རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་གྲོས་གཞི226འབྱོར།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 7

གསར་འགོད་པས་ཚེས10ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ3ཚེས8ཉིན་གྱི་ཆུ་ཚོད12བར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ལ་བསྡོམས་པས་གྲོས་གཞི226འབྱོར་བ་དང་། དེའི་ནང་འཐུས་ཚབ་ཚོགས་པས་བཏོན་པའི་གྲོས་གཞི28དང་འཐུས་མིས་མིང་བྱང་མཉམ་འགོད་ཀྱིས་བཏོན་པའི་གྲོས་གཞི198ཡོད། གྲོས་གཞི་འདི་དག་ལས་མང་ཆེ་བ་ནི་བཅའ་ཁྲིམས་གྲོས་གཞི་རེད།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ཡི་གྲོས་གཞི་ཚན་ཆུང་གི་ཚན་གཙོ་ཀུའོ་ཀྲེན་ཧྭ་ཡིས་བཤད་རྒྱུར། ད་ལོའི་འཐུས་མིའི་གྲོས་གཞིར་ཕྱོགས་གསུམ་གྱི་ཁྱད་ཆོས་མངོན་གསལ་ཡོད་དེ། གཅིག་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལག་བསྟར་བྱེད་པར་འགན་སྲུང་བྱེད་པའི་ཁྲིམས་འཛུགས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་།  གཉིས་ནི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་འགོད་དང་ཁྲིམས་འཛུགས་ལས་འགན་གལ་ཆེན་ལ་དམ་པོར་དམིགས་པ། གསུམ་ནི་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཐད་ཀྱི་ཁྲིམས་འཛུགས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་བཅས་རེད།

དེ་ལས་གཞན། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་འཐུས་མིའི་གྲོས་གཞི7000ལྷག་འབྱོར་ཡོད།