དབྱིན་ཇིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་ཀྱི་དམིགས་འབེན་ལ་སྐོར་དང་བོའི་འཇབ་རྒོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 92

99539dcd1070217c-3c39e246a0298783-eebe43fee29eecdd4b8808daaa

དབྱིན་ཇིའི་གྲོས་ཁང་ཞོལ་མ་ཚེས་གཉིས་ཉིན་གྱི་དགོང་མོར་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ནས།སི་རི་ཡ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྐྱོད་རྩ་འཛུགས་ལ་བར་སྣང་ནས་འཇབ་རྒོལ་བྱེད་རྒྱུའི་ཐག་བཅད།གྲོས་ཆོད་དེར་གྲོས་འཆམ་བྱུང་རྗེས།དབྱིན་ཇིའི་མཁའ་དམག་གིས་མྱུར་དུ་སྐོར་དང་བོའི་འཇབ་རྒོལ་སྤེལ།དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེ་ལུན་གྱིས་གྲོས་ཆོད་དེར་གྲོས་འཆམ་འབྱུང་བར་ཡུན་རིང་སྐུལ་འདེད་བཏང་།དབྱི་སི་རལ་གྱི་རྒྱལ་ཁོངས་ཚགས་པར་སྟེང་བཀོད་པའི་གནས་ཚུལ་ལྟར་ན།ཁ་མེ་ལུན་གྱིས་བར་སྣང་འཇབ་རྒོལ་ལ་བརྟེན་ནས་རྒྱལ་ཁབ་གཞན་པ་དང་རང་རྒྱལ་གྱི་མང་ཚོགས་ལ།