
ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ལི་ཆང་དང་དང་ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་ཚེས་6ཉིན་སོ་སོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཚོགས་པ་དང་ཚན་ཆུང་སྐོར་ཞིག་གི་གྲོས་ཞིབ་དང་གྲོས་བསྡུར་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཧོ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོང་གིས་འདས་ཟིན་པའི་ལོ་གཅིག་ནང་ཧོ་ནན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་པས། དམིགས་འབེན་གཙོ་བོའི་འཕར་ཚད་མདུན་གྲལ་དུ་སླེབས་ཡོད་པ་མ་ཟད། གསར་པ་དང་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་མངོན་གསལ་ཡིན་པ་བསྟན། ལོ་གསར་པའི་ནང་། གཅིག་གྱུར་གྱི་ཁྲོམ་ར་ཆེན་མོའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཐད་བྱས་རྗེས་གསར་པ་འཇོག་གང་ཐུབ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བའི་ཐད་དགེ་མཚན་གསར་པ་གཏོད་དགོས་ལ། རྣམ་པ་གསར་བའི་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་བའི་ཐད་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཐད་མིང་བྱང་གསར་པ་གཏོད་དགོས།