
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས་ཚོགས་ཆེན་གྱི་གྲོས་རིམ་སོ་སོ་གཞིར་བཟུང་སྟེ་འགན་འཁྲི་ནན་སྒྲུབ་བྱས། ཚང་མས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། སྔར་ལས་ལྷག་པའི་སྤྲོ་སེམས་དང་དངོས་དོན་གཉེར་བའི་སྤྱོད་ཚུལ་གྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྒྱལ་ཁབ་ཀྱི་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་ལག་ལེན་རླབས་ཆེན་ཁྲོད་དུ་ཞུགས་དགོས།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལི་ཉི་ན་ཡིས་བཤད་རྒྱུར། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཀྱི་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཟབ་མོའི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་དང་འབད་འཐབ་ལྷོད་མེད་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པར་རྫོགས་ཚིག་བཀོད། རླབས་ཆེན་ལག་ལེན་གྱི་སྟེང་ནས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ར་སྤྲོད་གང་ལེགས་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་མངོན་ཡོད།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཝང་རུང་ཞུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་ཀྱི་འབྲུ་འདེབས་ཁ་གསབ་དང་ཞིང་འཕྲུལ་ཁ་གསབ་རྣམ་གྲངས་རེ་རེ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ང་ཚོས་ས་ཞིང་དང་སོན་བཟང་། ཐབས་བཟང་། གོ་སྐབས་བཟང་པོ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། ང་ཚོ་ཀྲུང་གོ་བའི་ཟས་ཕོར་སྔར་ལས་བརྟན་པོར་འཛིན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིད་སྟོན་དང་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རྒྱ་ཆེའི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ཚེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་ངེས་ཡིན།
འཐུས་མི་ཚོས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅུ་བཞི་པར”རྫོགས་ཚིག་བཀོད་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་འགོ་རྩོམ་པའི་གནད་འགག་གི་སྐབས་སུ། དམིགས་འབེན་ལས་འགན་གཏན་འཁེལ་ལེགས་པོ་བྱེད་པ་དང་། ཡིད་ཆེས་བརྟན་པོ་དང་བབ་བསྟུན་འཕྲལ་སྒྲུབ་བྱས་ནས། འགོ་ཡག་པོར་རྩོམ་པ་མངོན་འགྱུར་དང་། ཀྲུང་གོའི་ངོ་མཚར་གྱི་ལེའུ་གསར་པ་མུ་མཐུད་དུ་རྩོམ་དགོས།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལེ་ཅུན་གྱིས་བཤད་རྒྱུར། ང་ཚོར་ལོ་ལྔའི་རིང་ཚན་རྩལ་གསར་གཏོད་ཀྱི་སྲིད་ཇུས་ཕན་འབྲས་རྒྱུན་མཐུད་ངང་མཁོ་འདོན་བྱས་པ་དང་། ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་གི་མཐུན་སྦྱོར་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པའི་མྱོང་ཚོར་ཟབ་མོ་བྱིན་པར་མ་ཟད། དམངས་གཉེར་ཁེ་ལས་སྔར་ལས་མང་པོ་ཞིག་འགྲན་ལམ་གསར་བར་མགྱོགས་མྱུར་ངང་འཚར་ལོངས་བྱུང་བ་ར་སྤྲོད་བྱས། ང་ཚོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་གོ་སྐབས་དམ་པོར་བཟུང་སྟེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལིའུ་ཝུན་པིན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ཧྲིལ་པོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྱབ་ཡོད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་གསར་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་བཏོན་ཡོད། རྒྱལ་ཁབ་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མ་ལག་རང་བཞིན་གྱི་སྲུང་སྐྱོབ་སྲིད་ཇུས་ཀྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། རྒྱུན་འཛིན་དང་གསར་གཏོད་ལ་ཤུགས་སྣོན་པའི་ཕྱོགས་གཉིས་ནུས་འདོན་བྱེད་པ་དང་། ལག་རྩལ་གཅིག་རྒྱུན་གཅིག་འཛིན་ཡོང་བ་མངོན་འགྱུར་བྱས་ནས། ཁྱད་ལྡན་རྫ་དཀར་རིག་གནས་ཀྱི་མིང་བྱང་གཏོད་དགོས།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཝང་ཞའོ་ཧུང་གིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་འགོ་ཚུགས་ས་གསར་པར་ལངས་ནས། ང་ཚོས“གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་། ཞའོ་ཞིང་ཨན་ལིན་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་གནས་བབ་ལ་བརྟེན་ནས། ནགས་ཁྲོད་དཔལ་འབྱོར་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ཁྲིད་ཕྱོགས་ཡིན་པའི་སྤུས་ཚད་མཐོ་བའི་ཚུལ་སྒྱུར་འཕེལ་རྒྱས་ཀྱི་ལམ་བུར་བརྟན་པོར་བསྐྱོད་དགོས།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱེད་སྐབས། འཐུས་མི་རྣམས་ཀྱིས་སྙན་ཞུ་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་ནུས་ལྡན་ངང་གཅིག་གྱུར་བཅས་བྱས་ནས། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་ཏུ་བསྟར་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ལག་ལེན་དངོས་གང་ལེགས་སྒོས་མཚོན་ཡོད།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཞུའེ་ལེ་ཕིང་གིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་བཏང་ལ། “ཡིད་རྟོན་བཞི”ཇེ་བརྟན་དང་། “སྲུང་སྐྱོང་གཉིས”ལེགས་པོར་བསྒྲུབ་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམ་པོར་སྙེག་ཅིང་། ཚན་རྩལ་གསར་གཏོད་དང་། དམངས་གཉེར་དཔལ་འབྱོར། དངུལ་རྩ་བརྟན་བརླིང་། དམངས་འཚོ་འགན་སྲུང་། རྒྱལ་ཁབ་བདེ་འཇགས་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ཤིང་། ཁྲིམས་བཟང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྲུང་སྐྱོང་ལེགས་པོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཁྲིམས་སྐྱོང་གི་འདེགས་སྐྱོར་སྔར་ལས་བརྟན་པོ་མཁོ་འདོན་བྱས་ཡོད།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཐན་ཧྲོང་ཅན་གྱིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཡིས། ང་ཚོའི་གཞི་རིམ་མང་ཚོགས་ལ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་སྐྱེ་སྟོབས་དང་གསོན་ཤུགས་དངོས་སུ་ཚོར་དུ་བཅུག་ལ། ཁྲིམས་སྐྱོང་གིས་དྲང་བདེན་དང་དྲང་གཞག་གི་འགན་སྲུང་བརྟན་པོ་བྱེད་པ་ཤེས་སུ་བཅུག འདས་པའི་ལོ་གཅིག་གི་རིང་། དམངས་འཚོའི་ཕན་བདེ་དང་འབྲེལ་བ་ཡོད་པ་དང་། ངལ་རྩོལ་པའི་ཁེ་དབང་འགན་སྲུང་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གང་མགྱོགས་སྒོས་འཐུས་ཚང་དུ་བཏང་བ་དང་། ལྟ་སྐུལ་བྱེད་ཤུགས་སྔར་ལས་ཇེ་ཆེ་རུ་བཏང་སྟེ། ཕྱོགས་ཡོངས་ནས་དུས་རབས་གསར་པའི་དམངས་ཆེན་བྱ་བའི་འགན་འཁྲི་དང་བྱས་རྗེས་མངོན་པར་བྱས།
ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱེད་སྐབས། འཐུས་མི་ཚོས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལས་འདས་པའི་ལོ་གཅིག་རིང་གི་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་བཀོད་ཡོད་པ་དང་། ཁྲིམས་སྐྱོང་གི་བཀྲག་མདངས་འཚེར་སར་ཁྲིམས་འཛིན་བྱེད་ཤུགས་དང་དྲོད་ཁོལ་མངོན་ཡོད་པར་འདོད།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་སུན་ཏུང་ཝེ་ཡིས་བཤད་རྒྱུར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུ་ལས། ཕྱོགས་ཡོངས་དང་ཟུར་མང་པོ་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་གྱི་གཡུར་དུ་ཟ་བའི་གྲུབ་འབྲས་སྤྱི་བསྡོམས་དང་མངོན་པར་བྱས་ཏེ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཁྲིམས་འཛིན་གྱི་བྱ་བའི་འདུ་ཤེས་གང་ལེགས་སྒོས་མངོན་ཡོད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་སྣེ་ཁྲིད་འོག ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ཁྲིམས་འཛིན་སྲིད་ཇུས་ཀྱི་མཁོ་སྤྲོད་ཇེ་དྲག་ཏུ་བཏང་སྟེ། དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་འཛིན་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས།