
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་དམངས་གཙོ་རྒྱལ་འཛུགས་ཚོགས་པ་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ཚོ་ཆུང་མཉམ་འབྲེལ་གྱི་ཚོགས་འདུར་ཞུགས། ཁོང་གིས་བསྟན་དོན། 2025ལོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་ངང་སྣེ་ཁྲིད་བྱས་ཏེ་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་ཡར་བརྩོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ལེན་པར་སྐུལ་འདེད་བཏང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་པོ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཡིན། བསམ་སྦྱོར་གཉིས་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་གཞི་རྩའི་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་བྱས་པའི་ཐོག་གཅིག་གྱུར་བྱས་ཏེ། མི་མང་གི་བློ་གྲོས་གཅིག་ཏུ་བསྡུ་བ། གྲོས་འགོ་དང་ཐབས་ཇུས་བཟང་པོ་འདོན་པ་བཅས་བྱས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཡག་པོ་ཞིག་འཛུགས་པར་བྱས་རྗེས་འཇོག་དགོས། ཀྲུང་གུང་ཀྲུང་དབྱང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཕྱོགས་དང་སྲིད་ཇུས་སྣེ་ཁྲིད་ནས་དྲིལ་བསྒྲགས་དང་ལག་བསྟར་བྱས་ཏེ། དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་བཅའ་ཁྲིམས་ལག་བསྟར་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དེ། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་གྱིས་རྒྱུན་འཁྱོངས་བྱེད་པ་དང་། དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ནས་རང་རྒྱལ་གྱི་ཆབ་སྲིད་དགེ་མཚན་དང་ལམ་ལུགས་དགེ་མཚན་དར་རྒྱས་གོང་སྤེལ་གཏོང་དགོས།