

ཟླ3པའི་ཚེས6ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཞིང་བཟོ་ཏང་དང་། དགུ་གསུམ་སློབ་ཚོགས། སྨན་བཅོས་འཕྲོད་བསྟེན་ལས་རིགས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་བཅས་ཀྱི་ཨུ་ཡོན་ལ་འཚམས་འདྲི་གནང་ཞིང་། ཚོ་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས་ནས་བསམ་འཆར་དང་གྲོས་འགོར་གསན།
ཞི་ཅིན་ཕིང་གིས་སྲིད་གྲོས་ཀྱི་གྲོས་ཚོགས་ལ་ཞུགས་པའི་ཞིང་བཟོ་ཏང་དང་དགུ་གསུམ་སློབ་ཚོགས། སྨན་བཅོས་འཕྲོད་བསྟེན་ལས་རིགས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་ཀྱི་ཨུ་ཡོན་ལ་འཚམས་འདྲི་གནང་སྐབས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་འཕེལ་རྒྱས་གཏོང་ལམ་དུ་བསྐྱོད་དེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཟླ3པའི་ཚེས6ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཞིང་བཟོ་ཏང་དང་། དགུ་གསུམ་སློབ་ཚོགས། སྨན་བཅོས་འཕྲོད་བསྟེན་ལས་རིགས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་བཅས་ཀྱི་ཨུ་ཡོན་ལ་འཚམས་འདྲི་གནང་ཞིང་། ཚོ་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས་ནས་བསམ་འཆར་དང་གྲོས་འགོར་གསན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་ཚའེ་ཆི་འཚམས་འདྲི་དང་གྲོས་བསྡུར་ནང་ཞུགས།
ཚེས6ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཞིང་བཟོ་ཏང་དང་། དགུ་གསུམ་སློབ་ཚོགས། སྨན་བཅོས་འཕྲོད་བསྟེན་ལས་རིགས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་བཅས་ཀྱི་ཨུ་ཡོན་ལ་འཚམས་འདྲི་གནང་ཞིང་། ཚོ་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས་ནས་བསམ་འཆར་དང་གྲོས་འགོར་གསན། ཁོང་གིས། 2035ལོར་སླེབས་སྐབས་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་ལེགས་འགྲུབ་ཡོང་རྒྱུ་ནི་ཀྲུང་གུང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཇུས་ཆོད་ཅིག་ཡིན་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་ནི་དམིགས་འབེན་འདི་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན། དེའི་ཕྱིར་ངེས་པར་དུ་གཅིག་གྱུར་འཆར་འགོད་དང་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་གྲུབ་འབྲས་བརྩོན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་ཚའེ་ཆི་འཚམས་འདྲི་དང་གྲོས་བསྡུར་ནང་ཞུགས།
གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། ཞི་ཅིན་ཕིང་གིས་གསུང་རྒྱུར།
ངས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་བུད་མེད་འཐུས་མི་དང་། བུད་མེད་ཨུ་ཡོན། བུད་མེད་ལས་སྒྲུབ་མི་སྣ། རྒྱལ་ཡོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ། ཐའེ་ཝན་ས་ཁུལ་བཅས་ཀྱི་བུད་མེད་སྤུན་ཟླ་དང་ཕྱིར་སྡོད་ཀྲུང་གོ་བའི་བུད་མེད་བཅས་ལ། དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ཟླ3པའི་ཚེས6ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཞིང་བཟོ་ཏང་དང་། དགུ་གསུམ་སློབ་ཚོགས། སྨན་བཅོས་འཕྲོད་བསྟེན་ལས་རིགས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་བཅས་ཀྱི་ཨུ་ཡོན་ལ་འཚམས་འདྲི་གནང་ཞིང་། ཚོ་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས་ནས་བསམ་འཆར་དང་གྲོས་འགོར་གསན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་ཚའེ་ཆི་འཚམས་འདྲི་དང་གྲོས་བསྡུར་ནང་ཞུགས།
ཚོ་ཆུང་མཉམ་འབྲེལ་གྲོས་ཚོགས་ཐོག ཝང་ལུའུ་དང་། མ་ཞིའུ་ཀྲེན། ལུའུ་ཁི། ཅང་ཅན་ཏུང་། པ་སངས་སྒྲོལ་མ། ལིའུ་ཆི་ཧྥང་སོགས་ཨུ་ཡོན6གིས་བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་དང་། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ། རྒྱུ་ཆའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་པ། གསར་གཏོད་སྨན་རྫས་ཞིབ་འཇུག་གསར་སྤེལ་ལ་སྐུལ་འདེད་གཏོང་བ། མཐོ་སྒང་དུ་བྱུང་བའི་ནད་རིགས་འགོག་བཅོས་ཡག་པོར་བྱེད་པ། སྤྱི་ཕན་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་ནས་གཏམ་བཤད།

ཟླ3པའི་ཚེས6ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཞིང་བཟོ་ཏང་དང་། དགུ་གསུམ་སློབ་ཚོགས། སྨན་བཅོས་འཕྲོད་བསྟེན་ལས་རིགས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་བཅས་ཀྱི་ཨུ་ཡོན་ལ་འཚམས་འདྲི་གནང་ཞིང་། ཚོ་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས་ནས་བསམ་འཆར་དང་གྲོས་འགོར་གསན།
ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས། ཚང་མ་དང་མཉམ་དུ་གྲོས་བསྡུར་བྱས་ནས་བསམ་འཆར་དང་གྲོས་འགོར་ཉན་ན་དགའ་པོ་རེད། ངས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་འདིར་བཞུགས་ཨུ་ཡོན་རྣམ་པ་དང་། ཞིང་བཟོ་ཏང་དང་དགུ་གསུམ་སློབ་ཚོགས་ཀྱི་ཁོངས་མི། སྨན་བཅོས་འཕྲོད་བསྟེན་ལས་རིགས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་ཀྱི་མི་སྣ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ཞེས་བསྟན།

ཟླ3པའི་ཚེས6ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཞིང་བཟོ་ཏང་དང་། དགུ་གསུམ་སློབ་ཚོགས། སྨན་བཅོས་འཕྲོད་བསྟེན་ལས་རིགས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་བཅས་ཀྱི་ཨུ་ཡོན་ལ་འཚམས་འདྲི་གནང་ཞིང་། ཚོ་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས་ནས་བསམ་འཆར་དང་གྲོས་འགོར་གསན།
ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་གཅིག་ནང་། མི་དམངས་སྲིད་གྲོས་ཀྱིས་རང་འགན་གཙང་སྒྲུབ་ནན་ཏན་བྱས་ཤིང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་ཇུས་འགོད་བྱ་རྒྱུ་སོགས་ལ་དམིགས་ནས་ཐབས་འདོན་ཇུས་འདོན་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་བྱས་རྗེས་གསར་པ་བཞག་ཡོད། ཞིང་བཟོ་ཏང་དང་དགུ་གསུམ་སློབ་ཚོགས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་རྒྱ་ཆེའི་ཁོངས་མི་རྣམས་སྲིད་ཞུགས་སྲིད་གླེང་དང་སྤྱི་ཚོགས་ཞབས་ཞུའི་ཁྲོད་ཧུར་ཐག་གིས་ཞུགས་ནས། བྱ་བ་སོ་སོའི་ཐད་ནས་གྲུབ་འབྲས་གསར་པ་བླངས་ཡོད། སྨན་བཅོས་འཕྲོད་བསྟེན་ལས་རིགས་དང་། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་ཀྱི་མི་སྣས་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་དང་། དམངས་འཚོའི་བདེ་རྩ་ཇེ་ཆེ་རུ་གཏོང་བའི་ལག་ལེན་ནང་རང་རྟོགས་ཀྱིས་ཞུགས་ནས། གྲུབ་འབྲས་གསར་པ་བླངས་ཡོད་་ཅེས་བསྟན།

ཟླ3པའི་ཚེས6ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཞིང་བཟོ་ཏང་དང་། དགུ་གསུམ་སློབ་ཚོགས། སྨན་བཅོས་འཕྲོད་བསྟེན་ལས་རིགས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་བཅས་ཀྱི་ཨུ་ཡོན་ལ་འཚམས་འདྲི་གནང་ཞིང་། ཚོ་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས་ནས་བསམ་འཆར་དང་གྲོས་འགོར་གསན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་ཚའེ་ཆི་འཚམས་འདྲི་དང་གྲོས་བསྡུར་ནང་ཞུགས།
ཞི་ཅིན་ཕིང་གིས། རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་དང་། མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བ་དང་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཁྱད་པ་སྔར་བཞིན་ཅུང་ཆེ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་རེད། བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོན་ན་ངེས་པར་དུ་རང་རྒྱལ་གྱི་གནས་ཚུལ་དངོས་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བློ་རྩ་བརྟན་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་འཕེལ་རྒྱས་གཏོང་ལམ་དུ་བསྐྱོད་པ། བློ་རྩ་བརྟན་པོས་དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་དགོས། གནས་བབ་ལ་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བ་དང་བསྟུན། འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཐད་ཞིབ་ཕྲའི་སྲིད་ཇུས་དང་བྱེད་ཐབས་ཁག་ཅིག་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་དགོས་མོད། འོན་ཀྱང་རྩ་བའི་གནད་དོན་ཐད་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་རིགས་ལམ་གསལ་ཞིང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས། བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་ནི་རྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བའི་སྣ་མང་ཅན་གྱི་འཕྲོད་བསྟེན་བདེ་ཐང་གི་དགོས་མཁོའི་མདུན་དུ། ངེས་པར་དུ་གཙོ་གནད་འབུར་དུ་ཐོན་པར་བྱེད་དགོས། ཁེ་ཕན་ཁྱབ་རྒྱ་ཆེ་བ་དང་སྤྱི་ཡོངས་ལ་གལ་ཤིན་ཏུ་ཆེ་བའི་ཞིབ་ཕྲའི་སའི་བྱ་བ་དམ་འཛིན་ཆེན་པོ་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤུས་ལེགས་ཕན་ཆེའི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་པ། བདེ་ཐང་དང་ཡ་རབས་ཚུལ་ལྡན་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་སོགས་ཀྱི་ཐད་ལ་སྟོབས་ཤུགས་དང་ཐོན་ཁུངས་གཅིག་བསྡུས་བྱེད་པ། བྱེད་ཐབས་ནུས་ལྡན་སྤྱད་དེ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བརྩོན་ལེན་བྱེད་དགོས་པ་བསྟན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་ཨུའི་གཅིག་གྱུར་འགོ་ཁྲིད་དང་ཏང་སྲིད་ཀྱིས་མཉམ་འཛིན་སྤྱི་སྒྲུབ་ཀྱི་བྱ་བའི་རྣམ་པ་འཐུས་ཚང་དུ་གཏོང་དགོས་པ། སྐྱོན་བྲལ་ཡར་སྐུལ་གྱི་སྲིད་ཇུས་ཀྱི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས། བཅོས་སྒྱུར་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། སྨན་བཅོས་དང་སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་གི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དངོས་སྒྱུར་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས། དམངས་ཡོངས་ཀྱི་བདེ་ཐང་གྲངས་རིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། འཕྲོད་བསྟེན་བདེ་ཐང་ལས་རིགས་ཀྱི་ཏང་འཛུགས་བྱ་བར་ཤུགས་བསྣན་ཏེ། རྒྱ་ཆེའི་སྨན་དོན་མི་སྣའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱེད་པ་དང་། འཇོན་མི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྨན་པའི་ཀུན་སྤྱོད་བཟང་པོ་དར་སྤེལ་བཏང་སྟེ། སྤྱོད་གཙང་གཞུང་དྲང་གི་ལས་རིགས་ཀྱི་ཁོར་ཡུག་བསྐྲུན་པར་ཤུགས་སྣོན་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་གི་འབད་བརྩོན་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་དང་། འབྲེལ་ཡོད་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་ལ་གཞིགས་ནས་རྟོག་དཔྱོད་ཞིབ་འཇུག་ཟབ་མོ་བྱས་ཏེ། དངོས་གཉེར་གོ་ཆོད་ཀྱི་ཁ་གཏད་འཇལ་ཐབས་དང་གྲོས་འགོ་འདོན་དགོས། ཞིང་བཟོ་ཏང་དང་དགུ་གསུམ་སློབ་ཚོགས་ཀྱི་ཁོངས་མི། སྨན་བཅོས་འཕྲོད་བསྟེན་ལས་རིགས་དང་། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་བཅས་ཀྱི་མི་སྣས་ཆེད་ལས་ཀྱི་དགེ་མཚན་བེད་སྤྱོད་ཡག་པོ་བྱས་ནས། ཧུར་ཐག་གིས་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
ཧྲི་ཐའེ་ཧྥེང་། ཧོ་ཝེ། ཝུའུ་ཝེ་ཧྭ། ཧྲའོ་ཧུང་། ཝང་ཏུང་ཧྥེང་། དབྱང་ཀྲེན་སོགས་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས།