ཨ་མེ་རུ་ཁ་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱིས་དམག་དོན་རོགས་སྐྱོར་གྱི་གྲོས་མོལ་ཡང་བསྐྱར་མགོ་བརྩམས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

  1445303837981.jpg

ཨ་རིའི་དམག་དཔུང་གི་ཇུས་འདོན་པའི་འགན་གསར་དུ་ཁུར་བའི་
མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཧྥུ་ཏི།
 
ཨ་རིའི་དམག་དཔུང་གི་ཇུས་འདོན་པའི་འགན་གསར་དུ་ཁུར་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཧྥུའུ་ཏི་ཡིས་ཚེས་བཅོ་བརྒྱད་ཉིན་དབྱི་སི་རལ་ལ་འཚམས་འདྲི་བྱས་ཏེ། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁས་དབྱི་སི་རལ་ལ་དམག་དོན་ཐད་ནས་རོགས་སྐྱོར་བྱེད་པའི་སྐོར་གྱི་གྲོས་མོལ་ཡང་བསྐྱར་མགོ་བརྩམས། 
 
ཏིན་ཧྥུ་ཏི་ཟླ་འདིའི་ཚེས་གཅིག་ཉིན་ཨ་རིའི་དམག་དཔུང་གི་ཇུས་འདོན་པའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་དངོས་སུ་ཁུར་ལ། དབྱི་སི་རལ་ནི་ཁོས་ཐོག་དང་པོར་ཕྱི་ཕྱོགས་སུ་འཚམས་འདྲིར་བསྐྱོད་པའི་ས་ཚིགས་དང་པོ་རེད། 
 
  དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲིའི་ཁྲོད། ཏིན་ཧྥུ་ཏི་ཡིས་དབྱི་སི་རལ་གྱི་ཙུང་ལིས་ནེ་ཐ་ནིས་ཡ་ཧུའུ་དང་དབ