
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི“འཐུས་མིའི་རྒྱུ་ལམ”ཐེངས་གཉིས་པ་ཚེས9ཉིན་ཡང་བསྐྱར་ཕྱེས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི6“འཐུས་མིའི་རྒྱུ་ལམ”དུ་ཞུགས་ནས་གསར་འགོད་པའི་དྲི་བར་ལན་བཏབ།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཧོང་ཧྭ་ཁྲུན་གྱིས་ནམ་རྒྱུན་དུ་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་གི་གནད་དོན་ལ་དོ་ཁུར་བྱེད་བཞིན་ཡོད། ཁོ་མོས་གཞོན་ནུ་ལོ་ཆུང་ལ་མ་ལག་ཆ་ཚང་བའི་སེམས་ཁམས་རྒྱབ་སྐྱོར་གྱི་མ་ལག་ཞིག་འཛུགས་པའི་གྲོས་གཞི་བཏོན། ན་ནིང་རྒྱལ་ཁབ་ཀྱིས་བཏོན་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སེམས་ཁམས་བདེ་ཐང་བྱ་བར་ཤུགས་སྣོན་པའི་བྱེད་ཐབས་དོན་ཚན་བཅུ་ཡིས་ཁོ་མོས་བཏོན་པའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། གཞན་བསྟེན་སྨན་བཅོས། ཐེ་གཏོགས་རྐྱེན་སྲོལ་སོགས་ཀྱི་གྲོས་གཞི་བསྡུ་ལེན་བྱས་པས་མོ་ལ་ངར་ཤུགས་ཆེན་པོ་བསླངས།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཧོང་ཧྭ་ཁྲུན་གྱིས་བཤད་རྒྱུར། སེམས་ཁམས་ཀྱི་གནད་དོན་སེལ་བར་བརྩེ་སེམས་ནི་རྨང་གཞི་དང་ཆེད་ལས་ནི་ལྡེ་མིག་ལྟ་བུ་ཡིན། དམངས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས་ངས་མུ་མཐུད་དུ་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་གི་རྒྱབ་སྐྱོར་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་དོ་ཁུར་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་དྲོད་ཁོལ་གྱིས་བྱིས་པ་རྣམས་ལ་འོད་སྣང་བསྩལ་ནས་ཁོ་ཚོའི་མདུན་སྐྱོད་ཀྱི་ལམ་གསར་བར་བྱེད་རྒྱུ་ཡིན་ལ། ཁོ་ཚོ་བསམ་པའི་དཔལ་ཡོན་གྱིས་ཕྱུག་པའི་མི་ཞིག་བྱེད་པར་རམ་འདེགས་བྱེད་རྒྱུ་ཡིན།
ཧོ་པེ་ནས་ཡོང་བའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀུའུ་ཞུའེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། པེ་ཅིན་དང་ཐེན་ཅིན། ཧོ་པེ་བཅས་སུ་སྤྱི་ཚོགས་འགན་སྲུང་བྱང་བུ་གཅིག་ཡོད་ཚེ། ས་ཁུལ་གསུམ་གྱི་སྨན་བཅོས་ལས་ཁུངས་ཁྲི་དྲུག་དང་སྟོབ་བཞི་ལས་ལས་སྒོ་སྒྲུབ་ཆོག་པ་རེད།
དུས་མཚུངས་སུ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀུའུ་ཞུའེ་ཡིས་བཤད་རྒྱུར། ད་ལྟ། ས་ཁུལ་གསུམ་གྱིས་མཉམ་དུ་པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་ཀྱི་སྤྱི་ཚོགས་འགན་བཅོལ་གྱི“བྱང་བུ་གཅིག་ཀུན་འཐུས”ཀྱི་ཉེར་སྤྱོད་རྣམ་པའི་དཀར་ཆག་སྒྲིག་བཟོ་བྱས་ནས་འགྲིམ་འགྲུལ་ལམ་ཐིག་སྐོར་ཞིག་ཏུ“བྱང་བུ་གཅིག་ཀུན་འཐུས”དང་། ཡུལ་སྐོར་ལྗོངས་ཁུལ་སྐོར་ཞིག་ཏུ“བྱང་བུ་གཅིག་ཀུན་ཁྱབ”དཔེ་མཛོད་ཁང་སྐོར་ཞིག་ཏུ“བྱང་བུ་གཅིག་གིས་ཀུན་ཀློག”སོགས་མངོན་འགྱུར་བྱས་ལ། འགྱུར་ལྡོག་ཆུང་ཆུང་འདི་དག་གིས་མང་ཚོགས་ལ་སྟབས་བདེ་གང་ལེགས་བསྐྲུན། ངའི་བསམ་པར་འདི་ནི་པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་མཉམ་དུ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཆེན་པོ་ལས་མངོན་པའི་དམངས་འཚོའི་དྲོད་ཚད་དེ་རེད།
ཐའེ་ཝན་བསྐྱར་གསོ་བྱུང་བའི་ལོ་རྒྱུས་ལ་ཕྱི་མིག་བལྟ་དུས། ཐའེ་ཝན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀྲོའུ་ཆི་ཡིས་བསྟན་དོན། ལོ་རྒྱུས་ལས་ཐའེ་ཝན་སླར་གསོ་ནི་མི་རིགས་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ཡིན་ཞིང་། ཐའེ་ཝན་གྱི་སྤུན་ཟླ་རྣམས་འདུ་བའི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་འབད་འབུངས་ལྷོད་མེད་བྱས་པ་ལས་ཐོབ་པ་གསལ་པོར་བསྟན་ཡོད། ལོ་རྒྱུས་འདི་འཁྱོག་བཤད་བྱེད་པ་དང་འགྲམ་གཉིས་བར་གྱི་འབྲེལ་བ་ཁ་ཐོར་དུ་གཏོང་རྩིས་ཡོད་པའི“ཐའེ་ཝན་རང་བཙན”གྱི་ལོ་རྒྱུས་ལྟ་བ་གང་ཞིག་ཡིན་རུང་ཚང་མ་ལོ་རྒྱུས་ལ་རྒྱབ་འགལ་བྱས་པ་ཡིན་ཞིང་། སྔོན་གཤེགས་དཔའ་བོར་དམའ་འབེབས་བྱས་པ་ཡིན།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀྲོའུ་ཆིས་ཀྱིས་བཤད་རྒྱུར། འབྱུང་འགྱུར་ལ་ཕྱོགས་ནས་ང་ཚོས་མུ་མཐུད་དུ་འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་ཀྱིས་མཉམ་དུ་འཇར་འགོག་བྱས་པ་ལས་གྲུབ་པའི་རླབས་ཆེན་གྱི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་མུ་མཐུད་དུ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ཡིན། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་ལ། འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་ཀྱིས་མཉམ་དུ་འབད་བརྩོན་དང་། མི་རིགས་ཀྱི་ལ་རྒྱ་མཉམ་དུ་འཁུར་བ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བཅས་བྱས་ཚེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་གཏོད་ཐུབ་ངེས།
དེ་རིང་གི“འཐུས་མིའི་རྒྱུ་ལམ”དུ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཉི་ཏི་དང་ལིའུ་ཅང་། ལི་ཁྲང་ཏུང་བཅས་ཀྱིས་རེ་རེ་བཞིན་ཀྲུང་གོའི་མཁའ་འགྲུལ་སྐྱེལ་འདྲེན་དང་རྒྱལ་དབང་ཁེ་ལས་ཕྱོགས་སྒྱུར་རིམ་སྤོར། སྒུལ་ཤུགས་གློག་གཡིས་ཕྱིར་བསྡུ་སོགས་ཀྱི་གནད་དོན་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།