ཐལ་སྐྱོད་དྲགས་ཤུགས་ཀྱིས་སུ་རུ་ཡའི་འཇིག་ཉེན་ཚབས་ཆེན་ཏུ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

12313.jpg 

༼སུ་རུ་ཡའི་གདོང་གཏུག་ལ་རྫོགས་མཐའ་མེད་པ་དང་།  འཐབ་ར་སོ་སོའི་ཤི་རྨས་མི་གྲངས་ཇེ་མང་དུ་
སོང་བ་དང་བསྟུན་ནས། སྔར་ལས་མང་བོའི་བུད་མེད་རྣམས་དམག་འཐབ་ཁྲོད་ཞུགས།༽

 

སྤྱི་ཁྱབ་པུའུ་དབྱིན་ཇུར་ཡོད་པའི་སུ་རུ་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་ཟླ6ཚེས1ཉིན་བཤད་རྒྱུར། ཟླ་ལྔ་བ་ནི་ད་ལོའི་ཚུན་ལ་སུ་རུ་ཡའི་འཇིག་ཉེན་གྱི་ཆེས་གདུག་རྩུབ་ཆེ་བའི་ཟླ་ཞིག་ཡིན་ཞིང་། མ་མཐའ་ཡང་མི་སྟོང་དྲུག་དྲུག་བརྒྱ་ང་བདུན་དམག་འཐབ་ཁྲོད་རྐྱེན་ལམ་དུ་ཤོར་ཟེར། ཨ་རིའི་རིག་མཛོད་དམག་འཐབ་ཞིབ་འཇུག་ཁང་གི་ཆེས་གསར་བའི་དུས་སྐབས་དང་པོའི་སུ་རུ་ཡའི་ས་ངོས་དམག་འཐབ་གནས་ཚུལ་ལས་མངོན་པ་ལྟར་ན། སུ་རུ་ཡའི་འཐབ་ར་ཕྱོགས་སོ་སོའི་བཅད་བཟུང་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་། ཐལ་སྐྱོད་དྲག་ཤུགས་ཀྱི་བཅད་བཟུང་གནས་བབ་རིམ་བཞིན་མངོན་གསལ་དུ་གྱུར། དུས་མཚུངས་སུ། དམག་འཐབ་གི་ཚབ་བྱེད་