ཨ་མེ་རི་ཁའི་ཤུགས་རྐྱེན་འོག་གི་འཇར་པན་དང་ཧན་གོ་རྒྱལ་ཁབ་གྱི་ལོ་ལྔ་བཅུའི་འབྲེལ་བ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

1.jpg

ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན། འཇར་པན་ཧྥན་ཚང་བཞུགས་ཤག་ནས། འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཧན་གོའི་ཕྱི་འབྲེལ་བློན་ཆེན་དབྱེ་པེན་ཧྲི་ཡིས་ལ་གྲོས་མོལ་བྱས།
 

1965ལོའི་ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། འཇར་པན་དང་ཧན་གོས«འཇར་པན་དང་ཧན་གོའི་གཞི་རྩའི་ཆིངས་ཡིག»བཀོད་པ་དང་། ཧན་གོ1910ལོར་འཇར་པན་གྱི་མི་སེར་སྤེལ་ཡུལ་དུ་གྱུར་བའི་ཚུན་གྱི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་མངོན་འགྱུར་བྱུང་། དུས་རབས་ཕྱེད་ཀའི་རྗེས་ཀྱི་ད་སྐབས། ལོ་རྒྱུས་ཀྱི་འགལ་བ་དང་མངའ་ཁོངས་རྩོད་གཞི་སོགས་ཀྱི་གནད་དོན་ལ་དམིགས་ནས། འཇར་པན་དང་ཧན་གོའི་འབྲེལ་བ་རྒྱུན་ལྡན་ཅན་ནས་ཆེས་དམའ་བའི་གནས་སུ་ལྷུང་།

ཚེས་ཉེར་གཅིག་ཉིན། འཇར་པན་དང་ཧན་གོའི་ཕྱི་འབྲེལ་བློན་ཆེན་གྱིས་ལོ་ངོ་བཞིའི་རྗེས་ནས་ཡང་བསྐྱར་གྲོས་མོལ་བྱས། ཚེ