འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་དགུ་འབུམ་དྲུག་ཁྲི་བདུན་སྟོང་གཅིག་སུམ་བརྒྱ་སུམ་ཅུར་སླེབས་ཡོད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉི་ཤུ་ཉིན་བསྒྲགས་པའི་གཞི་གྲངས་གསར་པ་ལྟར་ན།  འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་དགུ་འབུམ་དྲུག་ཁྲི་བདུན་སྟོང་གཅིག་སུམ་བརྒྱ་སུམ་ཅུར་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་ཞེ་གཉིས་བར།  འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གསུམ་དང་ཁྲི་དགུ་ཉེར་གཉིས་ཇེ་མང་དུ་སོང་སྟེ་བསྡོམས་པས་ནད་པ་དུང་ཕྱུར་གཅིག་དང་བྱེ་བ་དགུ་འབུམ་དྲུག་ཁྲི་བདུན་སྟོང་གཅིག་སུམ་བརྒྱ་སུམ་ཅུར་སླེབས་ཡོད།  རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དྲུག་དང་བཞི་བརྒྱ་ཉེར་བཞི་ཇེ་མང་དུ་སོང་ནས་བསྡོམས་པས་ས་ཡ་བཞི་ཁྲི་དགུ་སྟོང་བརྒྱད་བདུན་བརྒྱ་ང་བརྒྱད་ལ་སླེབས་ཡོད།

                                                                                                      ལྷ་མོ་ཚེ་རིང་གིས་བསྒྱུར།