
ཨེ་ཅིབ་རྒྱལ་ཁབ་ཀྱི་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨེ་ཅིབ་རྒྱལ་ཁབ་ཀྱི་ནང་སྲིད་པུའུ་ཀྲང་དབྱིས་པུའུ་ལཱ་ཞིན་གྱིས་ཟླ8ཚེས20ཉིན་གྱི་སྔ་དྲོར་གསལ་སྒྲོག་སྤེལ་ནས་བཤད་དོན། བདེ་འཇགས་སྡེ་ཁག་གིས་ཉིན་དེའི་ཆུ་ཚོད་ཐོག་མའི་ནང་དུ་ཨེ་ཅིབ་མུའུ་སི་ལིན་སྤུན་ཟླ་ཚོགས་པའི་ཆེས་མཐོའི་བཀོད་ཇུས་ལས་ཁུངས་ཀྱི་མཛུབ་སྟོན་ཅུའི་ཀྲུའུ་ཞི་མུའུ་ཧན་མོ་ཏི•པ་ཏིས་ཡ་འཛིན་བཟུང་བྱས་ཟེར། དབྱིས་པུའུ་ལཱ་ཞིན་གྱིས་མཚམས་སྦྱོར་བྱས་ནས་བཤད་རྒྱུར། པ་ཏིས་ཡ་སྦས་སྐུང་བྱེད་སའི་གསང་འཕྲིན་འབྱོར་རྗེས། སྡེ་ཁག་མང་པོ་ཞིག་གིས་མཉམ་འབྲེལ་སྒོས། རྒྱལ་ས་ཁེ་རོའི་ཤར་རྒྱུད་དུ་ཡོད་པའི་མིང་ལ་ཨ་ཏ་བིས་ཡ་ཟེར་བའི་དབྱི་སི་ལིན་ཆོས་ཁང་གི་ཉེ་ལོགས་ཀྱི་སྡོད་དམངས་ཐོག་ཁང་ཞིག་ནས་ཁོ་རང་འཛིན་བཟུང་བྱས་ཤིང་། ཁོ་དང་མཉམ་དུ་ད་དུང་མི6འཛིན་བཟུང་བྱས་པའི་ཁྲོད། “ཁྲིམས་མཐུན་རང་བཞིན་གྱི་རྒྱལ་ཡོངས་མནའ་འབྲེལ་ལ་རྒྱབ་སྐྱོར་བྱེད་པའི།”ཁོངས་མི་ཐཱ་ལ་ཐི་དང་བཅས་པའི་སྲུང་དམག་འགའ་འདུས་ཡོད་ཟེར། བདེ་འཇགས་སྡེ་ཁག་གི་འགན་ཁུར་པས་བཤད་རྒྱུར། འཛིན་བཟུང་བྱེད་སྐབས་ཁོ་ཚོས་ངོ་ཡ་ཅི་ཡང་མ་བྱས་ཟེར།
གནས་ཚུལ་སྤེལ་བའི་ནང་བཤད་དོན། པ་ཏིས་ཡ་འཛིན་བཟུང་བྱས་རྗེས་ལྟ་སྲུང་ནན་མོ་ཅན་གྱི་ཐཱོ