དབྱི་རག་གི་ས་ཁུལ་འགར་དྲག་ཆས་གདོང་གཏུག་བྱུང་ཞིང་འགས་གཏོར་འཇབ་རྒོལ་ཐེབས་ཏེ་མི་རེ་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་ཞེ་དྲུག་རྨས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

 u=1024271590,2766491623&fm=23&gp=0.jpg

དབྱི་རག་ཤར་ཕྱོགས་ཏིས་ཡ་ལ་ཞིང་ཆེན་གྱི་ཉེན་རྟོག་དཔོན་པོ་ཞིས་མ་ལིས་ཀྱིས་ཉིན་དེར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་རག་དམག་དཔུང་དང་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་གིས་དབྱི་རག་མཁའ་དམག་གི་རོགས་སྐྱོར་འོག ཞིང་ཆེན་དེ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྐྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དང་ཛ་དྲག་ཆེ་བའི་དམག་འཐབ་བྱས་ཏེ། དབྱི་རག་གི་རྒྱལ་ས་པ་ཀི་ཏ་ཤར་ཕྱོགས་ནས་བར་ཐག་ཧ་ལམ་སྤྱི་ལེ་བརྒྱ་ཙམ་གྱི་སར་ཡོད་པའི་མ་ཀི་ཏ་ཏིས་ཡེ་གྲོང་ཁྱེར་ཉེ་འདབས་ཀྱི་སྡེ་བ་བརྒྱད་ཚུར་བླངས་པ་མ་ཟད། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་སོ་ལྔ་བསད་ཟེར། 

ཞིས་མ་ལིས་ཀྱིས་བཤད་རྒྱུར། དབྱི་རག་དམག་དཔུང་གིས་ཚེས་ཉེར་གསུམ་ཉིན་ནས་བཟུང་ཏིས་ཡ་ལཱ་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་ཉེས་ཅན་ཚར་གཅོད་བྱེད་པའི་གཞི་ཁྱོན་ཆེན་པོའི་དམག་དོན་བྱ་སྤྱོད་སྤེལ་ཏེ། མི