ཨ་རིས་གནས་སྐབས་སུ་ཨ་ཧྥུ་ཧན་ནས་དམག་མི་ཕྱིར་འཐེན་མི་བྱེད་པར་ཨ་ཧྥུ་ཧན་སྲིད་གཞུང་ལ་རམ་འདེགས་བྱས་ནས་བདེ་འཇགས་སྲུང་སྐྱོབ་བྱེད་རྩིས་ཡོད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

u=1909343188,3374931403&fm=23&gp=0.jpg 

 ཨ་རིའི་དཔོན་རིགས་ཤིག་གིས་བཤད་རྒྱུར། ཙུང་ཐུང་ཨོ་པ་མ་ཡིས་ཨ་ཧྥུ་ཧན་དུ་སྡོད་པའི་ཨ་རིའི་དམག་དཔུང་གི་དམག་མི་ཕྱིར་འཐེན་བྱེད་པའི་འཆར་གཞི་དོར་ནས། དམག་ཕྱོགས་ཀྱི་མཐོ་རིམ་དཔོན་པོའི་བསམ་འཆར་ལ་ཉན་ཏེ། ཨ་ཧྥུ་ཧན་དུ་སྡོད་པའི་ད་ཡོད་དམག་དཔུང་གི་གཞི་ཁྱོན་སྲུང་འཛིན་ཅི་ཐུབ་བྱས་པ་དང་། ཨ་ཧྥུ་ཧན་གྱི་བདེ་འཇགས་ལ་སྲུང་འཛིན་བྱེད་རྒྱུ་རེད་ཟེར། 

མིག་སྔར་ཨ་ཧྥུ་ཧན་དུ་སྡོད་པའི་ཨ་རིའི་དམག་མི་སྟོང་དགུ་བརྒྱད་བརྒྱ་ཡོད་པ་དང་། མིག་སྔའི་འཆར་གཞི་ལྟར་ན། དམག་མི་རིམ་བཞིན་ཕྱིར་འཐེན་བྱས་ཏེ། ད་ལོའི་ལོ་མཇུག་གི་སྔོན་ལ་དམག་མི་སྟོང་ལྔ་དང་ལྔ་བརྒྱར་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ཞིང་། 2016ལོའི་ལོ་མཇུག་གི་བར་ཕལ་ཆེར་མི་སྟོང་གཅིག་ཏུ་ཇེ་ཉུང་ལ་གཏོང་རྒྱུ་རེད། ཡིན་ནའང་། ཨ་རིའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་ཚེས་བཅུ་བཞི་ཉིན་སྲིད་གཞུང་དཔོན་རིགས་ཁ་ཤས་ཀྱི་སྐད་ཆ་དྲངས་ནས་བསྒྲགས་པ་ལྟར་ན། མིག་སྔར་ཨོ་པ་མ་ཡི་བསམ་ཕྱོགས་གཙོ་བོ་ནི་བཅའ་སྡོད