
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་དམངས་གཙོ་མནའ་འབྲེལ་ཚོགས་པ་དང་། གུང་གཞོན་ཚོགས་པ། ན་གཞོན་མཉམ་འབྲེལ་ལྷན་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་རིགས་ཀྱི་ཨུ་ཡོན་གྱི་མཉམ་འབྲེལ་ཚན་ཆུང་ཚོགས་འདུར་ཞུགས། ཨུ་ཡོན་གྱི་གཏམ་བཤད་ལ་ཞིབ་མོར་གསན་རྗེས། ཚའེ་ཆི་ཡིས་འདས་ཟིན་པའི་ལོ་ངོ་གཅིག་གི་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། དཀའ་བ་གདོང་བསུ་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”བདེ་བླག་ངང་མཇུག་བསྒྲིལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ནི་སུས་ཀྱང་འགོག་ཐུབ་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཡིན་པ་ལག་ལེན་ལས་ར་སྤྲོད་བྱས། ཚའེ་ཆི་ཡིས་ཚང་མས“གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་སྟེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་དགོས་པ་དང་། རིགས་ཁོངས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ཏེ་ཇུས་འབུལ་ཤུགས་འདོན་དང་། འཐབ་ལམ་གསར་པར་འབད་པད་བསྐྱོད་དེ་དུས་རབས་གསར་པར་བྱས་རྗེས་བཞག་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་རྩོམ་ཆེད་བྱས་རྗེས་གསར་པ་འཇོག་དགོས་ལ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དོན་འཁྱོལ་བྱས་ནས། རྡོག་རྩ་གཅིག་སྒྲིལ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས། འགན་སྒྲུབ་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་པའི་ཐུགས་རེ་བཏོན།