《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པའི་ཀྲུང་སིའི་ཀློག་པ་པོའི་ཚོགས་འདུ་སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་ཕོ་རུ་འཚོགས།
ཁུངས། ཀློག་གྲངས།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པའི་ཀྲུང་སི་ཀློག་པ་པོའི་ཚོགས་འདུ་ཚེས3ཉིན་སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་ཕོ་རུ་འཚོགས།      

ཚོགས་ཞུགས་སྐུ་མགྲོན་གྱིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་འབྲས་གསར་བ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་པའི་དབང་གྲགས་ལྡན་པའི་གསུང་རྩོམ་ཞིག་ཡིན་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ལམ་བུ་དང་ཀྲུང་གོའི་བཅོས་སྐྱོང་། ཀྲུང་གོའི་གཞུང་ལུགས་བཅས་ལ་རྒྱུས་ལོན་དང་ངོས་ཟིན་སྔར་བས་ཇེ་ཟབ་ཏུ་གཏོང་རྒྱུར་ཕན་ཐོགས་ཡོད་པར་འདོད། ཚོགས་ཞུགས་སྐུ་མགྲོན་གྱིས་བསྟན་དོན། ཀྲུང་གོ་དང་སི་རི་ལན་ཁ་ནི་དེང་རབས་ཅན་གྱི་ལམ་གྲོགས་ཡིན་པས།  ཐེངས་འདིའི་ཀློག་པ་པོའི་ཚོགས་འདུ་འཚོགས་པ་འདིས་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རྒྱུས་ལོན་ཇེ་ཟབ་དང་། ལྟ་ཚུལ་གཅིག་མཐུན་གཅིག་སྡུད། མཉམ་ལས་ཟབ་སྤེལ་གཏོང་བ། ལག་གདང་སྦྲེལ་ནས་ཀྲུང་སིའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་དོན་སྙིང་གལ་ཆེན་ལྡན།