“དབྱི་སི་རལ་གྱིས་སི་རི་ཡའི་རྒྱལ་སར་བར་སྣང་ནས་འཇབ་རྒོལ་བྱས་པ་དེ་ནི་བཙན་འཛུལ་གྱི་བྱ་སྤྱོད་ཅིག་རེད།”
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

04.jpg

སི་རི་ཡའི་དམག་ཕྱོགས་ཀྱིས་བཤད་རྒྱུར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུ་མང་པོས་ཚེས་བདུན་ཉིན་སི་རི་ཡའི་རྒྱལ་ས་ཏ་མ་ཧྲི་ཀིའི་ཉེ་འདབས་ཀྱི་ས་ཁུལ་གཉིས་སྟེ་རྒྱལ་སྤྱིའི་གནམ་གྲུའི་ཐང་ཉེ་འདབས་དང་ལིས་པ་ནུན་མཐའ་མཚམས་ལ་ཉེ་བའི་གྲོང་རྡལ་ཆུང་བ་གཉིས་ལ་བར་སྣང་ནས་འཇབ་རྒོལ་བྱས། འོན་ཀྱང་གནས་སྐབས་སུ་མི་སྣ་ཤི་རྨས་ཀྱི་གནས་ཚུལ་མེད་ཟེར། 

སི་རི་ཡའི་སྐམ་དམག་གི་ཟི་ལིན་པུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་ཚེས་བདུན་ཉིན“མངོན་སུམ”དུ་འཇབ་རྒོལ་བྱས་ཏེ། བཟོ་བཀོད་ཁ་ཤས་ལ་གཏོར་བརླག་ཐེབས། འཇབ་རྒོལ་བྱེད་ཡུལ་ནི་སི་རི་ཡའི་རྒྱལ་ས་ཏ་མ་ཧྲི་ཀིའི་རྒྱལ་སྤྱིའི་གནམ་གྲུ་ཐང་ཉེ་འདབས་དང་ཏ་མ་ཧྲི་ཀིའི་ནུབ་བྱང་ཕྱོགས་ཀྱི་འགྲིམ་འགྲུལ་གཞུང་ལམ་གཙོ་བོ་ཏིས་མ་སི་གྲོང་རྡལ་གྱི་ཉེ་འདབས་ས་ཁུལ་ཡིན་ཟེར། 

སི་རི་ཡའི་ཟི་ལིན་པུའུ་ཡིས་འཇབ་རྒོལ་ཐེབས་པའི་སྒྲིག་ཆས་སོགས་བྱེ་བྲག་གི་གནས་ཚུལ་ཕྱིར་མ་བསྒྲགས། 

“སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུག