འགན་འཁྲི་གཙང་སྒྲུབ་ཀྱིས་འཕེལ་རྒྱས་དོན་གཉེར་དང་སེམས་ནུས་གཅིག་སྒྲིལ་གྱིས་བགྲོད་ལམ་གསར་པར་བསྐྱོད། 
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 6

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས། ཚེས་དྲུག་ཉིན།  མུ་མཐུད་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ཀྱི་འཆར་ཟིན་ལ་ཞིབ་བཤེར་བྱས། ཚང་མས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པ་དང་གོམ་སྟབས་ཡག་པོ་སྤོ་བར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་པའེ་སུང་ཐའོ་ཡིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་འབད་འཐབ་ཀྱི་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ན་སྤྱིར་བཏང་ཞིག་མིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་སྟོན་དང་ཁྱོན་ཡོངས་གཅིག་འདོམས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་ངེས་གཏན་མེད་པའི་རང་བཞིན་སྣ་ཚོགས་ལ་གདོང་གཏད། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་བསྟུད་མར་ལོ16ལ་འཛམ་གླིང་གི་ཨང་དང་པོར་གནས་པ་དང་། གསར་གཏོད་སྟོན་གྲངས་ཀྱི་ཨང་རིམ་ཐོག་མར་འཛམ་གླིང་གི་ཨང་བཅུའི་ཁྲོད་སླེབས་པས་མི་ལ་ངར་ཤུགས་འཕེལ་བར་བྱས། 

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ནོར་བུ་གཡང་འཛོམས་ཀྱིས་བཤད་རྒྱུར། སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་བཏོན་པའི་དམངས་ཕན་བྱེད་ཐབས་རེ་རེ་མཐོང་སྐབས་སེམས་འགུལ་ཚད་མེད་ཐེབས་བྱུང་། སྔོན་ཆད་ཀྱི་དབུལ་ཐར་མཁྲེགས་གཏོར་ནས་ད་ལྟའི་གྲོང་གསེབ་དར་སྤེལ་བར། ང་ཚོའི་སྡེ་བས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་ཤར་རླུང་དང་བསྟུན་ནས། ཇའི་ཐོན་ལས་དང་མི་རིགས་ལག་ཤེས་བཟོ་ལས། ནགས་རའི་ཐོན་ལས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་བས། འཚོ་བ་ཇེ་བཟང་ནས་ཇེ་བཟང་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། བླ་ན་མེད་པའི་རྒྱལ་ཁོངས་སྲུང་སྐྱོབ་མཁན་དང་བདེ་སྐྱིད་ཀྱི་ཁྱིམ་གཞི་འཛུགས་སྐྲུན་མཁན་ཡག་པོ་ཞིག་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་ཅང་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་འཆར་ཟིན་ལ་ཡོངས་སུ་འཐད་པ་ཡིན།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག  ལག་ལེན་ཟབ་མོ་བྱས་ཏེ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་ཀྱི་གསོན་ཤུགས་སྐུལ་སློང་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་ཀན་སུའུ་འཐུས་ཚབ་ཚོགས་པ་རུ་གྲོས་ཞིབ་བྱེད་སྐབས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག“ལོ་ལྔའི་འཆར་འགོད་བཅུ་བཞི་པ”བདེ་བླག་ངང་མཇུག་བསྡུས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གང་ལེགས་ཀྱིས་མངོན། “འདུ་ཤེས་བཞི”ཇེ་དྲག་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་པ་བཅས་བྱས་ཏེ།  ཏང་གི་འགོ་ཁྲིད་ཀྱི་དགེ་མཚན་ཆེན་པོ་འདི་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ། འཕེལ་རྒྱས་ཡག་པོ་གཏོང་དགོས་ལ།  སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ཏུ་བསྟར་ནས།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པར་ཁག་ཐེག་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་འཆར་ཟིན་ལ་ཡོངས་སུ་འཐད་པ་ཡིན། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་།  མཐའ་གཅིག་ཏུ“སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་ཏེ། གཟེར་འདེབས་སྙིང་སྟོབས་ཀྱིས་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་དོན་འཁྱོལ་ཡག་པོ་བྱེད་དགོས། ནང་སོག་གིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་སྒོས་སྤེལ་ནས། བྱ་བ་སོ་སོའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཐང་ཁྲེང་ཧྥུང་གིས་བཤད་རྒྱུར། འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ནང་རྒྱལ་ཁབ་ཀྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་མིའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ལ་དམ་པོར་གཞིགས་ཏེ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྔར་བས་སྐུལ་འདེད་གཏོང་བ། སློབ་གསོ་དང་སྨན་བཅོས་ལེགས་སྒྱུར་སོགས་ཐད་ཀྱི་ཞབས་ཞུའི་འགན་སྲུང་ལེགས་སྒྱུར་བྱས་ནས།  དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པ་བསྟན་ཡོད། འཆར་འགོད་རྩ་གནད་འཆར་ཟིན་གྱི་དྲོད་ཚད་ཚོར་ཟིན་པས།“ལོ་ལྔའི་འཆར་འགོད་བཅོ་ལྔ་པར”རེ་སྨོན་གྱིས་ཁེངས་ཡོད།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལུའོ་ཝུན་ཅང་གིས་བཤད་རྒྱུར། འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ཧྲིལ་པོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱབ་ཡོད་ལ། གནས་བབ་གསར་པ་དང་བླང་བྱ་གསར་པར་རྩེ་གཅིག་ཏུ་དམིགས་ནས། རྒྱང་ལྟའི་རང་བཞིན་གྱིས་བཀོད་སྒྲིག་དང་ལས་འགན་གསར་པ་བཀོད་སྒྲིག་བྱས་ཡོད། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་ལྷག་པས་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ཏུ་བསྟར་ནས། གསར་བརྗེའི་གནས་རྙིང་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་མ་ཟད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་མཉམ་འདྲེས་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དབྱང་ཆི་ཧྥེང་གིས་བཤད་རྒྱུར།

རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འཚམ་ལ་མི་དམངས་མང་ཚོགས་ཀྱི་རེ་བར་ཡང་ལན་བཏབ་ཡོད། སྨན་བཅོས་དང་སྨན་བཅོས་འགན་བཅོལ། སྨན་རྫས་བཅས“སྨན་གསུམ”གྱིས་མཉམ་དུ་ཤུགས་འདོན་པར་སྐུལ་ནས་མི་དམངས་ཀྱི་བདེ་ཐང་དང་བདེ་འཇགས་ལ་སྲུང་སྐྱོང་བྱ་དགོས། ནད་ཐོག་སྨན་བཅོས་ཀྱི་དགོས་མཁོའི་ཕྱོགས་སྟོན་ལ་ཤུགས་བསྣན་ནས་སྨན་བཅོས་ཁྱབ་ཁོངས་སུ་མི་ཐབས་རིག་ནུས་མང་དུ་སྤྱོད་པ་དང་། གྲངས་འཛིན་ཅན་ལ་བརྟེན་ནས་ཞབས་ཞུའི་ཕན་ནུས་ཆེ་རུ་བཏང་སྟེ། མང་ཚོགས་ཀྱི་སྨན་པ་བསྟེན་དཀའ་བའི་གནད་དོན་དོན་དམ་པས་ཐག་གཅོད་དགོས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་བོད་ལྗོངས་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ཀྱི་རྩ་གནད་མ་ཟིན་ལ་ཡོངས་སུ་འཐད་པ་ཡིན། འདས་པའི་ལོ་གཅིག་གི་རིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གོམ་སྟབས་གསར་པ་སྤོས་ཡོད། དེའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་ཁ་ཕྱོགས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་ཧུར་ཐག་སྒོས་འབྲི་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲེན་ཝུན་ཆིང་ཧེ་ལུང་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་བཤད་རྒྱུར། འདས་པའི་ལོ་གཅིག་གི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག ཞི་བདེའི་ཀྲུང་གོར་ཀུན་གྱིས་ཁས་ལེན་ཐོབ་ཅིང་ཁྲིམས་སྐྱོང་ཀྲུང་གོས་འཆར་གཞི་ཆེན་པོ་བཀོད། སྲིད་ཁྲིམས་འཐབ་ཕྱོགས་ཀྱིས“གཏན་འཁེལ་གཉིས”ལ་གོང་བཀུར་བརྟན་པོ་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བསྒྲུབ་དགོས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ནས་ཞི་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་བསྐྲུན་པར་སྐུལ་འདེད་བཏང་སྟེ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་ཆེད་སྲ་ཞིང་བརྟན་པའི་བདེ་འཇགས་དང་ཁྲིམས་སྐྱོང་གི་འགན་ལེན་མཁོ་འདོན་བྱ་དགོས།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཝང་ཧྲའོ་ཧྥིན་གྱིས་བཤད་རྒྱུར། སྙན་ཞུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ལས་འགན་དམིགས་འབེན་བཀོད་སྒྲིག་བྱས་པ་གསལ་ཞིང་བྱེད་ཐབས་ནུས་ལྡན་རེད། དེ་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ཡིད་ཆེས་དང་ཆོད་སེམས་ཀྱིས་ཁེངས་ཡོད། མིག་སྔའི་འཇོན་མི་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐོན་ཁུངས་ཨང་དང་པོ་ཡིན། ང་ཚོས་རང་འགུལ་ངང་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་མཐོ་རིམ་སློབ་ཆེན་གྱི་རིག་སྟོབས་ཐོན་ཁུངས་སྦྲེལ་མཐུད་བྱས་ནས་འཇོན་མི་དོ་དམ་པའི་ཞབས་ཞུའི་དཔུང་སྡེ་སྒྲིག་འཛུགས་དང་། སྤྱི་པའི་ལས་ཞུགས་ཞབས་ཞུའི་རྟེན་གཞི་བསྐྲུན་ཏེ། གཞོན་སྐྱེས་འཇོན་མིས་གསར་གཏོད་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱས་ཡོད།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀུའོ་ཅིན་ཕིང་གིས་བཤད་རྒྱུར།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར། མདོ་ལ་རི་བོ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཉིས་ཀ་ཡོད་པའི་མཚོ་སྔོན་ལ་མཚོན་ན་མཚོན་རྟགས་དངོས་ཡོད་པ་རེད། སྔོ་ཁེབས་རྒྱ་ཁྱོན་བསྟུད་མར་མཐོ་རུ་ཕྱིན་པ་དང་། གསའ་དང་ཁྲུང་ཁྲུང་སྐེ་ནག་སོགས་སྐྱེ་དངོས་རིགས་རྒྱུད་རྩ་ཆེན་ང་ཚོའི་མིག་ལམ་དུ་ཡང་དང་བསྐྱར་དུ་བུད་དེ། ང་ཚོ་ལ་སྔོ་ལྗང་གི་རི་ཆུ་སྲུང་སྐྱོབ་བྱེད་པ་དེ་དམངས་ཡོངས་ཀྱི་ཐུན་མོང་གི་འདུ་ཤེས་སུ་ཆགས་དུས། རང་བྱུང་ཁམས་ཆེན་མོའི་དྲིན་གཟོ་བྱེད་སྟངས་ནི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་ཉམས་ཡིན་པ་ཚོར་དུ་བཅུག 

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀྲང་ཧྲུན་ཡུང་གིས་བཤད་རྒྱུར། སྙན་ཞུ་ལས་གྲོང་གསེབ་ཀྱི་འཇོན་མིའི་དཔུང་སྡེ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས་ཞེས་བསྟན་པས་ང་ཚོ་སྟེ་གྲོང་གསེབ་ཏུ་རྐང་ཚུགས་པའི་ལས་གཏོད་པ་ཚང་མར་སྐུལ་ལྕག་ཆེན་པོ་ཐེབས། ང་རང་མུ་མཐུད་དུ་ཐོན་ལས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ་བཟང་བོ་བྱེད་ངེས་ཡིན། 2026ལོར། ཚད་ལྡན་ཅན་གྱི་སྦྲང་གསོ་ར་བ20གསར་དུ་བསྐྲུན་པ་དང་། ཀྲུང་ལུགས་སྨན་རྒྱུ་རྟེན་གཞི་མུའུ5000རྒྱས་སྐྲུན་བྱ་རྩིས་ཡོད། སྲིད་ཇུས་བཟང་པོ་དག་གི་གཟིགས་སྐྱོང་འོག ང་ཚོས་ཐོན་རྫས་སྔར་ལས་མང་པོ་རྒྱལ་ཡོངས་སམ་ཐ་ན་འཛམ་གླིང་དུ་སྐྱོད་པར་ཡིད་ཆེས་བརྟན་པོ་ཡོད།