

དགུན་དུས་ནི་ཁམས་གསོའི་དུས་ཚིགས་གལ་ཆེན་ཞིག་ཡིན་པས། ཚན་རིག་དང་མཐུན་པའི་འཚོ་བའི་གོམས་གཤིས་ལེགས་པོ་ཞིག་ཆགས་སུ་འཇུག་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་ལ། དེས་ནད་རིགས་སྣ་མང་སྔོན་འགོག་གི་ཐད་ལ་ནུས་པ་ངེས་ཅན་ཐོན་ངེས་རེད། གཤམ་དུ་དེར་འབྲེལ་གྱི་རྒྱུན་ཤེས་འགའ་བཀོད་ཡོད་དེ།
གཅིག གྲང་འགོག་དྲོད་སྲུང་གལ་ཆེ།

གྲང་ངར་ཆེ་བའི་དགུན་དུས་སུ་མགོ་དང་སྐེ། རྒྱབ། རྐང་པ་བཅས་ལ་གྲང་འགོག་གི་སྲུང་སྐྱོབ་ཡག་པོ་བྱེད་དགོས། ཕྱི་རོལ་དུ་འགྲོ་སྐབས་ཞྭ་མོ་གྱོན་པ་དང་སྐེ་དཀྲིས་རྒྱག་པ། རྐང་འབོབ་གྱོན་པ་སོགས་ཀྱིས་དྲོད་སྲུང་གི་གནད་དག་ལ་དང་དོད་བྱེད་དགོས་ཤིང་། དེ་མ་ཟད་ཉལ་ཁར་ཆུ་དྲོད་འཇམ་གྱིས་རྐང་པ་སྦངས་ན་ཁྲག་འཁོར་རྒྱུག་ལ་ཕན་ཐོག་ཆེན་པོ་ཡོད།
གཉིས། བཟའ་བཏུང་དང་འཚོ་བཅུད་དོ་མཉམ་ལ་མཉམ་འཇོག་དགོས།

དྲོད་ཤོས་ཆེ་བའི་ཟས་རིགས་མང་ཙམ་ཟ་དགོས་ལ། དཔེར་ན། ལུག་ཤ། ལྒ་སྐྱ་དང་ཙོ་རིལ་ལྟ་བུ་མང་ཙམ་ཟོས་ནས་ལུས་ཕུང་ལ་སྤུས་ལེགས་སྤྲི་དཀར་དང་སྔོ་ཚལ་གྱི་བཅུད་འདང་བར་ཁག་ཐེག་བྱེད་དགོས་པ་དང་། ཆུ་དྲོད་འཇམ་འཐུང་བ་དང་ཟ་མ་རློན་པ་དང་འཁྱགས་ཟས་ཀྱི་རིགས་ཉུང་ཙམ་ཟ་དགོས་པ་མ་ཟད། གནམ་གཤིས་བཟང་དུས་ཉི་མར་ལྡེ་ནས་འཚོ་བཅུདDཁ་གསབ་བྱེད་དགོས།
གསུམ། ཁང་པའི་ནང་དུ་རླུང་རྒྱུ་རུ་བཅུག་ནས་མཁའ་དབུགས་ཀྱི་བརླན་ཚད་སྙོམ་སྒྲིག་བྱེད་དགོས།

ཉིན་རེར་སྐར་མ10ནས15བར་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་དགོས་ལ། ཁང་བའི་ནང་དུ་རླན་འདོན་འཕྲུལ་ཆས་བཀོལ་བ་དང་ཡང་ན་ལག་ཕྱིས་རློན་པར་བརྟེན་ནས་མཁའ་དབུགས་ཀྱི་བརླན་ཚད50%ནས60%ལ་རྒྱུན་འཁྱོངས་བྱེད་ཐུབ་ཚེ་ནད་འབུ་གང་སར་མཆེད་པའི་ཉེན་ཁ་ཇེ་དམའ་རུ་གཏོང་ཐུབ།
བཞི། འོས་འཚམ་གྱི་དུས་ཡུན་ནང་ལུས་ཕུང་སྦྱོང་བརྡར་བྱེད་དགོས།

ལུས་ཕུང་སྦྱོང་བརྡར་ལ་གྲང་ངར་ཆེ་ཞིང་རླུང་ཆེན་གཡུག་པའི་གནམ་གཤིས་ལ་གཡོལ་དགོས། ནངས་མོའི་ཉི་ཤར་གྱི་རྗེས་དང་ཉིན་གུང་གི་རྗེས་སུ་མགྱོགས་པོར་བགྲོད་པ་དང་དལ་མོར་རྒྱུག་པ་སོགས་ཀྱི་ལུས་སྦྱོང་བྱེད་ཐབས་དེ་བདེ་ཐང་ལ་འཚམ་ཞིང་། དེ་མ་ཟད་ཁང་བའི་ནང་དུ་ཡོ་ག་དང་ལུས་སྦྱོང་ལུས་རྩལ་ལ་འོས་འཚམ་གྱིས་རོལ་ཆོག
ལྔ། དགུན་དུས་ཀྱི་རིམས་ནད་ལ་སྔོན་འགོག་བྱེད་དགོས།

ལག་པ་གཙང་མར་བཀྲུ་བ་དང་ཁ་ཐུམ་རྒྱག་དགོས་པ་མ་ཟད། ཆམ་རིམས་ཀྱི་འགོག་སྨན་རྒྱག་དགོས། སྙིང་ཁམས་ཁྲག་རྩའི་ནད་གཞི་ཡོད་པའི་ནད་པས་དྲོད་སྲུང་ལ་དོ་སྣང་བྱེད་དགོས་པ་དང་དུས་རྒྱུན་ཁྲག་ཤེད་ལ་ལྟ་ཞིབ་བྱེད་དགོས།
དྲུག སེམས་ཁམས་སྙོམས་སྒྲིག་དང་ཟས་སྤྱོད་ཚད་ལྡན་ཡོང་དགོས།

ཕྱི་རུ་བསྐྱོད་ནས་ཉི་མར་ལྡེ་བ་དང་སྤྱི་ཚོགས་འབྲེལ་འདྲིས་མང་དུ་བཏང་ནས་སེམས་ཁམས་སྙོམ་སྒྲིག་བྱེད་དགོས་ལ། དགུན་དུས་སུ་སྔ་ཉལ་འཕྱི་ལངས་བྱས་ཏེ་གཉིད་འདང་ན་ལུས་སེམས་བདེ་ཐང་ལ་ཕན་ཐོག