐོན་སྐྱེད་ཁྲོད་དུ་མངོན་པའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཏུ་བཏང་ཡོད་ལ། རེག་ཚོར་གང་ཡང་མེད་པའི་དོན་བརྗོད་རླབས་ཆེན་ཞིག་མ་ཡིན་པར། མི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་ཕྱེ་ཐུག་དཀར་ཡོལ་གང་གི་ནང་ནས་ཕན་ཚུན་ལ་གྲུབ་འབྲས་བསྩལ་ཞིང་། བགྲོད་ལམ་གཅིག་གི་སྟེང་ནས་མཉམ་དུ་བསྐྱོད་པའི་སེམས་པ་དྲོ་བའི་དངོས་ཡོད་ཅིག་ཏུ་བསྒྱུར་ཡོད། །
ལྷ་མོ་འཚོས་རྩོམ་སྒྲིག་བྱས།
一碗面里的民族团结叙事
一碗热气腾腾的青海拉面,汤色醇厚、面条筋道、辣香扑鼻。这碗香飘四海的好面依靠着汉族、土族群众耕种小麦磨出筋道面粉,藏族、蒙古族群众放养牦牛慢熬醇鲜汤汁,撒拉族群众栽种花椒辣椒调配鲜香底料,回族师傅以代代相传的手艺拉出劲道面条。从田间到灶台、从牧场到餐桌,每道工序都凝结着不同民族的智慧与汗水,浸润着交融共生的温暖底色。
这些日常饮食中的小切口讲述了一个大道理,民族团结不是抽象的理论,而是融入了柴米油盐、浸润着人间烟火的生动实践。20世纪80年代,化隆农民韩录南下创业,成为青海第一代拉面创业者。之后在他的影响下,更多的青海拉面人走出青海,大家亲帮亲、邻带邻,开启了外出开面馆的创业热潮。40余年间,行业内“跨民族合伙制”蔚然成风,不同民族的从业者优势互补、抱团创业,拧成一股绳携手打拼。海东市走出的跨民族合伙门店占比达45%,多民族合开的民族团结示范店达150余家。
更值得关注的是,这种协作的半径还在扩大。青海省拉面产业行业协会会长马丽萍介绍,如今一碗拉面用到的面粉来自河南、河北,牛肉八成来自山东,香料来自云南,番茄酱和辣椒面来自新疆和宁夏。一碗面牵动的是一条跨越十余个省份的供应链。各民族、各地区在这个链条上各展所长、各取所需,民族团结从“面对面”的交往升级为“链与链”的咬合。
从青藏高原到沿海城市,从国内街巷到海外舞台,行业里先后涌现出大批全国劳模、公益好人,各族从业者像石榴籽一样紧紧相拥,开在各地的每一家拉面店都是一个微型的民族团结阵地,每一位拉面人都是民族团结的践行者和传播者。青海拉面以民族交融的“水”和共同致富的“面”共同叙述了一个中华民族一家亲的暖心故事。烟火氤氲升腾间,各民族群众守望相助,用勤劳的双手拉出了一条宽阔的共同富裕路,让跨越四千年的醇厚面香,持续浇灌民族团结之花,在广袤的江源大地常开长盛。
一碗面凭什么能讲民族团结?因为它把抽象的“共同体”概念,变成了具体的“共同做的事”。这碗面告诉我们,民族团结不是抽象的口号,而是融入日常、化作经常的生动实践;不是遥不可及的宏大叙事,而是各族群众在一碗面里彼此成就、在一条路上携手同行的温暖现实。