
མཚོ་སྔོན་ནི་གནའ་སྔ་མོ་ནས་བཟུང་མི་རིགས་མང་པོ་གཞིས་ཆགས་འཚོ་གནས་དང་མཉམ་འདྲེས་འཕེལ་རྒྱས། ཤེས་རིག་ཁྱབ་སྤེལ་བཅས་ཀྱི་ས་ཁུལ་གལ་ཆེན་ཞིག་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་མཚོ་སྔོན་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ། “ལམ་གཉིས”ཀྱི་སྙིང་སྟོབས་དང“མདེལ་གཉིས་དང་སྐར་གཅིག”གི་སྙིང་སྟོབས། “ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ”གྱི་སྙིང་སྟོབས་སོགས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྙིང་སྟོབས་རབ་དང་རིམ་པ་ཐུན་མོང་སྒོས་གསར་གཏོད་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྒྱུན་འཛིན་གཞི་རྒྱུ་བསྐྲུན་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པད་གོས་བཤད་རྒྱུར། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་གྱིས་མི་རིགས་མང་པོ་འདུས་སྡོད་བྱེད་པ་དང་ཆོས་ལུགས་མང་པོ་མཉམ་གནས་བྱེད་པ། རིག་གནས་མང་པོ་མཉམ་འདྲེས་བྱེད་པ་བཅས་ཀྱི་ཞིང་ཆེན་དངོས་ཡོད་གནས་ཚུལ་དང་ཁྱད་ཆོས་ལ་རྐང་ཚུགས་ཏེ། རིག་གནས་སྲུང་སྐྱོབ་ཀྱི་བཟོ་བཀོད་ལག་བསྟར་ནན་མོ་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་བཏང་བ་དང་། རིག་གནས་རྟེན་རྫས་བཤམས་མཛོད་ཁང་ཐོན་ཁུངས་ཀྱི་ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་མི་སེམས་གཅིག་སྡུད། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། མཚོ་སྔོན་རྡུལ་ཕྲན་གྲོང་རྗེས་དྲན་ཁང་དང་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་སོགས་གསར་བརྗེའི་རིག་གནས་དང་ནང་སྙིང་ཆེན་པོ་ལྡན་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཁག་ཅིག་བསྐྲུན་ནས། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་གྲུབ་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་མི་སེམས་སུ་ཟུག་པར་སྐུལ་འདེད་གཏོང་དགོས་ཟེར།
ཇི་ལྟར་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བསྐྲུན་པའི་ཁྲོད་ཀྱི་རིག་གནས་དང་རྟེན་རྫས་བཤམས་མཛོད་ཁང་གི་ཐོན་ཁུངས་ཀྱི་ནུས་པ་སྔར་ལས་ལྷག་པའི་སྒོ་ནས་འདོན་སྤེལ་བྱེད་ཐུབ་པའི་ཐད་པད་གོས་བཤད་རྒྱུར། མི་རིགས་ས་ཁུལ་གྱི་རིག་དངོས་སྲུང་སྐྱོབ་དང་ཞིབ་འཇུག འགྲེལ་བཤད་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལོ་རྒྱུས་དང་འདུ་ཤེས་ཀྱི་གཏིང་ཟབ་སར་གནས་པའི་མངའ་ཁོངས་དང་ལོ་རྒྱུས་མཉམ་འདྲེས། དཔལ་འབྱོར་མཉམ་འདྲེས། རིག་གནས་མཉམ་སྐྲུན། དེ་བཞིན་བསམ་པ་མཉམ་སྦྲེལ་བཅས་ཀྱི་ཐུན་མོང་ཚོགས་པའི་རྒྱུ་རྐྱེན་གཙོ་བོ་སྔོག་འདོན་དང་མངོན་གང་ཐུབ་བྱས་ནས། “མཉམ་གནས་བཞི”དང“ཐུན་མོང་ལྔའི”གནས་ཚུལ་རྒྱས་བཤད་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་ཏེ། ཤར་ནུབ་རྒྱུད་མཉམ་ལས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མི་རིགས་ས་ཁུལ་གྱིས་ཕྱོགས་བསྡུས་རྣམ་པའི་རིག་གནས་དང་རྟེན་རྫས་བཤམས་མཛོད་ཁང་གི་གཡུལ་ས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཏེ། རིག་སྟོབས་ཅན་གྱི་ནུས་པ་སྤྲོད་རྒྱུར་བརྟེན་ནས། རིག་གནས་དང་རྟེན་རྫས་བཤམས་མཛོད་ཁང་དེ་མི་རིགས་སོ་སོའི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བསྐྲུན་པའི་ལག་ལེན་གསོན་ཉམས་ཅན་ཞིག་ཏུ་བསྒྱུར་དགོས། དུས་མཚུངས་སུ། མི་རིགས་ས་ཁུལ་གྱིས་རྟེན་རྫས་བཤམས་མཛོད་ཁང་རིན་མེད་སྒོ་འབྱེད་དང་འགྲེམས་སྟོན་གྱི་ཚད་མཐོ་རུ་གཏོང་བ། རིག་དངོས་ཉམས་གསོ་སོགས་ཐད་ཀྱི་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། རིག་གནས་རྟེན་རྫས་བཤམས་མཛོད་ཁང་དེ་ཆིག་རྐྱང་རྣམ་པའི་འགྲེམས་སྟོན་ནས་སྣ་འདུས་རྣམ་པ་དང་སློབ་གསོ། ཞིབ་འཇུག ཁྱབ་སྤེལ་བཅས་གཞི་གཅིག་ཅན་གྱི་གཡུལ་ས་གསར་པར་མཆོང་སྐྱོད་བྱ་རྒྱུར་སྐུལ་འདེད་ཆེན་པོ་བཏང་ནས། རིག་གནས་རྟེན་རྫས་བཤམས་མཛོད་ཁང་དེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་གཅིག་སྡུད་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།